ལྷོ་ཨ་ཧྥེ་རི་ཁའི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་། 

ལྷོ་ཨ་ཧྥེ་རི་ཁའི་གྲོས་ཚོགས་འཐུས་མི་ཁོལ་ལེ་གོ་ཧལ་གྷ་ཝ་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་བ་དང་སྦྲགས་ཡུལ་དེའི་གཞུང་གིས་ངེས་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཐོང་མཆན་སྤྲོད་དགོས་སྐོར་ནན་བརྗོད་གནང་ཡོད་འདུགལྷོ་ཨ་ཧྥེ་རི་ཁའི་ཨིན་ག་ཐ་(Inkatha)རང་དབང་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཁོལ་ལེ་གོ་ཧལ་གྷ་ཝ་(Mkhuleko Hlengwa)ལགས་ཀྱིས། ཉེ་སྔོན་ཡུལ་དེའི་གྲོས་ཚོགས་ར་བའི་ནང་སྐར་མ་ལྔའི་རིང་བོད་དོན་གླེང་སློང་གནང་སྟེ།  ལྷོ་ཨ་ཧྥེ་རི་ཁ་གཞུང་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་གནད་ཆེན་དུ་རྩིས་ཏེ། རྒྱ་ནག་གཞུང་དང་མཉམ་དུ་ཚོང་འབྲེལ་གྱི་སྔོན་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དེ་བཞིན། དྲང་བདེན་སོགས་གླེང་སློང་དགོས་པའི་འབོད་སྐུལ་གནང་ཡོད་འདུག

སྐུ་ཞབས་ཁོལ་ལེ་གོ་ཧལ་གྷ་ཝ་ལགས་ཀྱིས། ང་ཚོས་ངེས་པར་དུ་གཡོ་སྒྱུ་ཆེ་བའི་རྒྱ་ནག་དང་རྒྱ་ནག་གཅིག་གི་སྲིད་ཇུས་སྐོར་ལ་སྐད་ཆ་བཤད་དགོས་ཀྱི་ཡོད་པ་དང་། དམིགས་བསལ་རང་དབང་དང་དམངས་གཙོ་འདོད་མཁན་གྱི་བོད་དང་ཐའེ་ཝན་མི་མང་ལ་ག་རེ་བྱེད་ཀྱི་ཡོད་པ་བཤད་དགོས་ཀྱི་ཡོད། ཅེས་དང་། ལྷོ་ཨ་ཧྥེ་རི་ཁ་གཞུང་གིས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་ཤེས་པའི་ཐོག རྒྱ་གར་ནང་བཞིན་ལྷོ་ཨ་ཧྥེ་རི་ཁ་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་མཐོང་སྤྲོད་དགོས་སྐོར་བརྗོད་ཡོད་འདུག

སྐབས་དེར་སྐུ་ཞབས་ཁོལ་ལེ་ཧོ་གཧལ་གྷ་ཝ་ལགས་ཀྱིས་བོད་བཟོས་སྟོད་ཐུང་དཀར་པོ་ཞིག་གྱོན་ཡོད་པ་དེའི་སྐོར་ཁོང་གིས། ང་འདིར་ལྷོ་ཨ་ཧྥེ་རི་ཁའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་བོད་ཀྱི་ཉིན་མོའི་དུས་སྟོན་ལ་ཞུགས་རྒྱུ་བྱུང་། ངས་གྱོན་ཡོད་པའི་སྟོད་ཐུང་འདི་སྐབས་དེར་ང་ལ་གནང་བ་རེད། འདིས་ང་ཚོ་རང་དབང་ལྡན་པའི་ལྷོ་ཨ་ཧྥེ་རི་ཁ་འཛམ་གླིང་ནང་དྲག་གནོན་ཐེབས་པའི་མི་མང་ལ་སྐྱབས་བཅོལ་ཡུལ་ཞིག་ཏུ་བསྒྱུར་དགོས་པར་དྲན་གསོ་གཏོང་གི་ཡོད། ཅེས་དང་། རྒྱ་གར་གྱིས་ཧྲ་ཐག་ཐག་ངང་ནས་༧ཏཱ་ལའི་བླ་མར་བཞུགས་གནས་མཁོ་སྤྲོད་ཐུབ་ཀྱི་ཡོད་པ་རེད། ང་ཚོ་ལྷོ་ཨ་ཧྥེ་རི་ཁས་ཀྱང་ངེས་པར་དུ་རྒྱ་ནག་ལྷན་དུ་ཚོང་རྒྱག་སྐབས་ང་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་ངོས་འཛིན་ནུས་མེད་དུ་བཟོ་རྒྱུ་མེད། ཅེས་ལྷོ་ཨ་ཧྥེ་རི་ཁ་གཞུང་གིས་ངེས་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཐོང་མཆན་སྤྲོད་དགོས་སྐོར་ནན་བརྗོད་གནང་ཡོད་འདུག

མཇུག་ཏུ་ཁོང་གིས། ང་ཚོས་ངེས་པར་དུ་གནམ་གཤིས་འགྱུར་ལྡོག་གལ་ཆེན་དུ་རྩིས་ཏེ་ལག་ལེན་ཐོག་འཕེལ་རྒྱས་ཀྱི་ལས་འགུལ་སྤེལ་རྒྱུ་དང་། འཛམ་གླིང་ཡུལ་གྲུ་གང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་ཚེ་དེར་ངེས་པར་དུ་ངོ་རྒོལ་བྱེད་དགོས་ཡོད། ལྷོ་ཨ་ཧྥེ་རི་ཁ་ནི་གླིང་ཕྲན་འདི་ཁོ་ནར་ལམ་སྟོན་གྱི་སྒྲོན་མེ་ཞིག་མ་ཡིན་པར། རྒྱལ་སྤྱིའི་སྡིངས་ཆའི་སྟེང་འཕེལ་རྒྱས་འགྲོ་ཡི་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་ཞབས་དང་རྡོག་རོལ་གཏོང་མཁན་ལ་དགག་བྱ་འདོན་མཁན་ཞིག་ཡིན་དགོས། ཞེས་བརྗོད་ཡོད་འདུག

སྐུ་ཞབས་ཁོལ་ལེ་གོ་ཧལ་གྷ་ཝ་ལགས་ནི་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཆེན་གྲས་གསུམ་པ་ཌོར་བྷན་ཞེས་པའི་ནང་སྐྱེས་ཤིང་། ཕྱི་ལོ་ ༢༠༡༢ ལོར་ཆབ་སྲིད་ནང་ཞུགས་ཏེ་གྲོས་ཚོགས་འཐུས་མི་དགུང་ལོ་ཆུང་ཤོས་དང་རྒྱུན་ལས་གནང་། ཕྱི་ལོ་ ༢༠༡༤ ལོར་རྩིས་ཞིབ་ལྷན་ཁང་གི་རྒྱུན་ལས་དང་ད་ལྟ་ཨ་ཧྥེ་རི་ཁ་རྒྱལ་ཡོངས་སྲིད་དོན་ཚོགས་པའི་བཀོད་བྱུས་ལྟར་རྒྱལ་ཁབ་རྩིས་ཞིབ་ལྷན་ཁང་གི་རྒྱུན་ལས་ཀྱི་ཚོགས་གཙོ་གནང་མུས་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༧/༢༦

Leave a Reply

One thought on “ལྷོ་ཨ་ཧྥེ་རི་ཁའི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་། 

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁྱེད་ཐུགས་རྗེ་ཆེ་བཀྲིན་ཆེ་ཕྱི་མིའི་བོད་དོན་ལ་ཐུགས་འཁུར་གནང་ང་ཚོ་བོད་མི་ཚོ་ནང་
    འཁྲུགས་ལ་མགོ་འཁོར་ཁྲིམས་ཁང་དུ་ཁ་མཆུ་རྩོད་ནས་ད་དུང་དབུ་མའི་ལམ་གྱི་བདག་
    དབང་བཀའ་ཤག་ལ་ཡོད་ཟེར་རང་བཙན་བདག་མེད་བར་དོར་ཁྱར་དོན་དངོས་དབུ་མའི་
    ལམ་གྱི་བདག་དབང་སུ་ཡོད་མེད་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཞུ་གི་མེད་གལ་ཆེ་
    ཤོས་དེ་དབུ་མའི་ལམ་གྱི་དགོས་འདུན་རྒྱུད་ནས་བོད་རྒྱ་འབྲེལ་ལམ་འཛུགས་རྒྱུ་དེ་གལ་ཆེན་
    ཡིན་པར་ངོས་འཛིན་ཞུ་གི་ཡོད་གལ་སྲིད་དབུ་མའི་ལམ་གྱི་བདག་དབང་དེ་བཀའ་ཤག་ལ་ཡོད་
    ན་འདས་པའི་མི་ལོ་དགུ་ལྷག་ཙམ་རིང་དབུ་ལམ་རྒྱུད་ནས་བོད་རྒྱ་འབྲེལ་ལམ་འཛུགས་མ་ཐུབ་
    པ་དེའི་འགན་སུ་ལ་ཡོད་རེད་དེ་ཡང་མི་མང་ལ་གསལ་པོ་བཟོ་དགོས་པ་དང་དབུ་མའི་ལམ་གྱི་བདག་
    དབང་བཀའ་ཤག་ལ་ཡོད་ན་རང་བཙན་གྱི་བདག་དབང་སུ་ལ་ཡོད་དེ་ཡང་མི་མང་ལ་གསལ་པོ་བཟོ་
    དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་མ་རེད་དམ?