ཐེ་ཝན་གྱི་འཕུར་མདེལ་ཚོད་ལྟ།

ཐེ་ཝན་གྱིས་རྒྱ་ནག་གི་སྲིད་འཛིན་ཨ་རིར་གཟིགས་སྐོར་དང་བསྟུན་ཏེ་མཁའ་དབྱིངས་འཕུར་མདེལ་གྱི་ཚོད་ལྟ་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད།

་་་

བོད་མི་གསུམ་འཛིན་བཟུང་།

ཕྱི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོ་བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ ༣ བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

་་་

ཨ་རིའི་མགྲིན་ཚབ་པའི་གོ་ཆོད་དགོས།

ཨ་རིའི་གྲོས་ཚོགས་འཐུས་མི་ ༣༢ ཙམ་གྱིས་ཨོ་བྷ་མར་ཞུ་ཡིག་ཅིག་ཕུལ་ཏེ། ཧུའུ་ཅིན་ཐའོ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་གྲོས་མོལ་བྱ་དགོས་ཟེར།

་་་

སྲིད་འཛིན་ཨོ་བྷ་མ་མཆོག་ལ།

ཐེངས་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་གི་སྲིད་འཛིན་ཧུའུ་དང་ཐུག་འཕྲད་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་བྱ་དགོས་ཟེར། 

་་་

རྒྱ་ནག་གི་སྤྱི་དམངས་རང་དབང་།

རྒྱ་ནག་ནི་སྤྱི་དམངས་རང་དབང་གི་གནས་ཆེས་སྡུག་ཤོས་ཀྱི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ལ་ངོས་འཛིན་བྱས་འདུག

་་་

རང་བྱུང་གི་གོད་ཆག

བྷར་ཛིལ་རྒྱལ་ཁབ་ནང་དྲག་ཆར་བབ་ཅིང་ཆུ་ལོག་རྒྱས་ཏེ་མི་ ༢༧༠ ལྷག་རྐྱེན་འདས་དང་མི ༡༨༠༠༠༠ ལྷག་ལ་གནོད་འཚེ་ཕོག་ཡོད་འདུག

་་་

བཟའ་ཆས་མཛད་སྟོང་གི་འཇིཊ་པ།

ཁོར་ཡུག་ཉམས་ཞིབ་པ་ལེ་སི་ཊིར་བྷོ་རོན་ལགས་ཀྱིས་འཛམ་གླིང་གི་ཉེན་ཁ་ངོ་མ་དེ་རྡུལ་མཚོན་མ་རེད། མི་འགྱངས་པར་བཟའ་འབྲུའི་འཇིགས་ཡོང་རྒྱུ་རེད་ཟེར།

་་་

གསང་བའི་སྐོར་སྐྱོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལཱརེ་ཁུ་ལེན་ཊོན་ལགས་གསང་བའི་ཐོག་ནས་ཨེ་ཤ་ཡའི་ཡེ་མེན་རྒྱལ་ཁབ་ཏུ་གཟིགས་སྐོར་ལ་བསྐྱོད་ཡོད་འདུག

་་་