བོད་ནས་ཧོང་ཀོང་གི་སློབ་མ་འཛིན་བཟུང་བྱས།

བོད་ཀྱི་ཇོ་མོ་གླང་མའི་སྒར་ས་ནས་ཧོང་ཀོང་གི་སློབ་ཕྲུག་བཅུ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུགདེ་རིང་རྒྱ་ནག་གི་སའི་གོ་ལ་དང་ཤིན་ལང་དྲ་བ་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།ཁ་སང་སྔ་དྲོར་ཧོང་ཀོང་གི་སློབ་མ་༡༠་ཙམ་བོད་ཀྱི་ཇོ་མོ་གླང་མའི་སྒར་སར་བསླེབས་ཡོད་པ་དང་། སྐབས་དེར་སློབ་ཕྲུག་ཅིག་གིས་ཧོང་ཀོང་རང་བཙན་གྱི་འབོད་སྒྲ་བསྒྲགས་ཏེ། སློབ་ཕྲུག་གཞན་ཞིག་གིས་པར་བརྒྱབས་ཡོད་པར་བརྟེན། དེར་ཡོད་རྒྱ་མི་ཡུལ་སྐོར་བ་ཚོས་བཀག་འགོག་བྱས་ཡོད་པ་མ་ཟད། དེ་མ་ཐག་ཉེན་རྟོག་པར་བརྡ་བཏང་ཡོད་འདུགཉེན་རྟོག་པ་རྣམས་ཡུལ་དངོས་སུ་འབྱོར་བ་དང་སློབ་ཕྲུག་ཚོར་འདྲི་བརྩད་བྱས་ནས་ཁ་རྡུང་མང་པོ་བཏང་རྗེས་བཙན་འཁྲིད་བྱས་ཡོད་འདུག

རྒྱ་ནག་ནས་ཡིན་པའི་བརྟག་ཞིབ་པའི་དྲ བ་ཞེས་པས། དེ་རིང་ཧོང་ཀོང་ཕྱོགས་ནས་སློབ་མ་དེ་ཚོ་ཀློད་གྲོལ་བྱུང་ཡོད་སྐོར་དང་། འཛིན་བཟུང་བྱས་པའི་སློབ་མ་༨ཧོང ཀོང་སློབ་ཆེན་ནས་ཡིན་པ་དང་། གཞན་གཉིས་ཧོང་ཀོང་ཚན་རྩལ་སློབ་གླིང་དང་གྲོང་འཁྱེར་སློབ་གླིང་ནས་ཡིན་སྐོར་བརྗོད་ཡོད་ལུགས་བསྒྲགས་འདུག་ཀྱང་། ཧོང་ཀོང་རང་གི་བརྒྱུད་ལམ་དུ་སློབ་ཕྲུག་རྣམས་ཀློད་གྲོལ་བཏང་བའི་གནས་ཚུལ་སོགས་གང་ཡང་མཐོང་རྒྱུ་མི་འདུགརྒྱ་ནག་གི་དྲ་ལམ་དུ།

སྐབས་དེར་ཡུལ་དངོས་སུ་ཡོད་པའི་རྒྱ་མི་ཞིག་གིས། སློབ་ཕྲུག་དེ་ཚོར་གནས་ལུགས་བཤད་ནས་སྐད་འབོད་འགོག་ཐབས་བྱས་ཡོད་པ་ལས་འཁྲུག་འཛིང་བྱུང་མེད་སྐོར་དང་། ཁོང་ཚོ་ནི་རྒྱལ་གཅེས་ན་གཞོན་རྐྱང་རྐྱང་ཡིན་པ་ལས་དྲག་སྤྱོད་སྤེལ་མཁན་མིན་ལུགས་བརྗོད་འདུག་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་མོའི་ནང་ཧོང་ཀོང་གི་ནད་དུག་སྤེལ་ས་མེད་སྐོར་ཉེན་བརྡ་བཏང་འདུག

བསྐྱར་བཅོས།: ༢༠༡༩/༠༨/༢༤

Leave a Reply

One thought on “བོད་ནས་ཧོང་ཀོང་གི་སློབ་མ་འཛིན་བཟུང་བྱས།

  1. ཐུབ་བསྟན་བྱམས་པ།

    ཧོང་ཀོང་མི་རིགས་ནི་ལོ་མང་རིང་དབྱིན་ཇིའི་འོག་ཏུ་དམངས་གཙོ་ཡང་དག་ཐོག་སྡོད་མྱོང་བའི་རྒྱལ་ཁབ་ཞིག་ཡིན་པ་རེད། ཆིང་ཡིག་གི་འབྲུ་དོན་ལྟར་ཧོང་ཀོང་དེ་ཉིད་དམར་ཤོག་འོག་ཏུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡིན་ཁུལ་གྱིས་རྒྱལ་ཁབ་དེའི་མི་དམངས་ལ་མགོ་འཁོར་བཏང་ཡོད། ད་ཆ་ཧོང་ཀོང་ནང་གི་མང་ཚོགས་རྣམས་གཉིད་ལས་སད་སྟེ་མང་ཚོགས་ཆེ་གྲ་ཆུང་གསུམ་གྱིས་མ་སྐུལ་དངས་ལེན་གྱིས་རྒྱལ་ཁབ་དང་རང་མི་རིགས་ཀྱི་འཐོབ་ཐང་དེ་གཞི་བའི་ཐབས་ལམ་ཐོག་ནས་བརྩོས་ལེན་མུ་མཐུད་བྱེད་བཞིན་པ་འདི་ནི་ང་ཚོས་མིག་དཔེ་བལྟ་འོད་པ་ཞིག་རེད། དེར་རྟེན་ང་ཚོ་བོད་མིའི་འཐབ་བརྩོད་དེ་ཡང་མིག་དཔེ་ལྟ་ས་ཡག་པོ་ཞིག་མཐོང་བཞིན་འདུག ང་ཚོས་དགྲ་དང་རང་ཕྱོགས་བར་གྱི་འགལ་བ་དང་མི་དམངས་ནང་འཁུལ་གྱི་འགལ་བ་རྣམས་དབྱེ་འབྱེད་ཐུབ་པ་དགོས་ཀྱི་ཡོད།