མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་གྱི་ཚོང་འབྲེལ་ལས་བྱེད་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༩/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཡོད་པའི་དབྱིན་ཡུལ་དོན་གཅོད་ཁང་གི་ཚོང་འབྲེལ་ལས་བྱེད་སི་མོན་ཁྲིན་འཛིན་བཟུང་བྱས་ཡོད་འདུགཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཀུན་ཧྲང་ (Geng Shuang) གིས། རྒྱ་ནག་གི་ཧྲིན་ཀྲིན་གྲོང་ཁྱེར་ནང་དོན་གཅོད་གྱི་ཚོང་འབྲེལ་ལས་བྱེད་སི་མོན་ཁྲིན་(Simon Cheng) གྱིས་སྤྱི་ཚོགས་བདེ་སྲུང་གི་སྒྲིག་ཁྲིམས་དང་འགལ་བའི་ལས་ཀ་བྱས་རྐྱེན་འཛིན་བཟུང་བྱས་ཏེ། ཉིན་གྲངས་ ༡༥ ཙམ་རིང་བཀག་ཉར་བྱས་ཡོད་པ་དང་། ཁོ་ནི་རྒྱ་ནག་གི་མི་སེར་ཡིན་པ་ལས་དབྱིན་ཡུལ་གྱི་མི་སེར་མིན་པས། རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། དབྱིན་གཞུང་ནས་ཧོང་ཀོང་ཐོག་ནོར་འཁྲུལ་ཅན་གྱི་བསྒྲགས་གཏམ་འགའ་ཤས་སྤེལ་ཡོད་པ་དང་། ལྐོག་བརྡ་སྤྲད་དེ་མེ་ཤུགས་ཆེ་རུ་གཏོང་ཐབས་མི་བྱེད་རྒྱུར་བསྐྱར་དུ་རེ་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་ཡོད་ཀྱང་། ནག་ཉེས་ཅི་ཡིན་བརྗོད་མེད་པ་རེད།

དེ་རིང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ནང་། སི་མོན་ཁྲིན་གྱིས་རྒྱ་ནག་གི་བཅའ་ཁྲིམས་དོན་ཚན་ ༦༦ པའི་མི་སུ་རུང་སྨད་ཚོང་ཁང་དུ་སོང་ཚེ། ཉིན་གྲངས་ ༡༠ ནས་ ༡༥ བར་དུ་འཛིན་བཟུང་བྱེད་ཆོག་པའི་དགོངས་དོན་ལྟར་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་རྗེས་ཁོའི་ནང་མིར་གར་ཡོད་ཅི་བྱུང་གི་བརྡ་སྤྲོད་དགོས་ཀྱང་། སི་མོན་ཁྲིན་ཁོ་རང་གི་རེ་་འདུན་ལྟར་བརྡ་སྤྲད་མེད་སྐོར་དང་། ཧོང་ཀོང་དང་ཐའེ་ཝན་གྱི་གསར་ཁང་ཁག་ནས་གནས་ཚུལ་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཐབས་བྱེད་ཀྱི་ཡོད་སྐོར་བཀོད་འདུག

སི་ཨན་ཨན་གསར་ཁང་གི་གནས་ཚུལ་ལྟར་ན། སི་མོན་ཁྲིན་གྱི་གྲོགས་པོ་ཚོས་ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་ནི། ཧོང་ཀོང་གི་དམངས་གཙོའི་ཆེད་མི་གྲངས་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་དང་འབྲེལ་བ་ཡོད་པ་དང་། སི་མོན་ཁྲིན་གྱིས་ངོ་རྒོལ་བར་རྒྱབ་སྐྱོར་མཚོན་ཆེད་སྤྱི་ཚོགས་དྲ་ལམ་ཁག་ཏུ་པར་རིས་དང་མཆན་སོགས་བཏབ་པས་ཡིན་སྐོར་དང་། དེང་སྐབས་རྒྱ་ནག་དང་ཧོང་ཀོང་གི་མཐའ་མཚམས་སྐོར་སྲུང་བ་ཚོས་འགྲུལ་བའི་ཁ་པར་དང་ཁུག་མ་སོགས་སྔོག་ཏེ། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ནང་ཞུགས་ཡོད་མེད་སོགས་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་པའི་སྐབས་དང་འཁེལ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཧོང་ཀོང་ནང་ཡོད་པའི་དབྱིན་ཡུལ་དོན་གཅོད་ཁང་གི་ཚོང་འབྲེལ་ལས་བྱེད་སི་མོན་ཁྲིན་ (Simon Cheng) ཧོང་ཀོང་གི་མཐའ་མཚམས་སུ་ཡོད་པའི་རྒྱ་ནག་གི་ཧྲིན་ཀྲིན་གྲོང་ཁྱེར་ (Shenzhen)  ནང་ཚོང་དོན་ཆེད་ཕྱིན་ཡོད་པ་དང་།  ཕྱིར་ལོག་སྐབས་ཁོས་དགའ་རོགས་ལ་ཧོང་ཀོང་ལ་མཐུད་ཡོད་པའི་མེ་འཁོར་ཞིག་གི་ནང་ཡོད་སྐོར་བཤད་ཡོད་ཀྱང་། དེ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ཁོང་གི་ནང་མི་ཚོས་ཧོང་ཀོང་ཉེན་རྟོག་ཁང་ལ་གནས་ཚུལ་ཡར་ཞུ་བྱས་ཏེ། ཆེད་དུ་ཁྲིམས་རྩོད་པ་གླས་ནས་ཧྲིན་ཀྲིན་གྲོང་ཁྱེར་གྱི་ཉེན་རྟོག་ཁང་ཚང་མར་འདྲི་ཞིབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། ཧོང་ཀོང་ཉེན་རྟོག་ཁང་ནས་རྒྱ་ནག་ནང་འབྲེལ་བ་བྱས་ཏེ་སི་མོན་ཁྲིན་བར་བརླག་ཕྱིན་སྐོར་གནས་ཚུལ་དྲིས་ཡོད་ཀྱང་བརྡ་ལན་སྤྲད་མེད་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཧོང་ཀོང་ས་གནས་ཀྱི་གནས་ཚུལ་ཞིག་གི་ནང་སི་མོན་ཁྲིན་རྒྱ་ནག་གི་ཧྲིན་ཀྲིན་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་རྗེས། ཧོང་ཀོང་ནང་ཡོད་པའི་དབྱིན་ཡུལ་དོན་གཅོད་ཁང་གིས། ང་ཚོའི་ལས་བྱེད་ཅིག་ཕྱིར་ཧོང་ཀོང་ལ་ལོག་སྐབས་འཛིན་བཟུང་བྱས་པའི་གནས་ཚུལ་དེར་བློ་འཚབ་ཧ་ཅང་ཆེན་པོ་ཡོད། ང་ཚོས་ཁོའི་ནང་མི་ཚོར་རོགས་འདེགས་བྱས་ནས་ཁོའི་གནས་ཚུལ་རྩད་གཅོད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག

ཁ་སང་མི་གྲངས་ ༡༠ ལྷག་ཧོང་ཀོང་གི་དབྱིན་ཡུལ་དོན་གཅོད་ཁང་གི་སྒོ་ཁར་འཛོམས་ཏེ། རྒྱ་ནག་གཞུང་གིས་སི་མོན་ཁྲིན་འཛིན་བཟུང་བྱས་ཡོད་པར་བློ་འཚབ་ཡོད་པ་དང་། དབྱིན་ཡུལ་གཞུང་ནས་ཁོའི་གནད་དོན་གསལ་པོ་དང་ཀློད་གྲོལ་གཏོང་ཐབས་སུ་སླར་ལྷག་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། རང་ལོ་ ༢༩ ཡིན་པའི་འབོད་སྐུལ་བ་ཞིག་གིས། དེ་རིང་གནས་ཚུལ་དེ་སི་མོན་ཁྲིན་ལ་བྱུང་ཡོད་པ་དང་། སང་ཉིན་ངའི་མགོ་ཐོག་ལའང་བསླེབས་སྲིད་པ་ཞིག་རེད། ཅེས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༥ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese