དགའ་སྐྱིད་འཛོམས་པའི་ནང་མི།

དགའ་སྐྱིད་འཛོམས་པའི་ནང་མི་ཞེས་པའི་ཕྱག་དེབ་རྩོམ་པ་པོས་དགའ་སྐྱིད་འཛོམས་པ་ཞིག་དགོས་ན་དེབ་ཆུང་འདི་ལ་གཟིགས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ༧སྐྱབས་རྗེ་དཀོན་སྡེས་རིན་པོ་ཆེས་བརྩམས་གནང་བའི་དགའ་སྐྱིད་འཛོམས་པའི་ནང་མི་ཞེས་པའི་བོད་དབྱིན་གྱི་ཕྱག་དེབ་གཉིས་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་ (Acho Rinpoche)། དེ་བཞིན་མ་ལི་ཤི་ཡ་དང་སིང་གྷ་ལ་ནས་ཡོང་མཁན་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༧༠ ཙམ་འཛོམས་འདུག

དབུ་འབྱེད་མཛད་སྒོའི་ཐོག་དཔེ་དེབ་རྩོམ་པ་པོ་༧སྐྱབས་རྗེ་དཀོན་སྡེས་རིན་པོ་ཆེ་གིས། མི་ཚང་ཞིག་ལ་དགའ་སྐྱིད་ལྡན་པ་ཞིག་དགོས་ན་དེབ་འདི་ནི་དཔེ་མི་སྲིད་པའི་གལ་ཆེན་དང་མེད་དུ་མི་རུང་བ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ནང་མི་ཞིག་ཡིན་རྗེས་མི་ཚང་མ་དགའ་དགའ་སྐྱིད་སྐྱིད་ཡོང་དགོས་པ་ནི་གལ་ཆེན་ཡིན་པས། དེ་ཡོང་བར་དེབ་འདིའི་ནང་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་སོགས་མི་མཐུན་པའི་ཕྱོགས་དེ་ཚོ་ཇི་ལྟར་སྤང་ཐབས་དང་། ངག་གི་སྒོ་ནས་རྫུན་དང་ཚིག་རྩུབ་སོགས་སྤང་ཐབས། དེ་བཞིན་ཡིད་ཀྱི་སྒོ་ནས་སེམས་ཀྱི་རྣམ་རྟོག་ཇི་ལྟར་སེལ་དགོས་མིན་དང་ཉམས་ལེན་སོགས་ཀྱི་དྲན་རྟེན་ཅིག་དང་། དེ་བཞིན་ཀུན་གྱི་དྲན་རྟེན་སྐབས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྡོ་རྗེ་ཐེག་པའི་གསང་བསྔགས་དམ་པའི་ཆོས་དེ་ཇི་ལྟར་ཉམས་སུ་ལེན་དགོས་མིན་ལ་སོགས་འགྲེལ་བཤད་ཐུང་ཐུང་བརྒྱབས་ཡོད་པ་རེད། ཅེས་གསུངས་སོང་།

དེའི་རྗེས་ (Acho Rinpoche)རིན་པོ་ཆེ་ལགས་ཀྱིས། དགའ་སྐྱིད་ལྡན་པའི་ནང་མི་ཞེས་པའི་དཔེ་དེབ་དེ་རྒྱ་ཡིག་ནང་བསྒྱུར་རྒྱུའི་ཐག་གཅོད་བྱུང་ཡོད་པ་དང་། རྒྱ་བསྒྱུར་བྱས་རྗེས་སིང་གྷ་ལ་དང་མ་ལི་ཤི་ཡའི་དཔེ་ཁང་ཆ་ཚང་ནང་འཇོག་པར་འབད་བརྩོན་གནང་རྒྱུ་དང་། དེས་ཐའེ་ཝན་དང་རྒྱ་ནག་སྐམ་ས། དེ་བཞིན་མ་ལི་ཤི་ཡ་དང་སིང་གྷ་ལ་སོགས་རྒྱ་ཡིག་སྤྱོད་ཀྱིན་པའི་རྒྱལ་ཁབ་ཚོའི་ནང་མི་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོང་རེ་ཆེ་སྐོར་གསུངས་སོང་།མཇུག་ཏུ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དེབ་དང་འབྲེལ་བའི་གསུང་བཤད་གནང་སྐབས།  ཆོས་ལུགས་ལ་དད་མིན་ནི་མི་སྒེར་གྱི་གདམ་ཀ་ཡིན་ནའང་། གལ་ཆེན་པོ་དང་ངེས་ཤག་ཤག་ཡིན་པ་ནི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་པ་དེ་རེད། བདེ་སྐྱིད་ནི་ནང་སེམས་ཞི་གནས་དང་སྙིང་རྗེ། བྱམས་བརྩེ་སོགས་དངུལ་གྱི་ཉོ་མི་ཐུབ་པ་དེ་ཚོ་ནས་ཡོང་གི་ཡོད་པས། རིན་པོ་ཆེ་ནས་ད་ཐེངས་དཔེ་དེབ་འདི་པར་བསྐྲུན་གནང་པར་དགའ་ཚོར་ཆེན་པོ་བྱུང་། མཚམས་རེར་དཔེ་དེབ་ཇི་ཙམ་མཐུག་མིན་གལ་ཆེན་མིན་པར། ངས་བསམ་ན་རིན་པོ་ཆེ་ནས་ཆེད་དུ་གནད་ལ་ཁེལ་བ་དང་གལ་གནད་ཆེ་བ་རྣམས་སྙིང་བསྡུས་ཀྱིས་བྲིས་ཏེ། ཀློག་པ་པོའི་དུས་ཚོད་བསྲི་ཚགས་དང་སྟབས་བདེ་ཡོང་བར་དགོངས་ནས་དམིགས་བསལ་གྱིས་དེབ་ཆུང་འདི་བརྩམས་གནང་པ་རེད། དེ་བས་རིན་པོ་ཆེ་ལ་བསྔགས་བརྗོད་དང་བཀྲིས་བདེ་ལེགས་ཡོད། ཅེས་གསུངས་སོང་།

དགའ་སྐྱིད་འཛོམས་པའི་ནང་མི་ཞེས་པའི་དཔེ་དེབ་དེ་ནི་ལུས་ཀྱི་དྲན་རྟེན་དང་ངག་གི་དྲན་རྟེན། ཡིད་ཀྱི་དྲན་རྟེན་དང་ཀུན་གྱི་དྲན་རྟེན་བཅས་སྡེ་ཚན་ཆེན་པོ་བཞི་ལས་གྲུབ་འདུག་ལ། དེའི་ནང་ཕོ་མོའི་སྤྱོད་ཚུལ་དང་དཔེ་ཀློག ལུས་ཁམས་བདེ་ཐང་། དེ་བཞིན་རྒྱན་འཛུགས་དང་ཁོར་ཡུག་སྲུང་སྐྱོབ། གོ་ནོར་མི་ཐེབས་པ་དང་ཕ་སྐད་གཙང་མ། དེ་བཞིན་སྙིང་རྗེ་དང་ཡིད་ཆེས། སེམས་ནད་སེལ་ཐབས་སོགས་དྲི་བ་དྲིས་ལན་གྱི་ཚུལ་དུ་བཀོད་པའི་ཁྱོན་ཤོག་གྲངས་ ༡༤༣ འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༢༨

Leave a Reply

4 thoughts on “དགའ་སྐྱིད་འཛོམས་པའི་ནང་མི།

  1. བསོད་ནམས་ཡེ་ཤེས།

    ཕྲག་དོག་ནི་མའི་སེམསས་པ་གུ་དོག་པོ་དེ་ཚོ་ལ་ཡོད་རེད།
    སོ་སོས་སྒྲུབ་མ་་ཐུབ། མི་བཞན་པས་བྱས་པ་ལ་སེམས་གྱི་མ་བཟོད་ནས་དེ་ལ་སྐྱོན་ག་ཚོད་གདག་ཐུབ་ཐུབ་བྱས་མཁན་དེ་ཚོ་ཡོན་ཏན་དང་ནུས་པ་མེད་པས་རྟགས་རེད།
    དེ་ལས་ཚང་མའི་རྗེ་སུ་ཡི་རང་བྱ་དགོས་པ་གལ་ཆེ།
    མི་སུ་ལ་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་ན། མི་དེ་ནི་ནུས་པ་ཅན་དང་སྙན་གྲགས་ཅན་ཞིག་གྱུར་འགྲོ་བའི་རྟགས་རེད།
    སྒྱུ་རྩལ་ལྡན་པའི་རྩོམ་པ་པོ་ཞིག་གི ཡིད་དབང་འཕྲོག་པས་ནུས་པ་སྟོན་ཐུབ་པ་འདི་ནི། ང་ཚོ་ བོད་ཀྱི་རྒྱད་རེད།

  2. ཕྲག་དོག་ནི་མའི་སེམསས་པ་གུ་དོག་པོ་དེ་ཚོ་ལ་ཡོད་རེད།
    སོ་སོས་སྒྲུབ་མ་་ཐུབ། མི་བཞན་པས་བྱས་པ་ལ་སེམས་གྱི་མ་བཟོད་ནས་དེ་ལ་སྐྱོན་ག་ཚོད་གདག་ཐུབ་ཐུབ་བྱས་མཁན་དེ་ཚོ་ཡོན་ཏན་དང་ནུས་པ་མེད་པས་རྟགས་རེད།
    དེ་ལས་ཚང་མའི་རྗེ་སུ་ཡི་རང་བྱ་དགོས་པ་གལ་ཆེ།
    མི་སུ་ལ་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་ན། མི་དེ་ནི་ནུས་པ་ཅན་དང་སྙན་གྲགས་ཅན་ཞིག་གྱུར་འགྲོ་བའི་རྟགས་རེད།
    སྒྱུ་རྩལ་ལྡན་པའི་རྩོམ་པ་པོ་ཞིག་གི ཡིད་དབང་འཕྲོག་པས་ནུས་པ་སྟོན་ཐུབ་པ་འདི་ནི། ང་ཚོ་ བོད་ཀྱི་རྒྱན་ཆ་རེད།

  3. བསོད་ནམས་ཡར་འགྲོ་ལ།

    རྩོམ་དེབ་ཅིག་གི་པར་མཛད་སྒོ་བྱེད་པ་ལའང་གསར་འགྱུར་རྒྱས་པོ་ཞིག་བཀོད་འདུག ད་དུང་སྐྱབས་རྗེ་ཡིན་ན་ཞིག ཧཧཧ དུས་བབ་ནང་ན་གསར་འགྱུར་ཞིག་འགོད་རྒྱུའི་མ་མཐའི་ས་མཚམས་མེད་པ་རེད་དམ། མི་ཞིག་གིས་ང་སྐྱབས་རྗེ་ཡིན་ལབ་པ་ཙམ་གྱིས་ཡིན་ཤག་གིས་དེ་ལྟར་སྐྱབས་རྗེ་ཞེས་པའི་ཐོབ་མིང་འདི་སྤྱོད་ཆོག་ཆོག་ཡོད་པ་རེད་དམ། ཁྱད་མཚར། རྩོམ་པ་པོ་ང་སྐྱབས་རྗེས་(མི་ཚང་ཞིག་ལ་དགའ་སྐྱིད་ལྡན་པ་ཞིག་དགོས་ན་དེབ་འདི་ནི་དཔེ་མི་སྲིད་པའི་གལ་ཆེན་དང་མེད་དུ་མི་རུང་བ་རེད་བསམ་གྱི་འདུག)ཅེས་བཀོད་འདུག འོ་ན་ང་སྐྱབས་རྗེས་དེབ་འདི་མ་བརྩམས་པའི་ད་བར་གནམ་འོག་ན་ཁྱིམ་ཚང་ཞིག་ལ་དགའ་སྐྱིད་ལྔན་པ་ཞིག་བྱུང་མྱོང་མེད་པ་རེད་ཟེར་དགོས་སམ། ད་དུང་ཁྱོད་ཀྱི་དེབ་འདི་མ་ཀློག་མཁན་ཚང་མ་ལ་དེ་ལྟར་བདེ་སྐྱིད་ཀྱི་ཁྱིམ་ཚང་མེད་པ་རེད་དམ། བོད་ཀྱི་གནམ་གཏམ་དུ། བཤད་མི་ཤེས་པས་བཤད་པ་ལས། ཉན་མི་ཤེས་པས་ཉན་ན་དགའ་ཞེས་པ་དང་། དར་ར་ཕོར་པ་གང་ལ། བཤད་པ་མདའ་རྒྱང་གང་ཟེར་བ་འདྲ་བོ་འདུག གང་ལྟར་གྲ་བ་འདི་བལ་ཡུལ་སྣེ་ལེན་ཁང་གི་སྤྲུལ་སྐུ་དང་། མ་ལེ་ཤའི་རྒྱ་རྒན་འགའི་ཉིན་མོའི་ང་སྐྱབས་རྗེ་དང་། མཚན་མོའི་བརླ་གཡོག་ཅིག་རེད་བ། རྒྱུས་ཡོད།

  4. གཞུང་པ་ཚེ་དབང་བསོད་ནམས

    དེབ་དེ་ག་ནས་རག་གི་ཡོད་ན་འབྲེལ་བ་ཞུ་སའི་ཁ་སྦྱང་འདིར་བཀོད་རོགས་གནང་
    ཐུགས་རྗེ་གཟིགས།