སྟག་ཤམ་སྤྲུལ་སྐུ་ཡོངས་འདུས་ཆོས་ཀྱི་ཉི་མའི་ཡང་སྲིད་སྐོར་གྱི་གསལ་བསྒྲགས།

སྟག་ཤམ་སྤྲུལ་སྐུ་ཡོངས་འདུས་ཆོས་ཀྱི་ཉི་མའི་ཡང་སྲིད་སྐོར་གྱི་གསལ་བསྒྲགས།

༄༅། །རིག་འཛིན་སྟག་ཤམ་རྡོ་རྗེའི་སྤྲུལ་སྐུ་ཡོངས་འདུས་ཆོས་ཀྱི་ཉི་མ་མཆོག་ལོ་མང་སྔོན་ནས་དགོངས་པ་རྫོགས་པར་བརྟེན། ཁོང་གི་སྐྱོང་ཡུལ་དགོན་སྡེ་ཁག་གི་གཙོས་འབྲེལ་ཡོད་སློབ་འབངས་རྣམས་ཀྱི་དད་འདུན་རེ་བ་ལྟར་ཉག་རོང་འོད་ཕུང་དགོན་པ་ནས་ཁོང་གི་ཡང་སྲིད་སྐོར་དེ། ༸གངས་ལྗོངས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཀྱི་དྲུང་དུ་བརྟག་ཞུ་ཕུལ་བ་ལྟར། ཐམས་ཅད་མཁྱེན་པ་མཆོག་ནས་ཐུགས་བརྟག་ཟབ་མོ་གནང་སྟེ། ཉག་འཕེལ་ཚ་སྡེ་བའི་ཕ་ཚེ་རིང་དབང་ཕྱུག་དང། མ་དབྱངས་ཅན་སྒྲོལ་མ་གཉིས་ཀྱི་བུ་ཨོ་རྒྱན་ཉི་མ་ལ་མོ་ཕྱྭ་ཤིན་ཏུ་བཟང་ངོ་བབ་འདུག་ཅིང། དེ་ལྟར་ངོས་འཛིན་གནང་བའི་འཁྲུལ་བྲལ་བཀའ་ཡིག་རིན་པོ་ཆེ་དེ། བོད་རྒྱལ་ལོ་ ༢༡༣༦ རབ་གནས་ས་གླང་ཟླ་ ༡༢ ཚེས་ ༡༡ དང། ཕྱིི་ལོ་ ༢༠༡༠།༤།༢༦ ཉིན་བསྩལ་གནང་མཛད་པ་བདག་ཅག་གི་བསོད་ནམས་ཀྱི་རྒྱན་དུ་སོན་པ་དང། གཞན་ཡང་གོང་ཚེས་ཉིན་དཔལ་སྤུངས་ཤེས་རབ་རྣམ་རྒྱལ་གླིང་གི་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་ནས་ཀྱང་རྒྱབ་གཉེར་ཕྱག་ཡིག་གནང་ཞིང། དེ་མཚུངས་འཕགས་བོད་བཞུགས་པའི་རིས་མེད་བླ་སྤྲུལ་སྐྱེས་ཆེན་གང་མང་ཞིག་གིས་བསླུ་མེད་རྡོ་རྗེའི་བཀའ་ལུང་བསྩལ་ཏེ་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་གནང་སོང་བས། རྒྱལ་ཕྱི་ནང་དུ་བཞུགས་པའི་འབྲེལ་ཡོད་སློབ་འབངས་སྤྱི་དང། བྱེ་བྲག་སྟག་ཤམ་ཆོས་བརྒྱུད་འཛིན་པ་ཡོངས་ནས་དེ་དོན་དགོངས་དབྱིངས་སུ་མངའ་བ་འཚལ་ཞེས་ཞུ་བ་དང་ཆབ་ཅིག།འདིའི་སྐོར་ཤེས་འདོད་དང་འབྲེལ་བ་བྱེད་འདོད་ཡོད་པ་དག་གི་གཤམ་འཁོད་ཕྲན་གྱི་མྱུར་འཕྲིན་ཁ་བྱང་དང། ལག་འཕྲིན་ཨང་གྲངས་ཐོག་འབྲེལ་བ་གནང་སྟེ། མ་འོངས་སྤྲུལ་སྐུའི་བསླབ་པ་སློབ་གཉེར་དང། སྐུ་ཚེ་མཛད་པ་ལམ་ལྷོངས་ཡག་པོ་ཡོང་ཆེད་ལམ་སྟོན་བཀའ་སློབ་ཀྱིས་མཚོན་འཕྲལ་ཡུལ་ལ་ཕན་པའི་བྱ་བར་རམ་འདེགས་མི་དམན་པ་གནང་སྐྱོང་ཡོང་བའི་གསོལ་འདེབས་བཅས། ༢༠༡༡།༤།༣༠ ཉིན་ཆབ་མདོ་འབུམ་ཡག་དགོན་པའི་སྤྲུལ་བསྟན་འཛིན་དྲི་མེད་ཀྱི་བོད་ནས་དེ་དོན་གསལ་བསྒྲགས་སུ་སྤེལ།

ཁ་པར་ཨང་གྲངས། 0086-13558711222

ཁ་བྱང། [email protected], [email protected]

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply