ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་དྷ་རམ་སར་ཕེབས་འདུག

རྒྱ་གར་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཀེ་ལ་ཤི་ས་ཏི་ཡར་ཐི་མཆོག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་ཏེ་ཉིན་གྲངས་གསུམ་རིང་འཛམ་གླིང་གི་དཀའ་རྙོག་སེལ་ཐབས་སྐོར་ལ་བཀའ་མོལ་གནང་བཞིན་འདུགཟླ་འདིའི་ཕྱི་ཚེས་ ༢༧ ཉིན། རྒྱ་གར་གྱི་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤི་ས་ཏི་ཡར་ཐི་(Kailash Satyarthi)མཆོག་ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ཉིན་གྲངས་ ༣ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། དེང་གི་དཀའ་རྙོག་ཆེ་བའི་འཛམ་གླིང་ནང་བྱམས་པ་དང་བརྩེ་བ་གོང་འཕེལ་གཏོང་ཕྱོགས་སྐོར་ལ་བཀའ་མོལ་གནང་གི་ཡོད་འདུག

སྐུ་ཞབས་ཀེ་ལ་ཤི་ས་ཐི་ཡར་ཐི་མཆོག་གིས་གསར་འགོད་པར། ༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་དེ་ནི་ག་དུས་ཡིན་ནའང་སྤྲོ་སྣང་གིས་ཁེངས་པ་ཞིག་དང་།  ཁོང་ནི་ངའི་དགའ་ཞིང་བཀུར་བའི་གྲོགས་པོ་ཞིག་ཡིན་ལ། བྱམས་བརྩེའི་ཐབས་ལམ་ལ་བརྟེན་ནས་དེང་དུས་ཀྱི་དཀའ་ངལ་རྣམས་སེལ་ཐུབ་པར་ཡིད་ཆེས་ཡོད་མཁན་ཞིག་ཡིན་པའི་ཆ་ནས་ཐེངས་འདིའི་བྱིས་པ་གཉིས་ཀྱི་ཐུག་འཕྲད་ལྟ་བུའི་མཇལ་འཕྲད་འདིའི་སྐབས་འཛམ་གླིང་ཐོག་བྱུང་བཞིན་པ་དང་འབྱུང་རྒྱུ་ཡིན་པའི་དཀའ་རྙོག་རིགས་སེལ་ཐབས་དང་།  བྱམས་དང་སྙིང་རྗེ། འཚེ་མེད་ཞི་བའི་འཛམ་གླིང་ཞིག་གཟིགས་འདོད་ཡོད་པ་ལྟར་དེའི་སྐོར་ལ་བཀའ་མོལ་གནང་གི་ཡོད་སྐོར་གསུངས་འདུག

བསྐྱར་བཅོས།: ༢༠༡༩/༠༥/༢༨

Leave a Reply

One thought on “ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཞིག་དྷ་རམ་སར་ཕེབས་འདུག

  1. འཛམ་གླིང་ཞི་བདེ་ཡོང་བ་དང་སྤྱི་ཚོགས་ཀྱི་ཕྲག་དོག་དང་འགྲན་སེམས་ཐམས་ཅན་ལྷག་མེད་དུ་ཞི་བའི་སྨོན་འདུན་གྲངས་མེད་ཞུ།