ཉེ་ལམ་ཡུ་རོབ་དམིཊ་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལཊ་སུ། བོད་རྒྱ་ཞི་མོལ་རིམ་པའི་གནས་ཚུལ་དང་ ༢༠༡༠ ལོ་ནས་ཞི་མོལ་མཚམས་ཆད་པའི་རྒྱུ་རྐྱེན་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། འདས་པའི་ལོ་ཤས་ནས་བོད་རྒྱ་ཞི་མོལ་མཚམས་ཆད་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་པ་དང་། མ་འོངས་པར་ང་ཚོའི་ཕྱོགས་ནས་ཐབས་ལམ་འཚོལ་ཕྱོགས་གཙོ་བོ་གང་དག་གཟིགས་ཀྱི་ཡོད།
ལན། བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་རྣམ་པའི་ཐུག་འཕྲད་མཚམས་ཆད་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ། རྒྱ་གཞུང་ཕྱོགས་ནས་ལངས་ཕྱོགས་མཁྲེགས་པོ་ཞེ་དྲག་བཟུང་ཡོད་པས་རེད། དཔེར་ན། སྐུ་ཚབ་ཚོགས་པས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་ལ་ཐུག་འཕྲད་གནང་བ་རེད། ཡིན་ནའང་། ༢༠༠༩ ལོར་ཀྲུའུ་ཝེ་ཆོན་གྱིས་ཡོངས་གྲགས་ཀྱི་རྩོམ་ཡིག་ཅིག་གི་ནང་ག་རེ་བཤད་ཡོད་པ་རེད་ཟེར་ན། རྒྱ་ནག་གི་གྲངས་ཉུང་མི་རིགས་ཐོག་ས་གནས་རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་སྤྲོད་པའི་ལམ་ལུགས་དེ་མེད་པ་བཟོ་དགོས་ཀྱི་འདུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཐོབ་ཐང་འདྲ་མཉམ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་སྲིད་བྱུས་ཁག་མཚམས་འཇོག་དགོས་སྐོར་བརྗོད་ཡོད་པ་རེད། ང་ཚོ་བོད་པའི་ཕྱོགས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཚང་མར་ས་གནས་རང་སྐྱོང་ལྗོངས་ཀྱི་ཐོབ་ཐང་ཡོད་ཅེས་བཀོད་ཡོད་པ་གཞིར་བཞག་སྟེ། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་བར་འབད་བརྩོན་བྱེད་བཞིན་ཡོད་སྟབས། གོང་གི་བསམ་ཚུལ་དེ་རིགས་འདོན་མཁན་ཚོས་ཞི་མོལ་གྱི་གཞི་དེ་རྩ་བ་ནས་མེད་པ་བཟོ་ཡི་ཡོད་པ་རེད། མཐའ་མར་༧གོང་ས་མཆོག་གི་སྐུ་ཚབ་གཉིས་ཀྱིས་ང་ཚོའི་ངོས་ནས་འབད་བརྩོན་བྱེད་རྒྱུ་གང་ཡོད་པ་དེ་བྱས་པ་ཡིན། ཡིན་ནའང་། རྒྱ་ནག་ཕྱོགས་ནས་མཁྲེགས་པོ་ཞེ་དྲག་བྱེད་བཞིན་ཡོད་པའི་ཐོག བོད་མིའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་མང་དུ་སོང་བ་དང་། སྤྱིར་བཏང་གི་བོད་པའི་གནས་སྟངས་སྐྱོ་རུ་ཞེ་དྲག་ཕྱིན་ཡོད་སྟབས། སྐུ་ཚབ་གཉིས་ཀྱིས་མུ་མཐུད་འགན་འཁུར་རྒྱུ་ཁག་པོ་འདུག་ཅེས་དགོངས་པ་ཞུས་ནས་བོད་རྒྱ་ཞི་མོལ་མཚམས་ཆད་པ་རེད།
མ་འོངས་པར་ཞི་མོལ་བསྐྱར་གསོ་ཡོང་བར་ང་ཚོའི་ཕྱོགས་ནས་ཐབས་ལམ་ག་རེ་ཡོད་པ་དེར་རྩད་གཅོད་དང་ཞིབ་འཇུག་བྱས་ཏེ། རྒྱ་ནག་གཞུང་ལ་བོད་རྒྱ་ཞི་མོལ་སླར་གསོ་བྱེད་དགོས་པའི་སྐུལ་མ་མུ་མཐུད་ཞུ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། དེ་བཞིན། རྒྱལ་སྤྱིའི་གཞུང་མང་པོ་ཞིག་རྒྱ་ནག་ལ་འབྲེལ་བ་གཏིང་ཟབ་ཡོད་སྟབས། གཞུང་དེ་ཚོའི་དཔོན་རིགས་བརྒྱུད་དེ་རྒྱ་ནག་གཞུང་གི་དཔོན་རིགས་དང་ཐུག་འཕྲད་བྱེད་སྐབས། བོད་དོན་ཐོག་སེམས་འཚབ་ཡོད་པ་དང་བོད་ཀྱི་དཀའ་རྙོག་ཞི་མོལ་གྱི་ལམ་ནས་སེལ་དགོས་སྟབས། གང་མགྱོགས་༧གོང་ས་མཆོག་གི་སྐུ་ཚབ་མཉམ་དུ་བཀའ་མོལ་གནང་དགོས་པའི་འབོད་སྐུལ་མུ་མཐུད་ཞུ་རྒྱུ་དེ་གནད་འགག་ཅིག་ཆཊ་ཡོད་པ་རེད། ཕྱོཊ་གཞན་ཞིག་ནས་ད་ལྟ་རྒྱ་ནག་གཞུང་ལ་དབུ་ཁྲིད་གསར་པ་བསླེབས་ཡོད་སྟབས། བོད་པའི་ཕྱོཊ་ནས་ཞི་མོལ་བསྐྱར་གསོ་ཡོང་བར་ཤུཊ་ཆེན་པོ་རྒྱག་དགོས་པ་དེ་གནད་འགག་ཅིག་ཆཊ་ཡོད་པ་རེད་བསམ་གྱི་འདུག
དྲི་བ། ཀྲུའུ་ཝེ་ཆིན་གྱིས་ད་ལོའི་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཆེན་ཐོག་དང་། ཡ་རོབ་སོགས་སུ་སྐོར་སྐྱོད་བྱེད་སྐབས་བོད་རྒྱ་ཞི་མོལ་སྒོ་རྒྱག་མཁན་ཏཱ་ལའི་ཚོགས་པ་ཡིན་སྐོར་བརྗོད་སོང་། དེ་ལ་དགོངས་ཚུལ་དང་གསལ་བཤད་ག་རེ་གནང་རྒྱུ་ཡོད།
ལན། སྤྱིར་བཏང་རྒྱ་ནག་ནང་གནས་ཚུལ་གསལ་བོ་ཞིག་ག་རེ་ཡོད་པ་རེད་ཟེར་ན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་གཙོས་པའི་གུང་ཁྲན་ཏང་གི་ཤོག་ཁག་ཅིག་བོད་ཀྱི་གནད་དོན་ཐོག་ལྟ་ཕྱོགས་ཧ་ཅང་མཁྲེགས་པོ་རེད། ལྷག་པར་དུ་བོད་རྒྱ་ཞི་མོལ་ཡོང་བར་འགོག་རྐྱེན་ཞེ་དྲག་བཟོ་བཞིན་ཡོད་པ་རེད། ཡང་ཤོག་ཁག་གཞན་ཞིག་གིས།རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཏག་ཏག་མ་བསྡད་པར་བོད་མི་ཚོར་དཀའ་ངལ་ཞེ་དྲག་འཕྲད་ཀྱི་ཡོད་པ་དང་། སྲིད་བྱུས་དེའི་ཐོག་ནས་བོད་རྒྱ་མཐུན་སྒྲིལ་ཡོང་གི་མེད་པ་ངོས་ཟིན་ཏེ། བོད་ཐོག་བཟུང་བའི་སྲིད་བྱུས་ལ་ཐབས་ལམ་གསར་པ་དང་། བསྐྱར་ཞིབ་བྱེད་དགོས་པའི་བསམ་ཚུལ་འཛིན་མཁན་ཡོད་པ་གསལ་བོ་ཞེ་དྲག་རེད། བློ་ཕམ་པ་ཞིག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཚོའི་བསམ་ཚུལ་ཕྱི་ལ་མང་པོ་ཐོན་གྱི་འདུག བསམ་ཚུལ་ཅུང་ཙམ་གུ་ཡངས་པོ་ཡོད་མཁན་ཚོའི་སྐད་ཤུགས་དེ་རྒྱལ་ཕྱི་ནང་གཉིས་ཀར་དེ་ཙམ་ཆེན་པོ་མེད་སྟབས། ཕྱི་ནས་གོ་བའང་དེ་བཞིན་གྱིས་ཉུང་བ་འདུག བོད་རྒྱ་ཞི་མོལ་དེ་བོད་པའི་ངོས་ནས་མཚམས་འཇོག་བྱས་པ་རེད་ཟེར་བ་དེ་ཚོ་གཞི་མེད་པའི་སྐད་ཆ་དང་། ཞིབ་འཇུག་ཡག་པོ་བྱེད་མཁན་ཚོས་བལྟས་པ་ཡིན་ན་ལམ་སང་མཐོང་ཐུབ་པ་ཞིག་རེད། སྲིད་སྐྱོང་མཆོག་ནས་ཐེངས་མང་པོར་ང་ཚོའི་ཕྱོགས་ནས་ག་དུས་ཡིན་ནའང་ཞི་མོལ་གནང་ཆོག་ཆོག་ཡིན། གྲ་སྒྲིག་ཨང་གསར་ཡོད་ཅེས་མ་ཎི་བགྲང་བ་ལྟར་གསུང་གི་ཡོད་པ་རེད།
དྲི་བ། སྐུ་ཉིད་ཀྱིས་བོད་ཀྱི་དཀའ་རྙོག་ཞི་མོལ་ལ་བརྟེན་ནས་སེལ་དགོས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་དོན་དང་མ་འགལ་བ་སོགས་ཁྱད་ཆོས་ ༤ ཚང་དགོས་སྐོར་གསུངས་སོང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་དོན་ཟེར་དུས་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད།
ལན། ངས་འགྲེལ་བཤད་རྒྱག་སྟངས་དེ་འདི་འདྲ་རེད། བོད་ཀྱི་དཀའ་རྙོག་གི་ངོ་བོ་གཙོ་བོ་ཆབ་སྲིད་ཀྱི་རྙོག་དྲ་ཞིག་ཆཊ་བསྡད་ཡོད་པ་རེད། ཆབ་སྲིད་ཀྱི་རྙོག་དྲ་དམག་བརྒྱབ་ནས་སེལ་ཐབས་དང་། ཁ་ཤས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཡང་ན་ཁྲིམས་ཁང་ནང་ནས་སེལ་ཐབས། ཡང་ཁ་ཤས་ཀྱིས་ཞི་མོལ་བྱས་ཏེ་སེལ་ཐབས་བྱེད་ཀྱི་ཡོད་པ་རེད། ང་ཚོ་བོད་པའི་དཀའ་རྙོག་སེལ་ཐབས་ལ་ཞི་མོལ་མ་གཏོཊ་གཞན་དག་ལག་བསྟར་བྱེད་རྒྱུ་མེད་པ་གསལ་བོ་ཞེ་དྲག་ཡིན་སྟབས། ཞི་མོལ་གྱི་ཐབས་ལམ་ལ་ཁྱད་ཆོས་ཁ་ཤས་ཤིག་ཚང་དགོས་པ་རེད། ཁྱད་ཆོས་གཅིག་བོད་ཀྱི་ཛ་དྲག་གི་གནས་ཚུལ་དང་རན་པ། བོད་མི་མང་གི་གཞི་རྩའི་དགོས་མཁོ་ཚང་མ་བསྒྲུབ་ཐུབ་པའི་ལམ་ཞིག་དགོས་པ་རེད། གཉིས་པ་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ལ་མཐུན་པ་ཞིག་དགོས་པ་རེད། ཆོས་དང་རིག་གཞུང་ལ་མཐུན་པ་ཟེར་དུས་གཙོ་བོ་༧གོང་ས་མཆོག་གིས་གསུངས་པའི་འཚེ་བ་མེད་པའི་ལམ་ལ་གོ་དགོས་པ་རེད། གསུམ་པ་ཕྱོཊ་གཉིས་ཀར་མོས་མཐུན་ཡོད་པ་ཞིག་དགོས་སྟབས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་དོན་དང་མ་འགལ་བ་ཞིག་དགོས་པ་རེད། བཞི་པ་རྒྱལ་སྤྱིའི་ཐོག་ནས་བོད་མིའི་ཐབས་ལམ་དེ་ལ་རྒྱབ་སྐྱོར་བྱེད་འོས་པ་དང་ཐུབ་པ་ཞིག་དགོས་པ་རེད། ཁྱད་ཆོས་དེ་བཞི་ཡི་ནང་ནས་རྙོག་དྲ་ཆེ་ཤོས་དེ་རྒྱ་ནག་གི་རྩ་དོན་དང་མ་འགལ་བ་ཞེས་པའི་ཐོག་ཡོང་གི་འདུག རྒྱ་གཞུང་གི་དབུ་ཁྲིད་ཚོས་བསམ་བློ་གཏོང་ས་གཙོ་བོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ཕན་མིན་པར་གུང་ཁྲན་ཏང་གི་དབང་ཆ་བརྟན་པོར་འཛིན་རྒྱུ་དེ་རེད། དེ་ལ་འགྱུར་བ་ཞིག་མ་འགྲོ་བར་དུ་ཞི་མོལ་བྱུང་བ་ཡིན་ནའང་དོན་ཕན་ལྡན་པ་ཞིག་ཡོང་རྒྱུ་ཁག་པོ་ཡོད་པ་རེད་དྲན་གྱི་འདུག ནམ་ཞིག་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་བའི་ལངས་ཕྱོཊ་ཤིག་བཟུང་བ་ཡིན་ན། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་བའི་གོ་སྐབས་དངོས་གནས་ཡོད་པ་རེད་བསམ་གྱི་འདུག
དྲི་བ། སྐུ་ཉིད་ཀྱིས་འབའ་བ་ཕུན་ཚོཊ་དབང་རྒྱལ་ལགས་དང་མཇལ་མོལ་ཐེངས་འགའ་གནང་མྱོང་སྟབས། ཁོང་གིས་དབུ་མའི་ལམ་གྱི་དགོས་འདུན་ཐོག་དགོངས་ཚུལ་ག་རེ་བཏོན་སོང་།
ལན། འབའ་བ་ཕུན་ཚོཊ་དབང་རྒྱལ་ལགས་ཀྱིས་བོད་རྒྱ་གཉིས་ཀྱི་ཞི་མོལ་དོན་འབྲས་ལྡན་པ་ཞིག་ཡོང་བར་དགོངས་འཆར་མང་པོ་གསུངས་སོང་། ཁོང་གི་བོད་མིའི་ཐོབ་ཐང་ལ་དགོངས་པ་བཞེས་སྟངས་དང་གཟིགས་སྟངས་དེ་ཞེ་དྲག་གསལ་བོ་རེད། ང་ཚོ་བོད་མིར་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་ཧན་མི་རིགས་ཁོ་ནའི་རྒྱལ་ཁབ་ཅིག་མ་རེད། མི་རིགས་མང་པོ་ཞིག་འདྲ་མཉམ་དང་མཐུན་སྒྲིལ། གཉིས་ཕན་གྱི་ཐོག་ནས་མཉམ་གནས་བྱས་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད་ཅེས་བོད་མི་རིཊ་ཀྱི་ཐོབ་ཐང་རྩོད་དགོས་པའི་དགོངས་ཚུལ་དེ་ཤུཊ་ཆེན་པོ་ཞེ་དྲག་རེད། ཡིན་ནའང་། ང་ཚོ་བོད་དུ་ཕྱིན་སྐབས་བོད་རིགས་གནད་ཡོད་མི་སྣ་དང་བླ་མ་ཁ་ཤས་ལ་མཇལ་རྒྱུ་བྱུང་། ཁོང་ཚོའི་ནང་དབུ་མའི་ལམ་སོགས་གནས་སྐབས་རིང་ཁག་པོ་རེད། གལ་ཆེ་ཤོས་དེ་༧གོང་ས་མཆོག་གང་མགྱོཊ་བོད་དུ་གདན་འདྲེན་ཞུ་ཐུབ་པའི་ལམ་ཀ་ཞིག་གི་ཐོག་འཆར་གཞི་བསྒྲིག་དེ། རྒྱ་ནག་གཞུང་དང་ཞི་མོལ་བྱས་ན་ཡག་པོ་འདུག་གསུང་མཁན་འགའ་ཤས་བྱུང་།
དྲི་བ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་ཕུན་ཚོཊ་དབང་རྒྱལ་གྱི་ཚིག་དང་དགོངས་འཆར་མང་པོ་ཚུད་ཡོད་སྐོར་གསུངས་སོང་། གནད་དོན་གང་དག་ཐོག་ཁོང་གི་དགོངས་འཆར་དང་ཚིག་བེད་སྤྱོད་བཏང་ཡོད་པ་རེད།
ལན། ཚིག་ཇི་མ་ཇི་བཞིན་དུ་འདི་དང་དེ་ཟེར་ནས་དྲན་གསོས་ཀྱི་མི་འདུག ཡིན་ནའང་། ང་ཚོ་བོད་མི་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་གི་གནས་བབ་ཅིག་དགོས་ཀྱི་འདུག་ཟེར་བའི་ཡིག་ཆ་དེའི་ནང་། སྐད་ཡིག་དང་ཆོས་ལུགས། དཔལ་འབྱོར། ཁོག་ཡུགརིག་གནས་སོགས་བོད་མིའི་གཞི་རྩའི་དགོས་མཁོ་ ༡༡ བཏོན་ཡོད་པ་རེད། དཔེར་ན། སྐད་ཡིག་ལྟ་བུ་ཡིན་ན། རྒྱ་ནག་གི་རྩ་ཁྲིམས་དང་ས་གནས་རང་སྐྱོང་ལྗོངས་ཀྱི་ཁྲིམས་ནང་ཐོབ་ཐང་ག་རེ་བཀོད་ཡོད་པ་དང་། ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་བོད་ཀྱི་སྐད་ཡིག་ཐོག་ག་རེ་བཤད་ཡོད་པ་རྣམས་གཞིར་བཞག་སྟེ། བསམ་འཆར་ཡིག་ཆ་དེ་བཏོན་ཡོད་པ་རེད། དེ་བཞིན་ཆོས་ལུགས་དང་དཔལ་འབྱོར་སོགས་ཀྱི་ཐོག་ནས་ཀྱང་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་ཡིག་ཆ་དག་ནས་བླངས་བ་མང་པོ་ཡོད་པ་རེད། ཡང་ང་ཚོའི་ཟིན་བྲིས་ཁ་ཤས་ཕུན་ཚོགས་དབང་རྒྱལ་ལགས་ལ་ཕུལ་ཏེ་དགོངས་ཚུལ་འབྱོར་བའང་ཡོད་པ་རེད།
དྲི་བ། བོད་རྒྱ་འབྲེལ་མོལ་རིམ་པའི་སྐབས་སྐུ་ཉིད་ལ་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་སོང་།
ལན། རྒྱ་ནག་ནང་ལོགས་སུ་འགྲོ་འདུག་དང་མི་ལ་ཐུག་འཕྲད་བྱེད་པར་དམིགས་བསལ་ཀྱི་དཀའ་ངལ་གང་ཡང་མི་འདུག ཡིན་ནའང་། དཀའ་ངལ་ཆེ་ཤོས་དེ་བོད་ཀྱི་ས་ཆར་སླེབ་སྐབས་སེམས་མ་སྐྱིད་པ་དང་མཚན་མོར་གཉིད་ཀྱང་མི་ཁུག་པ་དེ་འདྲ་བྱུང་སོང་། ས་གནས་ཁ་ཤས་སུ་བོད་རིགས་ལས་བྱེད་པ་འགའ་རེར་ཐུག་བྱུང་། ཡིན་ནའང་། ང་ཚོ་དང་མཉམ་དུ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་ཚོར་ལྟ་ཞོར་དུ་སྐད་ཆ་བཤད་པ་སོགས་རང་དབང་མེད་པ་གསལ་བོ་ཞེ་དྲག་མཐོང་གི་འདུག ལྷག་པར་དུ་བོད་ཀྱི་ས་ཆར་སླེབ་སྐབས་ས་གནས་བོད་མི་ཚོ་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་གཏན་ནས་སྤྲད་མ་བྱུང་ཞེས་ལབ་ཆོག་པ་རེད། པེ་ཅིན་ནས་ང་ཚོ་མཉམ་དུ་ཡོང་བའི་བོད་རིགས་ལས་བྱེད་ཁ་ཤས་ཡོད། ནམ་རྒྱུན་ཁོང་ཚོས་རྒྱ་རི་རིན་པོ་ཆེ་ལ་རིན་པོ་ཆེ་ཟེར་ནས་གུས་ཞབས་དང་འདྲིས་པོ་ཞེ་དྲག་བྱེད་ཀྱི་འདུག ཡིན་ནའང་། བོད་པའི་ས་ཆར་སླེབ་སྐབས་རྒྱ་རི་རིན་པོ་ཆེ་ལ་རྒྱ་རི་ཞེས་འབོད་ཀྱི་འདུག དེ་བཞིན། རྒྱ་རི་རིན་པོ་ཆེ་ཅུང་ཙམ་སྐུ་ཤ་རྒྱགས་པ་ཡིན་སྟབས། རླངས་འཁོར་ནང་འཛུལ་སྐབས་དང་མར་འབབ་སྐབས་ནམ་རྒྱུན་ཁོང་ཚོས་རོགས་པ་བྱེད་ཀྱི་འདུག་ཀྱང་། བོད་དུ་སླེབ་སྐབས་ལྟད་མོ་བལྟས་ནས་འདུག་པ་མ་གཏོགས་རོགས་པ་ཁྱོན་ནས་བྱེད་ཀྱི་མི་འདུགགང་ལྟར་དེ་ཚོའི་ཐོག་ནས་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རིགས་མི་མང་ལ་ཡིད་ཆེས་ཁྱོན་ནས་བྱེད་ཀྱི་མེད་པ་དང་། བོད་མི་མང་དེ་ཉེན་ཁ་ཞིག་ཏུ་རྩི་བཞིན་ཡོད་པ་གསལ་པོ་ཆགས་ཡོང་གི་འདུག
དྲི་བ། སྐུ་ཉིད་ཀྱི་འདས་པའི་ཉམས་མྱོང་བརྒྱུད་མ་འོངས་པར་བོད་མིའི་ངོས་ནས་ཞི་མོལ་ཐད་གྲ་སྒྲིག་བྱེད་དགོས་པའི་གནད་དོན་ག་རེ་འདུག
ལན། ང་ཚོས་ལངས་ཕྱོགས་གཏན་འབེབས་བྱེད་པ་སོགས་ཀྱི་ཐོག་ཞིབ་ཚགས་པོས་དགོངས་པ་གནང་ཚར་བ་རེད། ཡིན་ནའང་། གལ་ཆེ་ཤོས་དེ་ཞི་མོལ་གྱི་མཐའ་མའི་ཐག་གཅོད་དེ་གཞུང་དང་གཞུང་བར་འབྲེལ་མོལ་བྱས་ནས་གཏན་འབེབས་གནང་དགོས་ཀྱི་ཡོད་སྟབས། ནམ་ཞིག་གཞུང་དང་གཞུང་བར་ཞི་མོལ་དོན་ཕན་ལྡན་པ་ཞིག་ཡོང་བར་ཁོར་ཡུག་བཟང་པོ་ཞིག་དགོས་ཀྱི་ཡོད་པ་རེད། ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་ཐད་ང་ཚོར་ལས་ཀ་མང་པོ་ཞེ་དྲག་བྱེད་རྒྱུ་འདུག་དྲན་གྱི་ཡོད། ང་ཚོས་རྒྱ་མི་རིགས་ལ་འབྲེལ་འདྲིས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག རྒྱ་རིགས་ལ་འབྲེལ་འདྲིས་བྱེད་པར་བརྒྱུད་ལམ་ཁ་ཤས་འདུགདཔེར་ན། བོད་རིགས་ཤེས་ཡོན་པ་ཚོས་རྒྱ་རིགས་ཤེས་ཡོན་པར་འབྲེལ་འདྲིས་དང་། བོད་པའི་སློབ་གྲྭ་དང་རྒྱ་རིགས་སློབ་གྲྭའི་བར་འབྲེལ་འདྲིས། དེ་བཞིན་བོད་རིགས་བླ་མ་གྲྭ་བཙུན་དང་རྒྱ་རིགས་བླ་མ་གྲྭ་བཙུན་བར་འབྲེལ་འདྲིས་ཡག་པོ་ཞིག་བྱུང་བ་ཡིན་ན། ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག རྒྱ་མི་རིགས་ནང་བོད་པའི་གནད་དོན་ཁུངས་བཙན་པོ་ཤེས་མཁན་ག་ཚོད་མང་པོ་ཡོད་ན་དེའི་ཚོད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་དུ་འགྲོ་ངེས་རེད། དེ་འདྲའི་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་པ་ཡིན་ན། གོང་དུ་ཞུས་པ་ལྟར། རྒྱ་ནག་དཔོན་རིགས་ཚོའི་ནང་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མོས་མཐུན་མེད་མཁན་ཚོ་ལའང་རྒྱབ་སྐྱོར་ཞིག་ཆགས་ཡོད་སྟབས། ཁོང་ཚོའི་ལྟ་བ་དེ་ཤུགས་ཆེ་རུ་འགྲོ་བའི་ཆ་རྐྱེན་ཞིག་ཆགས་པ་རེད། རྒྱ་ནག་གཞུང་གིས་ཕྱིའི་གནོན་ཤུགས་ལ་མགོ་སྒུར་རྒྱུ་མིན་ལུགས་ག་ཚོད་ལབ་ཀྱང་། ཕྱིའི་གནོན་ཤུགས་ལ་མགོ་སྒུར་གྱི་ཡོད་པའི་རྟགས་མཚན་མང་པོ་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཁབ་དང་མི་རིགས་ལ་མཐོང་དང་ཆ་འཇོག་ཡོང་ཆེད། ཕྱི་རྒྱལ་ཁག་ཏུ་འགྲོ་སོང་ཕོན་ཆེན་གཏོང་བཞིན་ཡོད་པ་དེའི་ཐོག་ནས་རྒྱལ་སྤྱིའི་སྒང་གི་མཐོང་ཚུལ་དེ་ཅི་ཙམ་གྱིས་གལ་ཆེན་དུ་རྩི་བཞིན་ཡོད་པ་གསལ་བོ་ཆགས་པ་རེད། རྒྱ་ནག་ལ་མིང་ངན་དང་སྐྱོན་འཛུགས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་བོད་ཀྱི་གནད་དོན་ཆགས་ཡོད་སྟབས། རྒྱལ་སྤྱིའི་ནང་ལའང་ང་ཚོས་མུ་མཐུད་དུ་བོད་དོན་གོ་རྟོགས་སྤེལ་བ་དང་རྒྱབ་སྐྱོར་འཚོལ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག
དྲི་བ། ཞི་མོལ་གྲ་སྒྲིག་ཚོགས་ཆུང་གི་ངོས་ནས་ཞི་མོལ་བསྐྱར་གསོ་ཡོང་བར་ཐབས་ལམ་ག་རེ་འཚོལ་གྱིན་ཡོད་པ་དང་། དེ་ལ་གདེང་ཚོད་ག་ཚོད་ཅིག་འདུག
ལན། ཞི་མོལ་གྲ་སྒྲིག་ཚོཊ་ཆུང་གི་ངོས་ནས་ད་ལྟའི་ཆར་རྒྱ་ནག་ནང་འགྱུར་བ་གང་འདྲ་འགྲོ་ཡི་འདུགབོད་ནང་གི་གནས་སྟངས་གང་འདྲ་ཆཊ་འདུག རྒྱལ་སྤྱིའི་ནང་གནས་སྟངས་ག་འདྲ་ཆཊ་ཀྱི་ཡོད་པ་སོཊ་ལ་གཞི་བཞག་སྟེ། ང་ཚོའི་ཕྱོཊ་ནས་ཞི་མོལ་བསྐྱར་གསོ་ཡོང་བར་གོམ་པ་གང་འདྲ་སྤོ་དགོས་པའི་ཐད་གོ་བསྡུར་བྱས་ཏེ་བཀའ་ཤག་ལ་བསམ་འཆར་འབུལ་དགོས་ཀྱི་ཡོད་པ་རེད། དེ་སྔོན་ཞི་མོལ་གྲ་སྒྲིག་ཚོཊ་ཆུང་ལ་ཚོཊ་འདུ་ཐེངས་ཁ་ཤས་སྐོང་ཚོཊ་གནང་ཚར་བ་དང་། མི་འགྱངས་བར་ཡང་ཚོཊ་འཆར་ཡོད་པ་རེད། ཡིན་ནའང་། ག་དུས་ཚོཊ་རྒྱུ་ཡིན་མིན་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཏན་འབེབས་གནང་དགོས་པ་རེད།
གསར་འགོད་པ། པདྨ་མཚོ།
འོ་ན། ད་ལྟ་བོད་པ་རྣམས་རྒྱ་དམར་རྩ་ཁྲིམས་འོག་ཏུ་ཡོད་པས། མེར་བསྲེག་ངོ་རྒོལ་བྱུང་དོན་ཅི། སྔར་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་རྒྱ་ནག་རྩ་ཁྲིམས་དང་ཁ་བྲལ་དོན་ཅི། ད་དྲི་བ་མང་གི་ཡ།
རྒྱ་ནག་རྩ་ཁྲིམས་འོག་ཏུ་འགྲོ་འདུན་གནང་བ་ནི། ང་ཚོས་མི་ལོ་ང་ལྔར་ཉམས་མྱོང་བསགས་པའི་ཡང་སྙིང་། དུས་བསྟུན་ཆབ་སྲིད་ཀྱི་གོམ་པ་རླབས་ཆེན་ཞིག་རེད་ཟེར་གྱི་ཡིན།
རྒྱུ་མཚན་ནི། བོད་པའི་འདས་མ་ད་གསུམ་གྱི་འཇོན་ནུས་ལ་གཟིགས་ནས། རང་གི་ཐོུང་མ་ཡིན་པའི་ངོ་བོ་ཆ་ཚང་བསྲུངས་ནས། ད་ལྟའི་བོད་དེ་བཞིན་ཕྱི་ན། བལ་འབྲུག་རྒྱལ་ཁབ་ལྟ་བུར་མི་འགྱུར་ཆེད་མ་འོངས་མངོན་གཟིགས་ཀྱི་སྲིད་བྱུས་རིགས་ལམ་དང་ལྡན་པ་ཞིག་བཟུང་བ་རེད།
དེ་ལས་ལས་སླ་ཙམ་གྱི་ཐོག་ནས་འགྲེལ་བཤད་བྱས་ན། ང་ཚོ་བོད་པ་དེ་མི་རབས་ནས་མི་རབས། བུ་རབས་ནས་ཚ་རྒྱུད་བར་དུ་དབུལ་པོ་སྤྲང་འཁྱམ་ཁེར་རྐྱང་ཞིག་ཏུ་རྟག་ཏུ་གནས་མི་དགོས་པའི་ཐབས་ཤིག་འཚོལ་གྱིན་རེད།
རེད། ང་ཚོ་བོད་པ་དུས་དང་བསྟུན་པའི་རང་གི་ཀླད་པར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་བགྲོས་དང་མཐུན་པའི་བཅོས་བསྒྱུར་དགོས་པ་ལས། དོན་ཆུང་སྙིང་ནད་མཁྲེགས་པོ་ཞིག་བཟུང་སྟེ། རང་གི་ཕོར་བར་རྡོག་རོལ་གཞུ་ཡིན་བསྡད་ན། དོན་དུ་མི་རིགས་འདིའི་སྣོད་བཅུད་གཉིས་ཀ་ཉམས་པའི་རྒྱུ་ཁོ་ན་ལས་གཞན་འཐོབ་རྒྱུ་གང་ཡང་མེད་ངེས་རེད།
དེས་ན། ད་ལྟའི་བོད་ཀྱི་ལངས་ཕྱོགས་རྒྱ་ནག་མི་མང་གི་རྩ་ཁྲིམས་དོན་ཚན་བཞི་པ་ས་གནས་རང་སྐྱོང་བོད་རིགས་ཚང་མ་ངོ་བོ་གཅིག་ཏུ་བརྩིས་ཏེ་འཛིན་སྐྱོང་གཅིག་དགོས་ཟེར་བ་དེ་འོས་འཚམ་རྣམ་དཔྱོད་ལྡན་པ་ཞིག་རེད་བསམ་གྱི་ཡོད།
མདོར་ན། ་ཞིས་ཅིན་ཕེན་གྱིས་དབུ་ཁྲིད་པའི་རྒྱ་དམར་གཞུང་ལ་བསླུ་བྲིད་གཏོང་འདུན་ལས་གནད་དོན་སེལ་འདུན་རྩ་བ་ཉིད་ནས་ཡོག་མ་རེད། དེང་གི་བར་དུ་རྡ་རམ་ལར་ཡོང་མཁན་རྒྱ་མིའི་ཚོང་བའམ། མཁས་པ། ་ཡང་ན། ་གསར་འགོད་པ། འཐབ་ཕྱོགས་གཅིག་གྱུར་ཁང་གི་ལག་རྡོ་སུ་ཡིན་ཡང་སྐད་ཆ་ཚིག་གཅིག་ཡོད་པ་ནི། ཁྱེད་རང་ཚོར་ཕར་ཞུ་ཡ་ག་རེ་ཡོད་ཟེར་བ་ཙམ་ལས་ཚུར་འདི་ལྟར་གསུང་སོང་ཟེར་བ་ཞིག་བསྟན་ཡ་མེད། འོན་ཀྱང་། ནང་ཆོས་རླབས་ཆེན་ཡིན་སྟངས་མང་པོ་ལབ་ཡོད། གང་ལྟར་གཉིད་སད་རན་ཡོད་ལ། ད་ནས་རྒྱ་དམར་རྩ་ཁྲིམས་འོག་ཏུ་འགྲོ་འདུན་དེ་སྤང་བར་གསོལ་འདེབས་ཞུ་བཞིན་ཡོད།