མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་དོན་དྲུང་ཆེས་བོད་དོན་གླེང་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རའེ་ལཊ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་ཏེ། བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་ལ་མཉམ་ཞུགས་གནང་བར་གནོན་ཤུཊ་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

ཟླ་འདིའི་ཚེས་ ༡༣ ནས་ཉིན་དྲུག་རིང་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རའེ་ལགས་ལྷོ་ཀོ་རི་ཡ་དང་རྒྱ་ནག ཨིན་ཌོ་ནི་ཤི་ཡ་བཅས་རྒྱལ་ཁབ་གསུམ་ནང་སྐོར་སྐྱོད་བྱེད་མགོ་ཚུགས་ཡོད་པ་དང་། ཚེས་ ༡༤ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། སྲིད་འཛིན་གཞོན་པ། སྲིད་བློན་ལི་ཁེ་ཆང་། ཕྱི་སྲིད་བློན་ཆེན་ཝང་ཡེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་བཅས་མཐོ་རིམ་མི་སྣ་ཚོར་ཐུག་འཕྲད་བྱས་ཏེ། འཛམ་གླིང་གི་ཚ་དྲོད་འཕེལ་བཞིན་པ་འགོག་ཐབས་དང་སི་རི་ཡའི་ནང་འཁྲུག ཨི་རན་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཁག་དམ་དྲག་བྱེད་ཕྱོགས། རྒྱ་ནག་དང་ཉི་ཧོང་། ཧྥི་ལིན་ཕིན་བཅས་ཀྱི་ལྷོ་ཤར་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་དབང་འགལ་ཟླ་ཞི་འཇགས། ཉེ་ཆར་རྒྱ་ནག་གིས་གསར་བཟོ་བྱས་པའི་མཁའ་དབྱིངས་དབྱེ་མཚམས་ས་ཐིག བོད་དང་ཤིན་ཅང་གཙོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་ཀྱི་ཐོག་གོ་བསྡུར་གནང་འདུག

འདིའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས། ཨ་རིའི་རྒྱལ་དོན་དྲུང་ཆེས་རྒྱ་གཞུང་ལ་བྱང་ཀོ་རི་ཡའི་རྡུལ་མཚོན་གནད་དོན་ཐད་གྲོས་མོལ་བྱེད་ཐུབ་མིན་དང་། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བདག་དབང་རྩོད་ལེན་གྱི་འགལ་ཟླ་ཞི་འཇགས་གཏོང་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ་དང་། ཉེ་ཆར་བྱང་ཀོ་རི་ཡས་རྒྱ་ནག་དང་འབྲེལ་བ་ཡོད་པའི་ཇོན་སུན་ཐག (Jang Song-thaek) དང་མི་སྣ་ཁག་ཅིག་ལ་སྲོག་ཁྲིམས་བཅད་ཡོད་སྟབས། རྒྱ་ནག་གིས་སྔར་བཞིན་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་རྒྱུ་ཁག་པོ་ཆགས་ཡོད་པ་མ་ཟད། ཉེ་ལམ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོ་གླིང་དང་མཁའ་དབྱིངས་དབྱེ་མཚམས་ས་ཐིག་བཟོས་པ་དག་ལ། ཨ་རི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་དང་ཧྥི་ལིན་ཕིན་གྱི་རྒྱབ་རྩར་ལངས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ་བཅས་ཀྱིས་ཨ་རིའི་རྒྱལ་དོན་དྲུང་ཆེའི་འབོད་སྐུལ་ལ་རྒྱ་གཞུང་གིས་ཉན་འཇོག་བྱ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རའེ་ལགས་ཀྱིས། ངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་མཐོ་རིམ་དཔོན་རིགས་ཚོར། སའི་གོ་ལའི་ཚ་དྲོད་དང་སི་རི་ཡའི་དམག་འཁྲུག བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གྲོས་མོལ། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་བདག་དབང་རྩོད་ལེན། བོད་དང་ཤིན་ཅང་གཙོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་། ཉེ་ལམ་རྒྱ་ནག་གིས་གསར་བཟོ་བྱས་པའི་ཞི་བདེའི་རྒྱ་མཚོའི་མཁའ་དབྱིངས་དབྱེ་མཚམས་ས་ཐིག་སོགས་ཀྱི་སྐོར་ལ་གོ་བསྡུར་བྱས་ཏེ། མ་འོངས་པར་རྒྱ་གཞུང་གིས་མངོན་ལྐོག་མེད་པར་ཕྱི་གསལ་ནང་གསལ་བྱས་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་གིས་མཁའ་དབྱིངས་ས་ཐིག་གསར་བཟོ་དང་། རྒྱ་ནག་གིས་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆ་སྔོན་འགོག་གི་གྲོས་མོལ་ནང་ཞུགས་རྒྱུར་གནོན་ཤུགས་སྤྲོད་ཐབས་སོགས་ལ་གོ་བསྡུར་བྱས་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས། “ ང་ཚོས་ལྷོ་ཤར་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་ལ་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད་སྟབས། མི་སུས་ཀྱང་ང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁུལ་སྲུང་སྐྱོབ་བྱེད་བཞིན་པར་བཅོས་བསྒྱུར་དང་གཡོ་འགུལ་གཏོང་ཐབས་མེད། ” ཅེས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། ཨ་རིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་ལ་གནོན་ཤུགས་སྤྲད་དེ། རྒྱ་ནག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་འཁྲུག་རྩོད་སློང་གཞིའི་བྱ་སྤྱོད་སྤེལ་བཞིན་པ་དག་འཕྲལ་དུ་མཚམས་འཇོག་མ་བྱས་ཚེ། ཁྱིམ་མཚེས་རྒྱལ་ཁབ་བར་དམག་འཁྲུག་འབྱུང་ཉེན་ཡོད་པ་དང་། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་བར་འཕྲད་བཞིན་པའི་འགལ་ཟླ་དེ་དག་ཞི་བའི་ངང་ཐག་གཅོད་ཡོང་རྒྱུར་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་རྒྱལ་ཁབ་ཀྱི་མངའ་དབང་སྲུང་སྐྱོབ་ཐུབ་ཕྱིར་བྱ་ཐབས་ཅི་ཞིག་སྤྱོད་དགོས་ཀྱང་བློ་དོགས་མེད་པར་སྲུང་སྐྱོབ་རྩོད་ལེན་བྱ་འཆར་ཡོད་སྐོར་དང་། ཨ་རིས་ཨེ་ཤ་ཡ་བརྟན་བརླིང་སྲུང་སྐྱོབ་བྱེད་དགོས་ན་རྒྱ་ནག་ལ་སྐྱོན་བརྗོད་བྱེད་རྒྱུའི་ཚབ་ཏུ་ཉི་ཧོང་གི་ཚབས་ཆེན་བྱ་སྤྱོད་དག་སྔོན་འགོག་གིས་ཞི་བདེ་ལྷིང་འཇགས་ཀྱི་ཨེ་ཤ་ཡ་ཞིག་བསྐྲུན་དགོས་སྐོར་བརྗོད་འདུག

མིང་བརྗོད་འདོད་མེད་པའི་ཨ་རིའི་སྲི་ཞུ་ལས་བྱེད་ཅིག་གིས། རྒྱ་ནག་གཞུང་གིས་ཉེ་ལམ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོ་གླིང་ཐོག་མཁའ་དབྱིངས་དབྱེ་མཚམས་ས་ཐིག་བཟོས་པ་དེ། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོ་ཐོག་གྲོས་མཐུན་གང་དང་མཐུན་མིན་ཁ་གསལ་འགྲེལ་བརྗོད་བྱ་དགོས་སྐོར་བརྗོད་འདུག

རྒྱ་ནག་མི་རིགས་སློབ་གྲྭ་ཆེན་མོའི་ཨ་རིའི་གནད་དོན་ཆེད་མཁས་པ་ཧྲི་ཡུན་ཧོང་ (Shi Yinhong) གིས། ཨ་རིའི་རྒྱལ་དོན་དྲུང་ཆེས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་མཁའ་དབྱིངས་དབྱེ་མཚམས་ས་ཐིག་ཕྱིར་བསྒྲགས་བྱས་པའི་ཐད་གླེང་སློང་བྱས་ཡོད་ཀྱང་། རྒྱ་ནག་གིས་དེར་ནམ་ཡང་ཁས་ལེན་བྱ་མི་སྲིད་ཚུལ་བརྗོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་ལ་མ་ཕེབས་གོང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལྕམ་པག་གྷེན་ཧེ་ (Park Geun-hye) ལགས་དང་མཐོ་རིམ་མི་སྣར་མཇལ་འཕྲད་གནང་སྟེ། ལྷོ་བྱང་ཀོ་རི་ཡའི་ནང་མི་ཐུག་འཕྲད་གནང་ཕྱོགས་དང་། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་རྩོད་རྙོག་ཞི་འཇགས་ཡོང་ཐབས། བྱང་ཀོ་རི་ཡ་རྡུལ་མཚོན་གྲོས་མོལ་ནང་མཉམ་ཞུགས་བྱ་རྒྱུ་བཅས་ཀྱི་ཐོག་གོ་བསྡུར་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese