བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཕྲིས།

དེ་རིང་རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གིས་རྫོང་ཁོངས་ལས་ཁུངས་ཁག་དང་ཁེ་ལས་ཁང་ཚོས་བོད་རྒྱ་ཡིག་རིགས་གཉིས་ཀ་བེད་སྤྱོད་གཏོང་དགོས་པ་མ་ཟད། བོད་ཡིག་གོང་དུ་འབྲི་དགོས་པའི་བརྡ་ཁྱབ་སྤེལ་འདུག

12417942_873146516116743_11913902169113421_nཉེ་སྔོན་རེབ་གོང་ཐུན་རིན་རྫོང་ཐོག་ཏུ་ཡོད་པའི་སྐར་མ་བཞི་ཅན་གྱི་ཟ་ཁང་ཞིག་གིས། ལས་ཀའི་ཁོར་ཡུག་ནང་ལས་མི་ཚོས་ཕན་ཚུན་བོད་སྐད་བཤད་མི་ཆོག་པའི་སྒྲིག་ཁྲིམས་བཟོས་པར་ས་གནས་བོད་མི་ཚོས་གཙོས་མི་མང་པོས་སྐྱོན་བརྗོད་ཤུགས་ཆེན་བྱས་པར་བརྟེན། འབྲེལ་ཡོད་ལས་ཁུངས་ནས་མཐའ་མ་ཟ་ཁང་དེ་སྒོ་རྒྱག་དགོས་བྱུང་ཡོད་པ་ལྟར། དེ་རིང་ཐུན་རིན་རྫོང་སྲིད་གཞུང་གིས་རྒྱ་ཡིག་བརྡ་ཁྱབ་ཅིག་སྤེལ་ཏེ། རྫོང་ཁོངས་ཀྱི་ལས་ཁུངས་ཁག་དང་ཁེ་ལས་ཁང་ཚོས་གཞུང་ཐམ་དང་དཔང་ཡིག བརྡ་སྦྱོར་སོགས་ངེས་པར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ནང་འབྲི་དགོས་པ་མ་ཟད། བོད་ཡིག་དང་རྒྱ་ཡིག་གཉིས་གོང་འོག་བྱས་ནས་འབྲི་སྐབས་བོད་ཡིག་གོང་དུ་འབྲི་དགོས་པ་དང་། དེ་བཞིན་གཡས་གཡོན་གཉིས་ལས་བོད་ཡིག་གཡོན་ཕྱོགས་སུ་འབྲི་དགོས་པ་མ་ཟད། ཡིག་རིགས་གཉིས་ཀྱི་ཡིག་གཟུགས་ཀྱང་ཆེ་ཆུང་གཅིག་མཚུངས་ཡིན་དགོས་པའི་སྒྲིག་གཞི་བརྡ་ཁྱབ་སྤེལ་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནང་ཚུན་དུ་བརྡ་ཁྱབ་དེ་ལག་བསྟར་ཐུབ་པ་དགོས་ཀྱི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཕྲིས།

  1. འདི་ལྟར་བསྟུན་ཤེས་བྱས་ན་རང་གཞན་གཉིས་ལ་དགེ་ཕན་མི་ཉུང་བ་ཞིག་ཡོད་པ་ཁོང་ཚོས་སྔ་ས་ནས་ཤེས་ན་རེད།