བོད་ནང་གི་གནས་སྟངས་ནི་མུ་མཐུད་ནས་འཇིགས་སྣང་ཅན་ཞིག་རེད།

ང་རང་གི་ཡིད་ཆེས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རྒྱ་ནག་གཞུང་ལ་བོད་དོན་གྱི་དཀའ་རྙོག་འདི་མཉའ་གནོན་གྱི་འོག་ནས་མིན་པར་འབྲེལ་མོལ་དང་གྲོལ་ མོལ་གྱི་ལམ་ནས་སེལ་དགོས་པའི་གསལ་བཤད་བྱེད་དགོས་པ་དེ་ཡིན

་་་

རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭ་གླེང་བ།

རང་འཚོ་བཟོ་གྲྭ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྟ་རའི་ནང་བཙུགས་པར་བཤད། དེ་ནི་བཙན་བྱོལ་གྱི་བཟོ་གྲྭ་ཐོག་མ་ཡིན་སྐད། དེ་ནི་ད་དུང་ཡང་ཡོད་ཀྱང་། ད་ནི་བཟོ་བ་གསར་པ་མི་རག་པའི་དཀའ་ངལ་ཞིག་སླེབས་ཀྱིན་འདུག་ཟེར། འདིའི་སྐོར་གྱི་བཅར་འདྲི་ལ་གཟིགས་རོགས།

་་་

བོད་མི་རྣལ་མ་འཁྲིད་ཡོང་རྒྱུ་བོད་པའི་ཨ་མ་ཚོའི་འགན་ཡིན།

འདི་གའི་གསར་འགོད་པ་བཙུན་དགོན་སྒྲོལ་མ་གླིང་ལ་ཆེད་བསྐྱོད་ཀྱིས་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་སུ། ལོ་ངོ་ ༥༠ རིང་གི་བཙན་བྱོལ་བོད་མིའི་ཆབ་སྲིད་འཐབ་རྩོད་ཀྱི་གནས་བབ་དང་ཤེས་ཡོན། ད་ལྟའི་བོད་པའི་བུད་མེད་ཚོའི་ལས་འགན་དང་ཐོབ་ཐང་སྐོར་བཅས་ལ་བཅར་འདྲི་བྱས་པ་གཤམ་གསལ་ལྟར་ཡིན།

་་་

མི་དམངས་ཀྱི་ཀླད་པར་འགུལ་སྐྱོད་གོ་སྐབས་སྤྲད་མྱོང་མེད།

ད་ལོའི་གསུམ་བཅུའི་དུས་དྲན་དང་བསྟུན་ཏེ། ཕྱི་རྒྱལ་ཁག་གི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་བཞུགས་སྒར་ངྷ་རམ་ས་ལར་ཕེབས་ཏེ། བོད་མིའི་ཞི་བའི་སྒེར་ལངས་ཆེན་མོའི་ལས་འགུལ་གྱི་དུས་དྲན་ཐེངས་ ༥༠ བའི་སྟེང་མཉམ་ཞུགས་བྱས་པའི་སྐབས། འདི་གའི་གསར་འགོད་པས་ཨ་རིར་གནས་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་སྐབས་དོན་སྲིད་དོན་དཔྱད་བརྗོད་པ་ཁྲིན་ཕའོ་ཁོན་ལགས་སུ་བཅར་འདྲི་བྱས་པ་གཤམ་གསལ་ལྟར་ཡིན།

་་་

སྐྱབས་བཅོལ་གྱི་མི་ལོ་ལྔ་བཅུར་ཕྱིར་མིག་བལྟས་པ།

བོད་ས་རྒྱ་ལག་ཏུ་ཤོར་ཞིང་༧གོང་ས་མཆོག་གཙོས་པའི་བོད་མི་འབུམ་ཕྲག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་གྱར་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་སྐབས་འདིར། བཙན་བྱོལ་བོད་གཞུང་གིས་ད་ལོའི་གསུམ་བཅུའི་དུས་དྲན་ནས་སང་ལོའི་གསུམ་བཅུའི་དུས་དྲན་བར་ལོ་འཁོར་གཅིག་རིང་ལྔ་བཅུའི་དུས་དྲན་གཟབ་རྒྱས་ཤིག་སྲུང་གཙི་ཞུ་འཆར་ཡོད་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

་་་

སྔོན་ཆད་རང་ཉིད་ལ་དངོས་རྫས་ཤིག་གི་འདུ་ཤེས་ལས་མེད།

རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་བུད་མེད་རྩོམ་པ་པོ་དང༌། བོད་དོན་རྒྱབ་སྐྱོར་བ་ཀྲུའུ་རེའི་ལགས་ད་ལྟ་ཁེ་ན་ཌར་བརྟེན་གཞི་བྱས་ཡོད་ལ། ཟླ་འགའི་སྔོན་རྒྱ་གར་ངྷ་རམ་ས་ལར་ཡོང་སྟེ། ༧གོང་ས་མཆོག་ལ་ཞལ་མཇལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་ཐོག བོད་དོན་་ཕྱག་ལས་གནང་གིན་ཡོད། ཕྱི་ ༢༤ ཉིན་ཁོ་མོ་འདི་གའི་གསར་ཁང་ལ་བཅར་བའི་སྐབས་དང་བསྟུན་ཏེ། གསར་འགོད་པས་ཁོ་མོའི་རྩོམ་རིག་གི་ལྟ་གྲུབ་དང་ བོད་དོན་ཐད་འཛིན་པའི་སྲིད་བྱུས་སྐོར་ལ་བཅར་འདྲི་་་

འཚེ་མེད་ཞི་བའི་ལས་འགུལ་ཁོ་ནར་བརྟེན་དགོས །

རྒྱ་གཞུང་གི་དམ་དྲག་འོག་བོད་ནང་གི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང༌། གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་སོགས་ལ་བརྟེན། བོད་ནང་བསྐྱར་དུ་གྱེན་ལངས་བྱ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་སྟབས། འཚེ་མེད་ཞི་བའི་སློབ་སྟོན་པ་སྐུ་ཞབས་ཨེ་བྷིར་གྷན་ཌི་ལགས་དང༌། ཁོང་གི་བཟའ་ཟླ་ལྕམ་སྐུ་རོ་བྷི་ཨེ་བྷིར་གྷན་ཌི་ལགས་གཉིས་བཅར་འདྲི་བྱས་ཡོད།

་་་

མདོ་སྨད་ལོ་རྒྱུས་ཆེན་མོ་ལེགས་འགྲུབ་བྱུང་ཡོད །

མདོ་སྨད་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་༧གོང་ས་མཆོག་གི་བཀའ་མངགས་ལྟར། ལོ་ངོ་ ༩ ལྷག་གི་རིང་ལ་ལོ་རྒྱུས་འཚོལ་བསྡུད་དང་རྒྱུ་ཆར་ཞིབ་འཇུག་མཐར་ཕྱིན་བྱས་ཏེ། མདོ་སྨད་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་སྤྱི་ལ་ཁྱབ་པའི་གླེགས་བམ་ ༦ དང༌། ཤོག་གྲངས་ ༥༠༠༠ ལྷག་ཡོད་པའི་བྱུང་རབས་ལོ་རྒྱུས་ཀྱི་དེབ་ཐེར་ཆེན་མོ་ཞིག་རྩོམ་སྒྲིག་བྱས་ཏེ། དཔར་ཐེངས་དང་པོ་དངོས་སུ་ལེགས་འགྲུབ་བྱུང་ཡོད།

་་་