རྒྱལ་ཚོགས་ཀྱི་འབོད་སྐུལ།


ཟླ་འདིའི་ཕྱི་ཚེས་
༨ ཉིན་ཡུ་རོབ་སུད་སི་འཇི་ནི་ཝར་གྲོང་ཁྱེར་དུ་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་གྱི་ཚོགས་ཆེན་སྟེང་། རྒྱལ་ཚོགས་ཀྱི་བཙན་ཁྲིད་བོར་བརླག་རྟོག་ཞིབ་ཚོགས་ཆུང་གིས། རྒྱ་གཞུང་གིས་བོད་དང་རྒྱ་ནག་གི་འབངས་མི་ཚོ་བཙན་ཁྲིད་བྱས་པའི་སྟབས་ཀྱིས་མི་མང་པོ་ཞིག་བོར་བརླག་ཏུ་འགྲོ་བཞིན་ཡོད་པའི་ཐོག་ཛ་དྲག་གི་འབོད་སྐུལ་ཞིག་ཞུས་ཡོད་འདུག

འབོད་སྐུལ་ཞུ་ཡིག་དེའི་ནང་བཀོད་དོན། རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་༼བཙན་ཁྲིད་བོར་བརླག་རྟོག་ཞིབ་ཚོགས་ཆུང་༽ (Forced disappearance) ལ། ཉེ་ཆར་གྱི་བཙན་དབང་བྱེད་ལས་དེའི་འོག་གར་སོང་ཆ་མེད་དུ་གྱུར་བའི། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པའི་གནས་སྟངས་སྐོར་ཁ་གསལ་བཟོ་དགོས་པ་མ་ཟད། དོན་རྐྱེན་དེའི་ཐད་རྒྱ་ནག་གི་འབྲེལ་ཡོད་མགོ་ཁྲིད་ཚོས་ཞིབ་འཇུག་ནན་པོ་བྱས་ཏེ། ནག་ཉེས་བཙུགས་ཡོད་པའི་ཉེས་ཅན་པ་ཚོར་ནག་ཉེས་ཆེ་ཆུང་ལ་བལྟས་ཏེ། འོས་འཚམས་ཀྱི་ཁྲིམས་ཐག་གཅོད་བྱ་དགོས་པ་དང་། བཙན་ཁྲིད་བྱས་པའི་བཙོན་པ་སུ་འདྲ་ཞིག་ཡིན་ཡང་། རང་རང་གི་ནང་མི་སྤུན་ཟླ་མཆེད་ཚོར་ས་གནས་གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་དང་། ཁོང་ཚོའི་ད་ལྟའི་གནས་སྟངས་གང་ཡིན་གསལ་པོ་བཟོ་དགོས་ལ། ལྷག་པར་དུ་རྒྱ་ནག་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་ཐོབ་ཐང་ཡོངས་ཐབ་གསལ་བསྒྲགས་ལ་ངེས་པར་དུ་བརྩི་བཀུར་ཞུ་དགོས། ཞེས་འཁོད་ཡོད་འདུག

དཔལ་ལྡན་གྱིས་བསྡུ་སྒྲིག་བྱས།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply