རྒྱ་གར་གྱིས་རྒྱ་ནག་ལྟར་འགྲོ་སོང་ཕོན་ཆེན་གཏོང་མི་དགོས་པར་འཛམ་གླིང་ནང་པའི་དབུ་འཁྲིད་གནང་ཐུབ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ད་ལྟའི་ཀཱ་ཤི་མིར་གྱི་གནད་དོན་སྐོར་བཀའ་འདྲི་ཞུ་སྐབས་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་པའི་ཆ་ནས་ང་ཚོས་རྒྱ་གར་གྱི་ནང་སྲིད་ལ་བྱུས་གཏོགས་བྱེད་ཀྱི་མེད་ཅེས་གསུངས་འདུགཟླ་འདིའི་ཕྱི་ཚེས་༥ ནས་དེ་རིང་ཕྱི་ཚེས་ ༨ ཉིན་བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་གར་ཕྱི་སྲིད་གསར་འགོད་མཐུན་ཚོགས་(Indian Association of Foreign Affairs Correspondents)ཀྱི་ཐེངས་བདུན་པའི་ལོ་འཁོར་ཚོགས་འདུའི་ཐོག་ཕེབས་ཏེ་གསུང་བཤད་གནང་པ་དང་། དེ་བཞིན་གྷོ་ཇི་ར་ཐི་ (Gujarat )མངའ་སྡེའི་རུལ་གཙུག་ལག་སློབ་ཆེན་ (Parul University)དང་མཱ་ཧཱ་རཱ་རྗེ་སཱ་ཡཱ་རྗེ་རོབ་(The Maharaj Sayajirao University Of Baroda)སློབ་ཆེན་སོགས་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ཀྱི་བཞུད་ལམ་ཞེས་པ་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་བོད་ཀྱི་གནད་དོན་ནི་རྒྱ་གར་ལ་ཅི་ཙམ་གལ་ཆེན་ཡིན་པའི་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་བོད་རིགས་མཐོ་རིམ་སློབ་མ་ ༡༡༠ ཙམ་ལ་བོད་སྤྱི་བའི་རྩ་དོན་ཆེད་སློབ་སྦྱོང་ལ་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་པ་དང་། དྲི་བ་དྲིས་ལན་གྱི་ཐོག་ནས་བརྗོད་གཞི་འདྲ་མིན་ཐོག་བསམ་ཚུལ་བརྗེ་ལེན་སོགས་གནང་ཡོད་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྷོ་ཇི་ར་ཐི་མངའ་སྡེའི་ནང་གི་པེ་རུལ་གཙུག་ལག་སློབ་ཆེན་ (Parul University) གྱི་དགེ་སློབ་རྣམས་ལ་བོད་ཀྱི་བཞུད་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། བོད་དང་རྒྱ་གར་གཉིས་ཕྱོགས་མང་པོའི་ཐད་ནས་འབྲེལ་བ་དམ་ཟབ་ཡོད་པ་ནི། ས་ཁམས་ཀྱི་ཆ་ནས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་རྒྱ་གར་ནི་ཨ་ཧྥེ་རི་ཀའི་ཆ་ཤས་ཤིག་ཡིན་པ་དང་། ས་ཁམས་འགྱུར་ལྡོག་གི་རྐྱེན་གྱིས་རྒྱ་གར་ནི་བོད་ཕྱོགས་སུ་རིམ་བཞིན་ཡོང་ནས་བོད་ལ་ཐུག་ཡོད་པས། བོད་ས་རིམ་བཞིན་ཡར་འབུར་དུ་ཐོན་ནས་དེང་སྐབས་འཛམ་གླིང་གི་ཡང་རྩེར་འབོད་པ་ནི་རྒྱ་གར་གྱི་ས་བོད་ཕྱོགས་སུ་ཡོང་རྐྱེན་ཡིན་པ་དང་། དུས་རབས་བདུན་པ་དང་བརྒྱད་པའི་བོད་ཀྱི་བཙན་པོ་ཚོས་ལོ་ཙཱ་བ་རྣམས་རྒྱ་གར་དུ་བཏང་སྟེ། སྐབས་དེའི་ལོ་ཙཱ་བ་དག་གིས་དཀའ་བ་ཁྱད་དུ་བསད་དེ་ནང་བསྟན་བོད་ཀྱི་སྐད་ཡིག་ནང་བསྒྱུར་ཐབས་གནང་པ་རེད་ལ། ད་ལྟའི་དུས་སུ་རྒྱ་གར་ནས་བྱུང་བའི་ནང་བསྟན་བོད་ཡིག་ཁོ་ནའི་ནང་མ་གཏོགས་མེད་པས། བོད་ནི་རྒྱ་གར་གྱི་བློ་འཁེལ་ཆོག་པའི་དགེ་ཕྲུག་ཁོ་ན་དེ་ཡིན་པ་དང་། ཧིན་རྡུའི་ལྷ་ཆེན་དབང་ཕྱུག་གི་གནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་བོད་དུ་ཡོད་པས་བོད་ནི་ཧིན་རྡུའི་གནས་མཆོག་ཅིག་ཏུ་གྱུར་ཡོད་པ་རེད། དེ་བཞིན་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་འབོད་ཀྱི་ཡོད་པས་ཨེ་ཤ་ཡའི་རྒྱུག་ཆུ་ཆེན་པོ་ཕལ་ཆེ་བ་བོད་ནས་བཞུར་གྱི་ཡོད་པའི་ནང་རྒྱ་གར་དུའང་མང་པོ་བཞུར་གྱི་ཡོད་པ་དང་། རྒྱ་གར་ནང་ཐོག་མར་མོག་མོག་བོད་ནས་འཁྱེར་ཡོང་བ་དང་། དེང་སྐབས་རྒྱ་གར་གྱི་ས་ཆ་གང་སར་མོག་མོག་འཚོང་མཁན་ཡོད་པས་རྒྱ་གར་བ་མང་པོར་མོག་མོག་གིས་ལས་ཀ་སྤྲོད་ཀྱི་ཡོད་སྐོར་སོགས་ལོ་རྒྱུས་དང་ཆོས། རིག་གཞུང་དང་ས་ཁམས་སོགས་ཕྱོགས་མང་པོ་ནས་བོད་དང་རྒྱ་གར་གཉིས་བཟང་ཕྱོགས་ཀྱི་འབྲེལ་བ་མང་པོ་ཡོད་སྐོར་གསུངས།ཨེ་ཤ་ཡའི་ནང་རྒྱ་ནག་གི་ཤུགས་རྐྱེན་སྐོར་ལ་སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་གི་རང་དབང་ཆུང་ཤོས་མཐའ་མ་ཨང་གཉིས་པ་དེ་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་ལ་དྭགས་དང་ཨ་རུ་ན་ཅལ་སོགས་རྒྱ་གར་གྱི་ས་ཆ་མང་པོ་ཞིག་ལ་སིམ་འཛུལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཡོད་པ་ལ་བརྟེན་ནས་དེང་སྐབས་རྒྱ་གར་གཞུང་ནས་ས་མཚམས་སྲུང་སྐྱོབ་དང་འབྲེལ་འགྲོ་གྲོན་འབོར་ཆེན་གཏོང་གི་ཡོད་པ། དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པཱ་ཀི་སི་ཐན་དང་མལ་ཌེབ་སི། སིང་གྷ་ལ་སོགས་ཀྱི་བདེ་སྲུང་ལའང་ཐེ་བྱུས་བྱེད་ཀྱི་ཡོད་སྐོར་དང་། ད་ལྟ་རྒྱ་ནག་གི་ཤུགས་རྐྱེན་ཡུ་རོབ་སོགས་སུའང་སླེབ་བཞིན་ཡོད་སྐོར་གསུངས་འདུག

ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་ཕྱི་སྲིད་གསར་འགོད་མཐུན་ཚོགས་ Indian Association of Foreign Affairs Correspondents  ནས་ཐེངས་བདུན་པའི་ལོ་འཁོར་ཚོགས་འདུའི་ཐོག་ཕེབས་ཏེ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་དེ་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཞིག་གི་ནང་གཏམ་བཤད་སྐབས། ཨ་ཧྥེ་རི་ཀའི་སློབ་མ་ཞིག་གིས་རྒྱ་ནག་གཞུང་ནས་ལམ་ཁ་གསར་རྒྱག་དང་ཆེས་མཐོའི་དཔོན་རིགས་སྤྲོ་འཆམ་དུ་འཁྲིད་པ།དེ་བཞིན་གསར་འགོད་པ་སོགས་ལ་འགྲོ་གྲོན་གཏོང་གི་ཡོད་པ་དེ་ཚོར་ཤེས་ཚོར་ཅི་ཡོད་དྲིས་སོང་། སྐབས་དེར་ཁོང་ལ་གནས་ཚུལ་དེ་དག་སྔོན་ཆད་ནས་བོད་ལ་བྱུང་ཡོད་པ་དང་། ད་ལྟ་ཁྱེད་རང་གི་རྒྱལ་ཁབ་ནང་བྱུང་བཞིན་པ་རེད་ཅེས་བཤད་པ་ཡིན། རྒྱ་ནག་གིས་རྒྱལ་ཁབ་ཀྱི་ནུས་པ་ཆེ་བ་ཁག་ཉོས་ཏེ་རིམ་གྱིས་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་སྔོན་ཆད་བོད་ལ་ལག་བསྟར་བྱས་པའི་ཐབས་བྱུས་ད་ལྟའང་རྒྱལ་ཁབ་གཞན་ལ་བེད་སྤྱོད་གཏོང་གི་ཡོད་པ་རེད། མང་པོ་ཞིག་གིས་བོད་ལ་གང་བྱུང་བ་དེ་རང་ཉིད་ལ་འབྱུང་སྲིད་པ་ཤེས་ཀྱི་མི་འདུག ཅེས་གསུངས་འདུགགསུང་བཤད་རྗེས་མཉམ་ཞུགས་པས་ད་ལྟའི་ཀཱ་ཤི་མིར་གྱི་གནས་བབ་ལ་འགྱུར་བ་བཏང་བ་དང་འབྲེལ་ནས་དགོངས་ཚུལ་ཅི་ཡོད་དྲིས་པར་སྲིད་སྐྱོང་མཆོག་གིས། རྒྱ་གར་གྱི་སྐུ་མགྲོན་ཞིག་པའི་ཆ་ནས་ང་ཚོས་རྒྱ་གར་གྱི་ནང་སྲིད་ལ་བྱུས་གཏོགས་བྱེད་ཀྱི་མེད། བོད་མི་ཚོར་ཆ་མཚོན་ནས་བཤད་ན་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་འོག་རང་སྐྱོང་ཚད་ལྡན་ཞིག་རྩོད་ཀྱི་ཡོད་ལ། ང་ཚོས་རང་ཉིད་ཀྱི་དཀའ་ངལ་འབྲེལ་མོལ་བརྒྱུད་སེལ་འདོད་ཡོད་པ་རེད། ཅེས་གསུངས།

གཏམ་བཤད་ཀྱི་མཇུག་ཏུ་ནང་བསྟན་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས། རྒྱ་གར་ནི་སྟོན་པའི་འཁྲུངས་ཡུལ་ཡིན་པ་དང་། ནང་བསྟན་གྱི་གནས་རྩ་ཆེན་ཁག་རྒྱ་གར་ནང་ཡོད་པ་རེད། འོན་ཀྱང་། ནང་བསྟན་གྱི་ཕྱི་འབྲེལ་སྲིད་བྱུས་ཐད་ནས་རྒྱ་གར་ནི་རྒྱ་ནག་ལས་ཧ་ཅང་རྗེས་ལུས་ཡིན་པ་རེད། ལོ་ལྟར་རྒྱ་ནག་གཞུང་གིས་འགྲོ་གྲོན་འབོར་ཆེན་བཏང་སྟེ་འཛམ་གླིང་གི་ནང་བསྟན་གྱི་དབུ་འཁྲིད་ཚོ་རྒྱ་ནག་ནང་འཛོམས་ཀྱི་ཡོད་པ་རེད། ནང་པའི་རྒྱལ་ཁབ་ཀྱི་ཆོས་ལུགས་ཀྱི་དབུ་འཁྲིད་ཚོས་རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཁག་གི་སྣེ་འཁྲིད་པ་ཞིག་ཡིན་པ་ལྟར་བྱེད་ཀྱི་ཡོད་པ་ལས་རྒྱ་གར་ལ་དེ་ལྟར་བྱེད་ཀྱི་མེད་པ་རེད། དེར་གནད་དོན་ཆེན་པོ་ཞིག་བསྒྲུབ་དགོས་ཀྱི་མེད་པར་ནང་བསྟན་ཆོས་ལུགས་ཀྱི་དབུ་འཁྲིད་ཚོར་ཕྱག་ཡིག་ཞིག་ཕུལ་ཏེ། སྟོན་པ་སངས་རྒྱས་སའི་གནས་སུ་ཚོགས་ཆེན་ཞིག་འཚོག་གི་ཡོད་གསུངས་ཚེ། ཁོང་ཚོར་འགྲོ་གྲོན་འབོར་ཆེན་བཏང་སྟེ་སྐར་མ་ལྔ་ཅན་གྱི་མགྲོན་ཁང་སོགས་དགོས་ཀྱི་མེད་པ་རེད། རྒྱ་ནག་ལ་སངས་རྒྱས་ཀྱི་ཆོས་འཁོར་ཐོག་མ་བསྐོར་ས་དང་ཝ་ར་ནཱ་སི་སོགས་ཀྱི་གནས་ཆེན་ཡོད་པ་མ་རེད་དེ། འགྲོ་གྲོན་ཤུགས་ཆེན་བཏང་སྟེ་སྟོན་པའི་སྐུ་རིང་ཤོས་དང་དགོན་སྡེ་ཆེ་ཤོས། དེ་བཞིན་ནང་བསྟན་བྲག་ཕུག་ཟབ་ཤོས་སོགས་བཟོས་ཡོད་པ་རེད། ཅེས་གསུངས་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༨/༠༨

Leave a Reply

4 thoughts on “རྒྱ་གར་གྱིས་རྒྱ་ནག་ལྟར་འགྲོ་སོང་ཕོན་ཆེན་གཏོང་མི་དགོས་པར་འཛམ་གླིང་ནང་པའི་དབུ་འཁྲིད་གནང་ཐུབ།

  1. སྲིད་སྐྱོང་མཆོག ཅོ་དཀོན་མཆོག་འགྲིག་ག་མི། “ ས་ཁམས་ཀྱི་ཆ་ནས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་རྒྱ་གར་ནི་ཨ་ཧྥེ་རི་ཀའི་ཆ་ཤས་ཤིག་ཡིན་པ་དང་། ས་ཁམས་འགྱུར་ལྡོག་གི་རྐྱེན་གྱིས་རྒྱ་གར་ནི་བོད་ཕྱོགས་སུ་རིམ་བཞིན་ཡོང་ནས་བོད་ལ་ཐུག་ཡོད་པས། བོད་ས་རིམ་བཞིན་ཡར་འབུར་དུ་ཐོན་ནས་དེང་སྐབས་འཛམ་གླིང་གི་ཡང་རྩེར་འབོད་པ་ནི་རྒྱ་གར་གྱི་ས་བོད་ཕྱོགས་སུ་ཡོང་རྐྱེན་ཡིན་པ་དང་།’’ Wao ! 👍👍👍👍👍

    “ རྒྱ་གར་ནང་ཐོག་མར་མོག་མོག་བོད་ནས་འཁྱེར་ཡོང་བ་དང་། དེང་སྐབས་རྒྱ་གར་གྱི་ས་ཆ་གང་སར་མོག་མོག་འཚོང་མཁན་ཡོད་པས་རྒྱ་གར་བ་མང་པོར་མོག་མོག་གིས་ལས་ཀ་སྤྲོད་ཀྱི་ཡོད་སྐོར་སོགས་ལོ་རྒྱུས་དང་ཆོས། རིག་གཞུང་དང་ས་ཁམས་སོགས་ཕྱོགས་མང་པོ་ནས་བོད་དང་རྒྱ་གར་གཉིས་བཟང་ཕྱོགས་ཀྱི་འབྲེལ་བ་མང་པོ་ཡོད་སྐོར་གསུངས།” 👍😂😂😂

    “ རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་པའི་ཆ་ནས་ང་ཚོས་རྒྱ་གར་གྱི་ནང་སྲིད་ལ་བྱུས་གཏོགས་བྱེད་ཀྱི་མེད།” 👍👍👍👍👍 🙏 ཐོ་ཆེ་གནང་། བོད་ཀྱི་དུས་བབ་ཚང་་་ འདི་སྲིད་སྐྱོང་མཆོག་ལ་སྤྱན་བུལ་གནང་རོགས།

  2. བསྟན་འཛིན་བདེ་ཆེན།

    མཆན་ཀློག་པ་སུ་ཡིན་རུང་ལན་ཞིག་གནང་དང་། བོད་ཀྱི་རྒྱལ་དར་གྱི་སེང་གེ་གཅིག་ནག་པོ་བཟོ་དགོས་དོན་གང་ཡིན་ནམ།

  3. རྒྱ་ནག་དམང་གཙོ་དོན་གཉེར་བ་རེ་བཟུང་རྒྱ་ནག་རྒྱ་ནག་ཅང་ཟེར་ན་ཏོག་ཙམ་རྣ་བ་ལ་འགྲོ་གི་མི་འདུག་གཟབ་དགོས་འདུག

  4. གཞུང་པ་ཚེ་དབང་བསོད་ནམས་

    ང་ཚོས་རང་ཉིད་ཀྱི་དཀའ་ངལ་འབྲེལ་མོལ་རྒྱུད་ནས་སེལ་འདོད་
    ཡོད་རེད་ཟེར་བ་དེ་འདྲི་བ་མེད་པའི་ལན་འདེབས་ཙམ་ལས་མ་
    མཐོང་བ་དང་འདས་པའི་མི་ལོ་དགུ་ལྷག་ཙམ་རིང་བོད་རྒྱའི་འབྲེལ་
    མོལ་མ་ཐུབ་པ་དེའི་འགན་སུ་ལ་ཡོད་པ་ཡིན་ནམ།