ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་མཛད།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ (Karnataka) སྤྱི་ཁྱབ་བློན་ཆེན་བྷི་ཨེ་སི་ཡེ་ཌི་ཡུ་རཱ་པཱ་ (B.S. Yediyurappa) མཆོག་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འཚམས་འདྲི་གནང་འདུགཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་བའི་འཚམས་འདྲིའི་གསུང་འཕྲིན་ནང་དུ།  སྐུ་ཉིད་ཀྱི་དབུ་ཁྲིད་འོག་མངའ་སྡེའི་མི་མང་རྣམས་ཀྱི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་དང་། སྔར་ལས་ཡར་རྒྱས་ཡོང་བར་ངོས་ལ་ཡིད་ཆེས་ཡོད། ལྷག་པར་དུ་མངའ་སྡེའི་ནང་གི་དམིགས་བསལ་གཟིགས་སྐྱོང་ཐོབ་པ་རྣམས་ཀྱི་ཆེད་དུ་ཧུར་ཐག་གནང་པའི་རེ་བ་བྱེད་ཀྱི་ཡོད། ཅེས་དང་། སྔ་ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་རྗེས་དྲན་སྲུང་གཙི་ཞུས་པ་རེད། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར། མངའ་སྡེ་དེའི་ནང་བོད་མི་བཙན་བྱོལ་བ་མི་གྲངས་ཁྲི་ ༣ ལྷག་གནས་སྡོད་བྱེད་བཞིན་ཡོད་ལ། ཕལ་ཆེར་དེ་ནི་བོད་མི་བཙན་བྱོལ་བ་མང་ཤོས་ཀྱི་གཞིས་ཆགས་ཤིག་ཡིན་པ་རེད། འདས་ལོར་ངོས་རང་གྲོང་ཁྱེར་བྷང་ལོར་དུ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་དམིགས་བསལ་གྱི་མཛད་སྒོ་དེར་བཅར་བ་ཡིན། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་རྒྱ་གར་གྱི་གནའ་བོའི་ཤེས་རབ་སྦྱང་སའི་བོད་ཀྱི་གདན་ས་ཁག་མངའ་སྡེ་དེའི་ནང་བསྐྱར་འཛུགས་ཐུབ་པ་བྱུང་བ་ནི་དགའ་སྤོབས་སྐྱེས་འོས་པ་ཞིག་རེད། ཅེས་གསུངས་འདུག

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་ནི་གཙོ་བོ་སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ (Jawaharlal Nehru) དམ་པ་ཁོང་གི་འབོད་སྐུལ་ལྟར། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཇ་ལིངྒ་པ་ (S. Nijalingappa) དམ་པ་མཆོག་གིས་ཞལ་བཞེས་བཟང་པོ་གནང་བའི་དྲིན་ཁོ་ན་ལས་བྱུང་བ་ཞིག་ཡིན།  ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་ཐོག་མར་བསླེབས་སྐབས་དམ་པ་ཁོང་དང་མཇལ་བ་རེད།  ངོས་ཀྱིས་དེ་རིང་སླར་ཡང་གོ་སྐབས་འདི་བརྒྱུད་མངའ་སྡེའི་གཞུང་མང་གཉིས་ནས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཏེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ལས་དོན་ཐ་དག་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་མཛད་འདུག

གཞན་ཡང་། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་གནང་བའི་ནང་། ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་མི་བཙན་བྱོལ་བ་མང་ཤོས་འདུས་སྡོད་བྱེད་ཀྱི་ཡོད་པ་དང་། དགོན་སྡེ་ཆེ་ཁག་གིས་བོད་མི་མང་པོ་ཞིག་ལ་ཤེས་ཡོན་གོ་སྐབས་ཐོབ་ཅིང་། རིག་གཞུང་གཅེས་ཉར། དེ་བཞིན་ནང་ཆོས་སོགས་ལ་ཞེད་སྣང་མེད་པར་ཉམས་ལེན་བྱེད་པའི་གོ་སྐབས་བསྐྲུན་ཡོད་པ་རེད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས་གསུང་འཕྲིན་ནང་། མངའ་སྡེའི་གཞུང་མང་གཉིས་ནི་བཙན་བྱོལ་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་དབུ་ཁྲིད་འོག་བོད་མི་རྣམས་དང་ཡུལ་མིའི་དབར་གྱི་མཛའ་བརྩེ་སྔར་ལྷག་དམ་ཟབ་ཏུ་འགྲོ་བའི་ཐུགས་རེ་ཡོད་སྐོར་དང་། དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་བསྐྱར་དུ་འོས་ཐོབ་བྱུང་བར་འཚམས་འདྲི་དང་། མངའ་སྡེའི་མི་མང་ཆེད་ཕྱག་ལས་གནང་པ་ཐམས་ཅད་བགེགས་མེད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཡོད་པ་སོགས་གསུངས་འདུག

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ (Karnataka) སྤྱི་ཁྱབ་བློན་ཆེན་བྷི་ཨེ་སི་ཡེ་ཌི་ཡུ་རཱ་པཱ་ (B.S. Yediyurappa) མཆོག་ནི་ཕྱི་ལོ་ ༡༩༤༣ ལོར་མངའ་སྡེ་དེར་སྐྱེས་ཤིང་། དགུང་ལོ་ ༥ སྟེང་མ་ཡུམ་ལགས་སྐུ་གྲོངས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ཁོང་གིས་ཐེངས་ ༤ ལ་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༧/༣༠

Leave a Reply

One thought on “ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲི་མཛད།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་གར་མང་གཙོའི་རྒྱལ་ཁབ་ཡིན་པ་ནས་སྲིད་དོན་ཚོགས་པའི་
    ཆབ་སྲིད་མགྲན་རྩོད་འོག་ཞི་བའི་མི་མང་གིས་འཚོ་བ་ལ་འགན་
    སྲུང་ཐུབ་པའི་ཆབ་སྲིད་བརྟན་ལྷིངས་ནི་རི་མགོའི་དར་ལྕོགས་རླུང་
    གིས་གཡོ་བ་ལྟར་ཟླ་ཤས་ནང་གཞུང་སྲིད་བརྗེ་ལེན་འདིའི་ཡུལ་མི་
    མང་ཚོགས་ཀྱིས་འཚོ་བའི་མདུན་ལམ་ལ་ཞོགས་འདེགས་འགན་འཁུར་
    ཇི་ཙམ་ཐུབ་མིན་ནི་མིའི་བསམ་བློའི་ཚོད་དཔག་ལས་འདས་པ་དང་
    ཀར་ན་ཊ་ཀའི་མངའ་གཞུང་ནང་བོད་མི་སྐྱབས་བཅོལ་བ་མང་བཤོས་
    འཚོ་གནས་བྱེད་བཞིན་པ་ནས་མངའ་གཞུང་འདིའི་སྐུ་ཚེ་ཡུན་དུ་བརྟན་
    པའི་སྨོན་ལམ་བཅས།