བྷང་ལ་ཌི་ཤི་ཡིས་ཏོག་དབྱིབས་སྨན་བཟོས་ཡོད་སྐོར་བསྒྲགས།

ཏོག་དབྱིབས་གཉན་རིམས་འགོག་བཅོས་ཀྱི་སྨན་ལེགས་འགྲུབ་ཡོང་བར་རྒྱལ་ཁབ་མང་པོས་འགྲན་སྡུར་བྱེད་བཞིན་པའི་སྐབས་འདིར་བྷང་ལ་ཌི་ཤི་ཡི་སྨན་སྦྱོར་ཁང་ཞིག་གིས་ཏོག་ནད་སྨན་བཟོས་ནས་ལེགས་འགྲུབ་བྱུང་ཡོད་སྐོར་བསྒྲགས།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་འཛམ་གླིང་མི་མང་ལ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་པའི་སྐབས་འདིར། ཁ་སང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌི་ཤིའི་སྨན་པ་ཁག་ཅིག་གིས་ཏོག་དབྱིབས་གཉན་རིམས་ཉིན་ ༤ རིང་བཅོས་ཐུབ་པའི་སྨན་ཞིག་བཟོས་ཡོད་སྐོར་བསྒྲགས་འདུག

བྷང་ལ་ཌི་ཤིའི་སྨན་པའི་མཐོ་སློབ་ཀྱི་སྨན་བཟོ་སྡེ་ཚན་གྱི་འགན་འཛིན་ཨ་ལཱམ་(Md Tarek Alam)ལགས་ཀྱིས། ང་ཚོས་རྫས་སྦྱོར་གཉིས་བེད་སྤྱོད་བཏང་བ་བརྒྱུད་ཏོག་དབྱིབས་ནད་པ་ཁྱོན་ ༦༠ ཡོད་པ་ཚང་མ་དྲག་སྐྱེད་བྱུང་ཡོད་པས། ང་ཚོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་བྷང་ལ་ཌི་ཤིའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ཁྱོན་ ༢༠༩༩༥ དང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༣༡༤ ཡོད་འདུག

སྨན་པ་ཨ་ལཱམ་ལགས་ཀྱིས་བརྗོད་པ་ལྟར་ན། ད་སྔ་བར་གསར་དུ་བཟོས་པའི་སྨན་དེ་གཏན་འཁེལ་བྱུང་བའི་ཏོག་དབྱིབས་ནད་པ་ཁོ་ནའི་ཐོག་བེད་སྤྱོད་བྱས་ཡོད་པ་དང་། སྨན་ཟོས་རྗེས་ཟུར་སྐྱོན་གྱི་ཆ་གང་ཡང་མེད་སྐོར་བསྒྲགས་ཡོད་པ་མ་ཟད།  ཉིན་གྲངས་ ༤ ནང་ཚུད་དུ་ནད་པ་དྲག་སྐྱེད་བྱུང་གི་ཡོད་འདུག

སྨན་པ་ཨ་ལཱམ་ལགས་ཀྱིས། སྨན་འདིས་ནུས་པ་འདོན་ཐུབ་པར་རེ་བ་བརྒྱ་ཆ་བརྒྱ་ཡོད། ད་ལྟ་ང་ཚོས་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོར་འབྲེལ་བ་བྱས་ཏེ། རྒྱལ་སྤྱིའི་སྟེང་སྨན་འདིས་ཏོག་དབྱིབས་གཉན་རིམས་ལ་ཕན་ཐོགས་ཀྱི་ཡོད་པའི་སྐོར་གྱི་བརྒྱུད་རིམ་འགྲེལ་བརྗོད་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟ་བྷང་ལ་ཌི་ཤིའི་སྨན་པ་ཚོས་ཚན་རིག་ཐོག་ནས་སྨན་དེས་ཏོག་དབྱིབས་གཉན་རིམས་བཅོས་ཐུབ་པ་དངོས་ཡོད་ར་སྤྲོད་བྱུང་རྗེས་རྒྱལ་སྤྱིའི་སྟེང་ཚོང་འགྲེམས་བྱ་འཆར་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༣ པ་ཙམ་ནས་རྒྱ་གར་དང་ཨ་རི་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས། ཁྲག་རྒྱུད་གསོ་དཔྱད་(Plasma Therapy)ཞེས་པའི་ཐབས་ལམ་འདི་སྤྱད་དེ་ད་སྔ་བར་ཛ་དྲག་གནས་སྟངས་འོག་ཡོད་པའི་ཏོག་དབྱིབས་གཉན་རིམ་ཅན་གྱི་ནད་པ་མི་ཉུང་བ་ཞིག་མྱུར་སྐྱོབ་བྱེད་ཐུབ་ཡོད་པ་དང་། གཞན་ཡང་གཉན་ནད་རེག་དུག་གི་སྨན་སོགས་བཀོལ་སྤྱོད་ཀྱིས་གཉན་རིམས་འགོག་བཅོས་བྱེད་བཞིན་ཡོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༥/༡༨

Leave a Reply

5 thoughts on “བྷང་ལ་ཌི་ཤི་ཡིས་ཏོག་དབྱིབས་སྨན་བཟོས་ཡོད་སྐོར་བསྒྲགས།

  1. Great Coutries Shame Shame. What Happen USA 🇺🇸 ? What Happen CHINA 🇨🇳 ? What Happen INDIA 🇮🇳 ? What Happen RUSSIA 🇷🇺 ? What Happen GREAT BRITAIN 🇬🇧 ? What Happen FRANCE 🇫🇷 ? What Happen GERMANY 🇩🇪 ? 😂 😂 😂 😅 Wao 🙀 Bangladesh 🇧🇩 Good News 👍 Thanks 🙏

  2. སྨན་ཁབབ་དེས་མྱུར་པོ་དེ་འདྲ་ཕན་གྱི་ཡོད་ན་ནད་པ་གྲངས་༢༠༩༩༥ ཡོད་པས། དེ་དེ་དག་ཚང་མར་མ་སྤྱད་པ་ཅི་ཡིན་ནམ།