གསལ་བསྒྲགས།

གསལ་བསྒྲགས།
 
    ༄༅།། བོད་གཞུང་སྨན་རྩིས་ཁང་མཐོ་སློབ་སྡེ་ཚན་དུ་སྨན་དགེ་གསུམ་དང༌། སྐར་རྩིས་དགེ་རྒན་གཉིས་གསར་བསྡུ་ཞུ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ལྡན་རིགས་རྣམས་སྤྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༣༡ ནས་མ་འགྱང་པར་བོད་གཞུང་སྨན་རྩིས་ཁང་གི་ངེས་སྟོན་པའི་མཚན་ཐོག་སྙན་ཞུ་འབུལ་དགོས།
 
                        ཀ༽སྨན་དགེའི་ཤེས་ཚད།
 
༡། ལོ་གསུམ་གསོ་བ་རིག་པའི་སློབ་ཁྲིད་ཀྱི་ཉམས་མྱོང་ངམ། ཚན་རིག་དང་ནང་ཆོས་ཀྱི་རྨང་གཞི་ཡོད་པ།
༢། སྨན་རམས་པའི་ཤེས་ཚད་ལག་ཁྱེར་ལྡན་པ།
 
ཁ༽སྐར་རྩིས་དགེ་རྒན་གྱི་ཤེས་ཚད།
 
༡། ལོ་གསུམ་སྐར་རྩིས་རིག་པའི་སློབ་ཁྲིད་ཀྱི་ཉམས་མྱོང་ངམ། ཚན་རིག་དང་ནང་ཆོས་ཀྱི་རྨང་གཞི་ཡོད་པ།
༢། རྩིས་རམས་པའི་ཤེས་ཚད་ལག་ཁྱེར་ལྡན་པ།
 
ག༽སྨན་དགེ་དང་རྩིས་དགེའི་ཐུན་མོང་གི་གཞི་རྩའི་ཆ་རྐྱེན།
 
༡། དབྱིན་ཡིག་ཐོག་སློབ་ཁྲིད་ཐུབ་པ།བོད་དུ་གསོ་རྩིས་སློབ་ཐོན་པར་དམིགས་བསལ་ཡོད།
༢། རང་རིགས་ལོ་ན་ ༣༥ ནས་ ༥༠ བར་ཡིན་པ།
༣། དགེ་རྒན་བྱེད་འདུན་དང་རྒྱུན་དུ་ཤེས་ཡོན་ལ་དོ་སྣང་ཙམ་མ་ཟད། བསླབ་གཞི་གང་ཞིག་གི་ཐོག་ཞིབ་འཇུག་གི་སྤྲོ་སྣང་ལྡན་པ།
༤། བཙན་བྱོལ་བོད་མིའི་དང་བླང་དཔྱ་ཁྲལ་དུས་ཐོག་ཕུལ་བའི་ལག་དེབ་ཡོད་པ།
༥། གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ཡོད་པ།
༦། བོད་སྨན་དང་ཕྱི་ལུགས་སྨན་པ་ཚད་ལྡན་གྱིས་བརྟག་དཔྱད་ངོས་སྦྱོར་ངོ་མ་མཉམ་སྦྱར་དགོས།
༧། ཁྲིམས་ཁང་སོགས་ནས་ནག་ཉེས་ཕོག་པ་མ་ཡིན་པ།
༨། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
༩། ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་ངོས་འཛིན་བྱས་པ་མ་ཡིན་པ།
༡༠། བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས་དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།
༡༡། འབྲེལ་ལམ་བྱེད་ཡུལ་རང་ཉིད་ཀྱི་གློག་འཕྲིན་E-mailདང། ཁ་དཔར་ Telephone, Mobile numberསོགས་ཀྱི་ཨང་གྲངས་ཁ་གསལ་འགོད་དགོས།
 
                        ང༽སྒྲིག་གསལ་ཕོགས་ཐོབ་དང་མཐུན་རྐྱེན་ཁག
 
    གོང་གསལ་ཆ་རྐྱེན་ལྡན་རིགས་རྣམས་སྐབས་འོས་འཚམས་ཤིག་ཏུ་རྒྱུགས་ཀྱི་ལམ་ནས་འོས་འདེམས་ཞུ་རྒྱུ་དང༌། འདེམས་ཐོན་བྱུང་ཚེ་ཕོགས་རིམ་བཞི་པའི་ཐོག་ཟླ་བ་རེར་ཧིན་སྒོར། ༡༣༧༦༣།༨༩ དང༌། ལས་ཤག་མ་ཐོན་བར་ཁྱིམ་ཐབ་ཟིན་པ་རྣམས་ལ་ཁང་གླ་ཧིན་སྒོར། ༢༠༠༠།༠༠ དང་ཁྱིམ་ཐབ་མ་བཟུང་བ་རྣམས་ལ་ཧིན་སྒོར། ༡༨༠༠། རྩ་འཛིན་ལྟར་ཐོབ་རྒྱུ། ཚོད་ལྟའི་དུས་ཡུན་ཟླ་བ་དྲུག་ཡིན།
 
                        ཅ༽འདེམས་རྒྱུགས་བྱེད་ཕྱོགས་དང་ཟླ་ཚེས།
 
གོང་གསལ་འཚང་སྙན་དུས་བཀག་རྗེས་བདུན་གཅིག་ནང་ཚུན་རྒྱུགས་བཞེས་ཀྱི་བརྡ་ཐོ་གཏང་རྒྱུ་བཅས། བོད་གཞུང་དབུས་སྨན་རྩིས་ཁང་ནས།། སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༣ ལ།། །།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply