མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་སྐྱེས་ཚོས་རྒྱ་ནག་ཧ་གོ་བར་བྱ་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༠༩/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

འདི་གའི་གསར་འགོད་པས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡུ་རོབ་ས་གནས་འབྲེལ་མཐུད་པ་བདེ་ཆེན་སྤེན་པ་ལགས་སུ་བཅར་འདྲི་བྱས་པའི་དྲི་བ་ཁག་གཤམ་གསལ། 
  དྲི་བ།  ཐོག་མར་ཁྱེད་རང་གི་འདས་པའི་སློབ་སྦྱོང་གི་བརྒྱུད་རིམ་དང་འབྲེལ་ངོ་སྤྲོད་ཅིག་གནང་རོགས།
  ལན། ང་རང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནས་སྐྱེས་པ་ཡིན་ལ། སློབ་ཆུང་ནས་མཐོ་སློབ་བར་གྱི་སློབ་གྲྭ་ཆ་ཚང་ཡང་ལོོན་ཌོན་ནས་འགྲིམས་པ་ཡིན། ལོན་ཌོན་དུ་མཐོ་སློབ་འགྲིམས་སྐབས་ལོ་གསུམ་རིང་དབྱིན་ཇི་དང་འཇར་མན་གྱི་རིག་གནས་ཐོག་ལ་སློབ་སྦྱོང་བྱས་པ་ཡིན། རྗེས་སུ་འཇར་མན་གྱི་རྒྱལ་ས་བྷར་ལེན་ནང་ཕྱིན་ཏེ་འཇར་མན་གྱི་རིག་གནས་ཐོག་ཡང་བསྐྱར་ལོ་ ༡ རིང་སློབ་སྦྱོང་བྱས་ཤིང་།  སློབ་མཐར་ཕྱིན་རྗེས་འཇར་མན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལོ་ ༤ རིང་བོད་དོན་ཐོག་ལས་ཀ་བྱས་པ་ཡིན།  ༢༠༠༦ ལོར་ང་རང་པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ཕྱིན་ཏེ་ལོ་ ༢ གཉིས་རིང་རྒྱའི་སྐད་ཡིག་སློབ་སྦྱོང་གི་རྨང་གཞི་ཐོག་མ་བཙུགས་ཤིང་། ཕྱིར་ལོན་ཌོན་དུ་ལོག་རྗེས་རྒྱ་ནག་གི་རིག་གནས་སྐོར་ལ་ཞིབ་འཇུག་བྱ་མགོ་བརྩམས་པ་དང་། འདི་ལོ་ཕྱི་ཟླ་ ༩ པའི་ནང་ངའི་ཞིབ་འཇུག་སློབ་མའི་སློབ་སྦྱོང་གི་དུས་ཡུན་ཡོངས་སུ་མཇུག་རྫོགས་པ་ཡིན།  
  དྲི་བ། པེ་ཅིན་དུ་ཁྱེད་རང་བོད་ཀྱི་གནད་ཡོད་མི་སྣ་དང་སློབ་ཆེན་པ་སོགས་གང་མང་ཞིག་ལ་འབྲེལ་འདྲིས་བྱས་ཡོད་འདུག མི་སྣ་དེ་གིས་ཁྱེད་ལ་སྔར་མེད་ཀྱི་སེམས་ཤུགས་དང་སྤོབས་པ། ཡང་ན་བློ་སྐྱེད་གང་འདྲ་ཞིག་བསྩལ་བྱུང་ངམ།
  ལན། ལོ་ ༢ རིང་པེ་ཅིན་དུ་བསྡད་པའི་དུས་ཡུན་ནང་ངས་བོད་པའི་གནད་ཡོད་མི་སྣ་འབའ་བ་ཕུན་ཚོགས་དབང་རྒྱལ་དང་རྩོམ་པ་པོ་འོད་ཟེར་ལགས་གཙོས། སློབ་ཆེན་པ་དང་གཞུང་ཞབས་ལས་བྱེད་སོགས་བོད་མི་མང་པོ་ཞིག་ངོ་ཤེས་པར་གྱུར་བ་མ་ཟད། ནམ་རྒྱུན་བོད་པའི་སློབ་ཆེན་སློབ་མ་དེ་དག་ལ་འབྲེལ་འདྲིས་བྱས་པ་ཡིན། ང་ཚོ་མཉམ་གནས་ཀྱི་འཚོ་བའི་བརྒྱུད་རིམ་ནས་ངས་པེ་ཅིན་དུ་ཡོད་པའི་བོད་པ་དེ་དག་དམིགས་བསལ་བ་ཞིག་ཏུ་མཐོང་སོང། གང་ཡིན་ཅེ་ན།  ཁོང་ཚོའི་མང་ཆེ་བས་བོད་དོན་ཐད་དོ་སྣང་དང་སེམས་ཤུགས་མི་འདྲ་བ་ཞིག་སླེབས་ཀྱིན་འདུག་ལ།  བསམ་བློ་གཏོང་སྟངས་ཀྱི་ཐད་ནས་ཀྱང། ཆབ་སྲིད་ཁོ་ན་མ་ཡིན་པར་ཁོང་ཚོས་རང་གི་ལས་སྣེ་དེའི་སྟེང་ནས་མ་འོངས་པར་བོད་མི་རིགས་ལ་ཕན་པའི་ལས་དོན་བསྒྲུབ་རྒྱུའི་ཆོད་སེམས་ཀྱང་བརྟན་པོ་བཅངས་འདུག  ངའི་ངོ་ཤེས་པའི་རྒྱ་ནག་གི་གཞུང་ཞབས་ལས་བྱེད་བོད་མི་ཁག་ཅིག་གིས། རྒྱ་ནག་གི་ལས་ཀ་བྱས་པ་ཡིན་ན་བོད་དོན་ལ་ཕན་པའི་ལས་ཀ་བསྒྲུབ་མི་ཐུབ་པ་དང་ཁོང་ཚོར་དེ་འདྲའི་དཀའ་ངལ་ཡོད་པའི་བསམ་ཚུལ་བརྗོད་འོང་གི་འདུག  ཡིན་ཡང་། ངས་དེ་དག་ལས་མཐོང་བ་ནི་ཁོང་ཚོའི་སེམས་སུ་མ་འོངས་པའི་འདུན་པ་དང་བསམ་བློ་རྒྱ་ཆེན་པོ་ཞིག་འདུག་ལ། དེ་བཞིན།  མི་རིགས་འདིའི་ལས་དོན་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་རྒྱུ་དེ་དུས་རྟག་ཏུ་ཁོང་ཚོའི་སེམས་ཁོང་དུ་བཅངས་ཡོད་སྟབས། ཁོང་ཚོས་བོད་དོན་ལ་ཕན་པའི་ལས་ཀ་ཞིག་སྒྲུབ་པར་ང་རང་ཡིད་ཆེས་ཆེན་པོ་འདུག  ཁོང་ཚོའི་ཕུགས་འདུན་དང་སྙིང་སྟོབས་ཀྱིས་ང་ལ་ཡང་སྔར་མེད་ཀྱི་སེམས་ཤུགས་དང་སྤོབས་པ་ཞིག་ངང་གིས་སྤྲད་བྱུང།
  དྲི་བ།  ཁྱེད་ཀྱིས་བོད་ནང་གི་གནས་སྟངས་གང་མང་ཞིག་རྒྱུས་ལོན་བྱས་ཡོད་པ་རེད། ད་ལྟའི་བོད་ནང་གི་གཞོན་སྐྱེས་ཚོས་རེ་འདུན་དང་སྙིང་སྟོབས་ལས་ཁྱེད་ཀྱིས་མ་འོངས་བོད་ཀྱི་བདེན་མཐའ་སེལ་བར་ཡིད་ཆེས་དང་རེ་བ་གང་འདྲ་ཞིག་མཐོང་བྱུང་ངམ།
  ལན། ང་རང་པེ་ཅིན་ཁོ་ན་མ་ཡིན་པར་དབུས་གཙང་དང་ཨ་མདོ་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་དངོས་སུ་ཕྱིན་པ་ཡིན། ས་ཆ་དེ་དག་ཏུ་ངས་བོད་པ་མང་པོ་ཞིག་ངོས་ཤེས་བར་གྱུར།  ཁོང་ཚོ་དང་མཉམ་དུ་དུས་ཡུན་རིང་པོ་ཞིག་ཕྱིན་མེད་ཀྱང་ཁོང་ཚོའི་བསམ་བློ་གཏོང་སྟངས་དེ་ཧ་ཅང་གི་ཡག་པོ་འདུག་ལ།  ཁོང་ཚོས་ལས་ཀ་ཅི་ཞིག་སྒྲུབ་ཀྱང་བོད་པ་སྤྱི་ལ་ཕན་པའི་ལས་ཀ་སྒྲུབ་ཀྱིན་འདུག  བོད་པ་མང་ཆེ་བས་སོ་སོའི་ནང་མི་དང་གྲོང་པ་ཁྱིམ་འཚེས་སོགས་ལ་འགྲིག་མཐུན་གྱི་ལམ་ནས་བོད་པ་རང་ལ་ཡོད་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་པ་མ་ཟད། མ་འོངས་ཕུགས་རྒྱང་རིང་པོའི་མི་རིགས་འདིའི་རིག་གཞུང་རྒྱུད་འཛིན་ལ་ནུས་པ་གང་ཡོད་ཞིག་འདོན་གྱིན་འདུག  དེ་མིན་གཞོན་སྐྱེས་ཚོར་མཚོན་ནའང་བོད་སྐད་དང་བོད་ཡིག་གཙོ་བོར་བཟུང་སྟེ། རྒྱ་ཡིག་དང་ཕྱི་གླིང་གི་སྐད་ཡིག་འདྲ་མིན་སོགས་ལ་ཧུར་བརྩོན་གྱིས་སློབ་སྦྱོང་གནང་གིན་འདུག་ལ། ཁོང་ཚོར་མི་རིགས་འདིའི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་རྒྱུན་འཛིན་བྱ་བར་སེམས་ཤུགས་དང་སྤོབས་པ་ཆེན་པོ་ཡོད་སྟབས། བོད་ནང་གི་གཞོན་སྐྱེས་ཚོའི་ཕུགས་རྒྱང་རིང་བོའི་བསམ་བློ་དང་དམིགས་ཡུལ་ལས་མ་འོངས་པར་གཞིས་བྱེས་ལྷན་འཛོམས་དང་བོད་མིའི་བདེན་མཐའ་སེལ་བར་རེ་བ་ཆེན་པོ་ཞིག་མཐོང་འོང་གི་འདུག
  དྲི་བ།  ཁྱེད་ཀྱིས་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོས་བོད་ཀྱི་གནད་དོན་ལ་བཟུང་བའི་འདུ་ཤེས་ཀྱི་ཐད་ནས་མི་འདྲ་བ་གང་འདྲ་ཞིག་མཐོང་བྱུང་ངམ། 
  ལན། མི་འདྲ་བ་ཞེ་བོ་དེ་འདྲ་མཐོང་མ་སོང། ཡིན་ནའང་། བོད་ནང་གི་གཞོན་སྐྱེས་ཚོ་བོད་ཡིག་དང་རྒྱ་ཡིག་གཙོས་རྒྱ་ནག་གཞུང་གང་འདྲ་ཞིག་ཡིན་མིན་དང་གཞུང་གི་འགྲོ་སྟངས་དེ་དག་གསལ་བོར་མཁྱེན་གྱི་ཡོད་སྟབས་བཙན་བྱོལ་ནང་གི་གཞོན་སྐྱེས་དང་འདྲ་གི་མི་འདུག བཙན་བྱོལ་ནང་ལ་མཚོན་ན་གཞོན་སྐྱེས་མང་ཆེ་བས་བཙན་བྱོལ་བོད་གཞུང་དང་བོད་པའི་སྤྱི་ཚོགས་ལ་དོ་སྣང་བྱས་པ་ལས་རྒྱ་ནག་ལ་དོ་སྣང་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་ལྟ་བུ་ང་རང་གིས་མཐོང་གི་འདུག  ང་ཚོ་ཕྱི་ཕྱོགས་སུ་ཡོད་པའི་གཞོན་སྐྱེས་མང་ཆེ་བས་རྒྱ་ནག་ལ་རྒྱུས་ལོན་དང་རྒྱ་ནག་གི་ཤེས་ཡོན་ལ་དོ་སྣང་བྱས་ཏེ་ཞིབ་འཇུག་བྱ་རྒྱུ་དེ་གལ་ཆེན་དུ་འཛིན་གི་མི་འདུག   ངས་བསམ་ན་བོད་ནང་གི་གནས་སྟངས་གསལ་བོ་དང་ཡག་པོ་ཞིག་ཤེས་དགོས་ན་རྒྱ་ནག་མགོ་ཚོད་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག་ལ། དེ་གལ་ཆེན་ཡིན་པ་ང་ཚོ་ཚང་མས་ཧ་གོ་གི་རེད་བསམ་ཡོད།  བོད་ནང་གི་བོད་པ་ཚོར་མཚོན་ན་ད་ལྟའི་ཛ་དྲག་གནས་སྟངས་འདི་འདྲའི་འོག་ཏུའང་རྒྱ་མི་དང་མཉམ་གནས་དང་བསྟུན་མཁས་བྱེད་པའི་ཐད་གལ་ཆེན་དང་དོ་སྣང་བྱེད་ཀྱིན་འདུག་ལ། དེ་དང་ཆབས་ཅིག་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་དང་འབྲེལ་འདྲིས་ཀྱིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་གནས་ཚུལ་སོགས་དྲ་རྒྱ་དང་བརྒྱུད་ལམ་འདྲ་མིན་བརྒྱུད་དེ་གནས་ཚུལ་རྒྱུས་ལོན་དང་དོ་སྣང་ཤུགས་ཆེར་བྱེད་ཀྱིན་འདུག དེ་བས། ངའི་བསམ་པར་མ་འོངས་པར་ང་ཚོ་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོས་ང་ཚོ་མི་རིགས་གཅིག་པ་དང་དམིགས་ཡུལ་གཅིག་པ་ཡིན་པའི་ཆ་ནས་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་ཕན་ཚུན་བསམ་བློ་བརྗེ་རེས་དང་ཐག་ཉེ་རུ་གཏོང་རྒྱུ་མ་ཟད། འབྲེལ་འདྲིས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག  
  དྲི་བ།  ཁྱེད་རང་རྒྱ་ནག་ནང་བསྡད་པའི་དུས་ཡུན་རིང་ཁྱེད་ཀྱིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཁ་ཕྱོགས་དང་གནས་བབ་ཅི་འདྲ་ཞིག་མཐོང་བྱུང་ངམ།
  ལན། ༢༠༠༧ ལོར་ང་དབུས་གཙང་དང་ཨ་མདོའི་ས་ཁུལ་ཁག་ཅིག་ཏུ་ཕྱིན་པ་ཡིན་ལ། སྐབས་དེར་རྒྱ་ནག་གི་སྲིད་བྱུས་གུ་ཡངས་པོའི་རྣམ་པ་དེ་འདྲ་ཞིག་མཐོང་སོང་། ང་རང་དགོན་སྡེ་དང་ཁྱིམ་ཚང་གང་མང་ཞིག་ཏུ་ཕྱིན་པར་དེར་སྐུ་མདུན་གྱི་སྐུ་པར་སོགས་མང་པའི་མཐོང་རྒྱུ་འདུག ཡིན་ནའང་།  ༢༠༠༨ ལོ་ནས་བཟུང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་པའི་ཚོར་སྣང་བྱུང་སོང་། ལོ་སྔོན་མའི་སྤྱི་ཟླ་ ༣ པ་ནས་ང་རང་པེ་ཅིན་དུ་རྒྱུན་རིང་པོ་བསྡད་དུས་དེར་རྒྱ་ནག་སྲིད་གཞུང་གིས་སྐབས་དེའི་ཞི་རྒོལ་གྱི་དོན་རྐྱེན་དེ་༧གོང་ས་མཆོག་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ཀྱི་སྐུལ་སློང་འོག་བྱུང་བའི་སྐོར་དང་། དེ་བཞིན། རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་གྱི་འོག་ནས་བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་བསྒྱུར་བའི་ཐད་གསར་འགྱུར་བརྒྱུད་ལམ་སོགས་སུ་ཤུགས་ཆེན་པོའི་སྒོ་ནས་བཤད་ཀྱིན་འདུག་ལ།  ཁོང་ཚོ་རང་ཉིད་ལ་དགོས་མཁོ་ཆེ་བའི་གསར་འགྱུར་ཁོ་ན་ལས་གཞན་དངོས་ཡོད་གནས་ཚུལ་ཅི་ཡང་ཁྱབ་བསྒྲགས་དང་མི་མང་གི་གཟིགས་མོར་ཕུལ་གྱིན་མེད་པའི་གནས་སྟངས་སོགས་གསལ་བོར་འདུག  གནས་སྟངས་དེ་དག་ལས་ངས་རྒྱ་གཞུང་གིས་ཁོང་ཚོས་རང་ཉིད་ཀྱི་ནོར་འཁྲུལ་ལ་བལྟ་ཐུབ་ཀྱིན་མེད་པ་དང་། དྲང་པོ་དྲང་བཞག་གི་བྱ་བ་ཞིག་སྒྲུབ་ཀྱིན་མེད་པ་གསལ་བོར་མཐོང་སོང་ལ། བོད་རྒྱ་མི་རིགས་གཉིས་བར་འབྱུང་བཞིན་པའི་འགལ་བའི་གནད་དོན་མང་པོ་ཞིག་ཀྱང་ཁོང་ཚོ་རང་གིས་བསྒྲུབ་ཀྱིན་པ་དང་བོད་ཀྱི་ཐོག་ལ་གུ་ཡངས་ཀྱི་རྣམ་པ་མཐོང་བར་བྱེད་པ་ནི་ཁོང་ཚོའི་རྫུན་སྒྲིག་གི་བྱེད་ལས་ཤིག་ཡིན་པ་གསལ་བོར་མཐོང་སོང། གལ་སྲིད།  རྒྱ་གཞུང་གིས་མ་འོངས་པར་དངོས་ཡོད་ཀྱི་གནས་སྟངས་དེ་དག་ལ་འགྱུར་བ་གཏོང་མ་ཐུབ་པ་ཡིན་ན། ཁོང་ཚོའི་རྙོག་དྲ་དེ་ག་དུས་ཡིན་ཡང་སེལཐུབ་ཀྱི་མ་རེད་ལ། བོད་དང་རྒྱ་མི་རིགས་གཉིས་ཀྱི་འཁོན་འཛིན་གྱི་འདུ་ཤེས་དེ་ཡང་ཇེ་སྡུག་ལ་འགྲོ་སྲིད་པ་ཞིག་རེད། 
  དྲི་བ།  བོད་ནང་གི་གཞོན་སྐྱེས་ཚོས་ད་ལྟའི་ཛ་དྲག་གནས་བབ་འདི་འདྲའི་འོག་ཏུའང་དཔའ་མི་ཞུམ་པའི་སྙིང་སྟོབས་རྒྱས་ཐུབ་པའི་གཞི་རྩ་དེ་ཁྱེད་ཀྱིས་བསམ་ན་གང་ལ་ཐུག་ཡོད་པར་འདོད་དམ།
  ལན། བོད་ནང་ཁུལ་གྱི་བོད་པ་ཚོ་གང་འདྲ་ཡིན་མིན་ངས་གསལ་བོ་ཤེས་ཀྱི་མེད། ཡིན་ནའང་། ང་རང་པེ་ཅིན་ལ་བསྡད་པའི་སྐབས་ཀྱི་གནས་སྟངས་ལ་གཞིགས་ན། འདས་ལོའི་བོད་ཆོལ་གསུམ་གྱི་གཡོ་འགུལ་ལ་བརྟེན་ནས་པེ་ཅིན་དུ་ཡོད་པའི་བོད་པ་ཚོས་ཀྱང་རང་ངོས་ནས་ལས་འགུལ་སྤེལ་བ་དང་། ཁོང་ཚོ་གཉིད་ལས་སད་པ་ལྟ་བུའི་རྟོགས་སད་ཞིག་བྱུང་སོང་ལ། དེ་བཞིན་སྔོན་དང་མི་འདྲ་བར་རྒྱ་མིས་བོད་ལ་གང་འདྲ་བྱེད་ཀྱི་ཡོད་མེད་སོགས་ཀྱི་ཐད་ལའང་དོ་སྣང་ཤུགས་ཆེར་ཕྱིན་སོང། པེ་ཅིན་དུ་ཡོད་པའི་བོད་པའི་ལས་འགུལ་སྤེལ་མཁན་གྱི་སློབ་མ་མང་ཆེ་བ་ ༡༩༨༠ ལོའི་རྗེས་སུ་སྐྱེས་པའི་གཞོན་སྐྱེས་རྐྱང་རེད། ཁོང་ཚོས་ ༨༧ དང་ ༨༨ ལོའི་ནང་དུ་བྱུང་བའི་ཟིང་འཁྲུག་གི་དོན་རྐྱེན་དེ་དག་གསལ་བོར་ཤེས་ཀྱིན་ཡོད་པ་མ་རེད། ན་ནིང་གི་ཞི་བའི་ངོ་རྒོལ་བྱུང་བ་ནས་བཟུང་ཁོང་ཚོས་རྒྱ་མིའི་འོག་ཚུད་ཡོད་པ་དང་། སོ་སོའི་རིག་གཞུང་ལ་བདག་པོ་རྒྱག་དགོས་པ་སོགས་གཞི་ནས་བསམ་བློའི་ནང་འཆར་འོང་གིན་ཡོད་པ་རེད། ངས་བསམ་ན་དེ་ལྟ་བུའི་གཞི་རྒྱ་ཆེ་བའི་ཞི་རྒོལ་ནི་མི་རབས་རེ་རེའི་སྐབས་སུ་ཐེངས་རེར་མ་གཏོགས་ཡོང་སྲིད་པ་ཞིག་མ་རེད་བསམ་ལ། གནས་ཚུལ་དེ་དག་ལས་བོད་པའི་གཞོན་སྐྱེས་ཚོའི་སེམས་ཤུགས་ཆེ་རུ་འགྲོ་བཞིན་འདུག ངས་བསམ་ན་ཁོང་ཚོར་དེ་ལྟ་བུའི་སེམས་ཤུགས་དང་སྤོབས་པ། སྙིང་སྟོབས་ཤིག་ཡོད་པའི་རྒྱུ་གཙོ་བོ། ཚང་མ་ནང་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་དང་༧གོང་ས་མཆོག་གི་དབུ་ཁྲིད་པའི་བོད་མི་ཞིག་ཡིན་པ། དེ་བཞིན་ཕ་མེས་ཡང་མེས་ཀྱི་ངག་རྒྱུན་ནས་མཆེད་པའི་འདས་པའི་བྱུང་རབས་དེ་དག་ལ་བྱུང་བ་རེད་བསམ།
  དྲི་བ།   བོད་ཕྱི་ནང་གི་གཞོན་སྐྱེས་ཚོ་བསྡུར་བ་ཡིན་ན། ཁྱེད་ཀྱིས་ཕྱོགས་གཉིས་ཀྱི་མི་འདང་བའི་སྐྱོན་ཆ་ཅི་ཞིག་མཐོང་བྱུང་བ་དང་།  གཞོན་སྐྱེས་ཚོར་བཤད་རྒྱུའི་སྙིང་གཏམ་དང་རེ་བ་ཅི་ཞིག་ཡོད་དམ།
  ལན། སྐྱོན་ཆ་དེ་འདྲ་ང་རང་གིས་དམིགས་བསལ་མཐོང་མ་བྱུང། ཡིན་ནའང། ངས་བསམ་ན་གཞོན་སྐྱེས་ཚོས་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་དུ་མཐོང་གི་འདུག  གང་ཡིན་ཟེར་ན། བོད་ནང་གི་གཞོན་སྐྱེས་ཚོ་ཡིན་ན་བོད་ཡིག་དང་རྒྱ་ཡིག་དེ་མིན་དབྱིན་ཇིའི་སྐད་སོགས་སྦྱོང་ཐུབ་པ་ཡིན་ན་མ་འོངས་བར་ཕན་ཐོགས་ཀྱི་རེད། དེ་བཞིན། བཙན་བྱོལ་དུ་ཡོད་པའི་བོད་པ་ཚོས་ཀྱང་སོ་སོའི་རིག་གཞུང་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་དུ་འཛིན་རྒྱུ་ཙམ་མ་ཟད། རྒྱ་སྐད་དང་རྒྱ་ནག་གི་ལོ་རྒྱུས། དེ་བཞིན་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་གང་འདྲ་ཐེབས་ཀྱིན་ཡོད་མེད་སོགས་ཀྱི་ཐད་དོ་སྣང་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་རེད། ང་ཚོའི་འཐབ་རྩོད་དེ་རྒྱ་མི་དང་མཉམ་དུ་འབྲེལ་བ་ཤུགས་ཆེར་ཡོད་སྟབས། ང་ཚོའི་ཕྱོགས་ནས་ཀྱང་གཞོན་སྐྱེས་ཚོས་རྒྱ་ནག་མགོ་ཚོད་པར་བྱ་རྒྱུ་གལ་ཆེན་པོ་རེད།  གལ་ཏེ། དེ་འདྲ་བྱུང་བ་ཡིན་ན་ང་ཚོའི་བདེན་མཐའ་གསལ་རྒྱུར་ཕན་པ་ཆེན་པོ་འབྱུང་གི་རེད་བསམ།  ང་རང་ཉིད་ལ་མཚོན་ནའང་བོད་སྐད་ཏོག་ཙམ་ཤེས་པ་ལས་བོད་ཡིག་ཡག་པོ་ཤེས་ཀྱིན་མེད་སྟབས། རང་གི་ངོ་ཚ་ཤིག་ཏུ་བརྩི་གིན་ཡོད། ད་ལྟའི་ཆར་ངས་བོད་སྐད་དང་བོད་ཡིག་གཙོ་བྱས་ཏེ་རྒྱ་ཡིག་གི་ཐོག་ལའང་ཧུར་བརྩོན་བྱེད་ཀྱིན་ཡོད་ལ། མ་འོངས་པར་མུ་མཐུད་ནས་འབད་བརྩོན་བྱ་ངེས་ཡིན། ད་ལྟ་ང་རང་ཉིད་ནས་ www.highpeakspureearth.com ཞེས་པའི་དྲ་ཚིགས་གསར་པ་ཞིག་བཟོས་ཡོད་ལ། དེའི་སྟེང་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་དབྱིན་ཇིའི་ནང་བསྒྱུར་ཏེ་བོད་དོན་གྱི་དངོས་ཡོད་གནས་ཚུལ་མང་པོ་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་བྱེད་ཀྱིན་ཡོད་ལ། དོན་འགྲུབ་དབང་ཆེན་བཙོན་གྲོལ་ཐད་ལ་ཁོང་གི་ནང་མི་གཙོས་ང་ཚོས་ནུས་པ་གང་ཡོད་འདོན་གྱིན་ཡོད། ལོ་ ༥ དང་ ༡༠ ཅི་ཙམ་འགོར་ཡང་ཁོང་ཉིད་བཙོན་གྲོལ་ཐད་ང་རང་གིས་ནུས་པ་གང་ཡོད་འདོན་གྱི་ཡིན་ལ། གློད་གྲོལ་འཐོབ་རྒྱུར་ང་རང་ལ་ཡིད་ཆེས་ཡོད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 10

  1. གཡག་ལྡོམ། says:
    ལོ་ 17 སྔོན།

    སྐད་རིགས་སྣ་ཚོགས་ཤེས་བཟང་མོད་ཀྱང་།
    རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་། ཟེར་བ་ཞིག་ཡོད་ལ།
    ཡིན་ན་ཡང་ཁག་མེད་། ཕྱི་ལོགས་ནས་སྐྱེས་བའི་བྱིས་བ་ཚོར་
    མཁོར་ཡུག་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད་།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ག་ན་སོང་ངམ།

    Reply
  3. chokri nyima says:
    ལོ་ 17 སྔོན།

    མ་ཟད་སྐུ་ཉིད་ནས་བོད་མི་ཉམ་ཐག་རྣམས་ཀྱི་དཀའ་ངལ་ལ་བསམ་གཞི་བཤད་སྟངས་དང་བོད་སྤྱི་དོན་ལ་བསམ་བློ་བཏོང་ཕྱོགས་ཐད་ང་རང་ཧ་ཅང་དགའ་པོ་ཡོད།
    སྐུ་ཉིད་ནས་རྩོམ་བྲིས་པའི་ནང་དོན་གཞི་བཞག་ཐོག་ལས་དོན་དེ་འགྲུབ་ཐུབ་པའི་རེ་བ་བྱ་བཞིན་ཡོད།
    ང་རང་དྲ་གྲོགས་རྣམས་ཀྱིས་སྐུ་ཉིད་ཀྱི་གསུངས་པའི་ལས་དོན་དེ་ཇི་ལྟར་སྒྲུབ་དགོས་སམ།
    ཇི་བྱས་ན་དོན་འབྲས་ལྡན་པ་ཡོང་ཐུབ་བམ། གསུངས་རོགས་གནང་དང་ངས་སྐུ་ཉིད་ངོ་མི་ཤེས་ཡང་ལས་དོན་དེའི་ཐོག་རང་ནུས་གང་ཡོད་ཞུ་ཆོག

    Reply
  4. chokri nyima says:
    ལོ་ 17 སྔོན།

    མཐོ་མི་དྲག་ཞེས་པ་ནོར་སོང།

    Reply
  5. chokri nyima says:
    ལོ་ 17 སྔོན།

    སྐར་ཁྲི་བཙན་ལགས།
    སྐུ་ཉིད་ནས་བོད་སྐད་མི་ཤེས་པའི་བོད་མི་མཐོང་དུས་ཐུགས་མི་སྤྲོ་བ་ཡོད་པ་ངས་ཧ་གོ་གི་འདུག
    ཡང་ཡིན་སྐྱེ་ཕ་རབས་ཁོག་ན་མདའ་ཤོང་དང་མདུང་ཤོང་ཟེར་སྲོལ་ཡོད་པ་བཞིན་ང་རང་ཚོའི་སྤྱི་ཚོགས་ནང་བཐོ་མི་དྲག་ཕེབས་པ་དང་དམའ་བོད་སྐད་མི་ཤེས་པའི་བོད་མི་དཀྱུལ་བ་སུ་ཕེབས་ཡང་དགའ་བསུ་ཞུ་ན་དགའ་གི་མ་རེད་པས།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རང་གི་སྲོལ་རྒྱུན་གོམས་གཤིས་དང་སྐད་ཡིག་གཙོ་བོ་མི་འཛིན་པ་ཞིག་ལ་ལ་རྒྱ་ཡོད་སྲིད་ཀྱི་རེད། རེད་དེ་ཁྱོད་ཀྱི་རིང་ནས་བོད་ཡིག་ཤེས་ཀྱི་ཡོད་ནི་མ་རེད། ཁྱོད་ནས་མི་རབས་འགའ་ཡི་རྗེས་སུ་ཁྱོའི་མི་རྒྱུད་ཕྱི་གླིང་བར་འགྱུར་ཚར་ཡོད་རེད། མིག་རྒྱང་ཐུང་བའི་སྐད་ཆ་སྙན་པོ་དེ་ཚོར་སྤྲོ་བ་ཁྱོན་ནས་མི་འདུག

    Reply
  7. chokri nyima says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ་
    ཁྱེད་རྣམ་པས་བོད་ཡིག་མི་ཤེས་པའི་བོད་དོན་ལ་སེམས་ཤུགས་ཡོད་པའི་བུད་མེད་གཅིག་མཐོང་སོང་ངམ།
    ནུབ་ཕྱོགས་ཡོ་རོ་ནང་དུ་བོད་ཡིག་མ་ཤེས་ཡང་བོད་དོན་ལ་སེམས་ཤུགས་ཡོད་པའི་བོད་རིགས་མང་པོ་ཡོད་པ་དེ་རྣམས་ལ་མཐོང་ཆུང་དང་ཁྱད་བསད་ནམ་ཡང་བྱ་མི་རུང།
    ང་རང་གིས་ངོས་ནས་ཞུ་ན་ཡང་སྔོན་མ་བོད་སྐད་ཡག་པོ་མི་ཤེས་བོད་པ་རེ་མཐོང་དུས་ང་རང་སེམས་མི་སྐྱིད་བ་དང་མཐོང་ཆུང་བྱས་མྱོང་ཡོད།
    མི་ཚེ་སྐྱེལ་གིན་སྐྱེལ་གིན་འགྲོ་དུས་ང་རང་ཚོའི་མི་རིགས་འདིར་དགོས་པ་ནི་མི་རིགས་ཀྱི་ལ་རྒྱ་དང་བོད་དོན་ལག་ལེན་ཐུབ་པ་དེ་རེད།
    རྒྱ་གར་པ་ལ་ལག་ལེན་ལས་བཤད་རྒྱུ་གཡོ་རྒྱུ་མང་།་ ནུབ་ཕྱོགས་པ་ལ་ལག་ལེན་སྟར་ཐུབ་པའི་ཁྱད་ཆོས་མི་ཉུང་རེ་འདུག
    དེ་འདྲ་ཡིན་དུ་རབ་འབྱམས་པའི་ཆོ་ལོ་ཞེས་མཁན་ཟེར་ནས་མཐོང་ཆུང་མ་བྱེད་རོགས་གནང་ཞེས་རེ་བ་ཞུ་རྒྱུ་ཡིན།

    Reply
  8. བསེ་རུ། says:
    ལོ་ 17 སྔོན།

    མིག་དཔེ་ལྟ་འོས་པའི་བོད་རིགས་བུད་མེད་ཅིག་རེད།
    འོན་ཀྱང་། དྲ་ངོས་འདིའི་ནང་འཛུལ་མཁན་དང་གསར་འགྱུར་ཀློག་མཁན་གྱི་ཁྲོད་བུད་མེད་ཇི་ཙམ་ཡོད་མིན་ཐད་ང་ལ་ཐེ་ཚོམ་ཞིག་སྐྱེ་གིན་འདུག བུད་མེད་ཀྱིས་མགོ་བོ་འདེགས་དགོས་ན་བུད་མེད་རང་ཉིད་ནས་མགོ་བརྩམ་དགོས་པ་ཞིག་ཀྱང་རེད།།

    Reply
  9. རྨོག་རུ་བསྟན་པ། says:
    ལོ་ 17 སྔོན།

    བདེ་ཆེན་སྤེན་པ་ལགས་ལ།
    སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཡོད།་་ནམ་ཡང་སེམས་ཤུགས་མི་ཆག་པའི་འབོད་སྐུལ་དང་རེ་བ་ཡོད།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སེམས་ཤུགས་དེ་ཉིད་ལག་ལེན་དུ་འདེབས་ཀྱིན་པའི་བུད་མེད་ཁྱེད་ལ་སེམས་ཁོང་རུས་པའི་གཏིང་ནས་དགའ་བསུ་ཞུ། རང་ཉིད་ཀྱིས་བོད་ཡིག་མ་ཤེས་པ་དེ་ནི་རང་ཉིད་ཀྱི་ངོ་ཚ་ཞིག་དུ་བརྩི་བཞིན་ཡོད་ལ་བོད་ཡིག་སྤྱོང་བཞིན་ཡོད་ཟེར་བ་དེ་ཡང་དངོས་ནས་རེད། བོད་པས་བོད་ཡིག་བོད་སྐད་མ་ཤེས་ན་ངོ་ཚ་རེད། དེ་ཡིན་དུས་ནམ་ཞིག་བོད་སྐད་བཤད་ཤེས་པ་མ་ཟད། བོད་ཡིག་གི་སྟེང་ནས་བོད་དོན་གླེང་མཁན་གྱི་དཔའ་ངར་ཞུམ་མེད་ཀྱི་བོད་ཀྱི་བུད་མེད་ཅིག་དུ་འགྱུར་བར་རེ་བ་དང་ཡིད་ཆེས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese