ཡུལ་སྐོར་བ་བོད་དུ་བསླེབས་པ།

རྒྱ་ནག་གཞུང་གིས་ཡུལ་སྐོར་བ་རྣམས་སྐོར་ཚོགས་རེ་བྱས་ནས་བོད་དུ་འཁྲིད་པ་མ་གཏོགས། མི་རེ་རེ་རང་དབང་གི་སྒོ་ནས་ཡུལ་སྐོར་བྱེད་དུ་འཇུག་གི་མེད་ལ། ལྷག་པར་དུ། གདན་ས་གསུམ་གྱི་ནང་དུ་ཡུལ་སྐོར་བ་རྣམས་འགྲོ་འཇུག་གི་ཡོད་མེད་ད་དུང་གསལ་ཁ་བཏོད་མི་འདུག

་་་

རྨ་ཆུ་རྫོང་དབལ་པཎ་ཤང་དུ་བོད་མི་འཛིན་བཟུང་།

རྨ་ཆུ་རྫོང་དབལ་པཎ་ཤང་གསར་མ་དགོན་གྱི་གར་འཆམ་སྐབས། རྒྱ་དམག་ཉིས་བརྒྱ་ཙམ་གྱིས་དགོན་པར་མཆོད་མཇལ་དུ་འགྲོ་མཁན་མི་མང་ལ་གང་བྱུང་ ཉེས་རྡུང་བཏང་སྟབས་ཡུལ་མི་བོད་པ་དང་རྒྱའི་དམག་དཔུང་བར་ལག་འཛིང་ཤོར་ཡོད་འདུག

་་་

བཙོན་པ་ ༨ གློད་གྲོལ།

དེ་རིང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་མང་ར་ཀླུ་ཚང་དགོན་པའི་དགེ་འདུན་པ་དྲུག་དང༌། སུམ་མདོ་ཞང་གི་བོད་རིགས་ལས་བྱེད་བཀྲ་ཤིས་དོན་འགྲུབ། ཁོང་གི་སྤུན་ཆུང་སྦྱིན་པ་རྒྱ་མཚོ་བཅས་བསྡོམས་པའི་མི་ ༨ གློད་གྲོལ་བཏང་ཡོད་འདུག

་་་

བོད་ཀྱི་བཟོ་རིག་པ་དང་ངའི་མི་ཚེ།

ཕྲན་རང་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཞབས་འོག་ཏུ་གནས་ཏེ་བཀའ་དོན་ཐོད་བཅིངས་ཀྱིས་ཞབས་ཞུ་གཡའ་བཞུགས་གང་འཁྱོལ་ཐོག་རང་ལོ་ ༨༠ འཁོར་བར་དགའ་སྤྲོ་རྟེན་འབྱུང་ཞྭ་གོས་ལྷམ་གསུམ་དཀར་པོ་གྱོན་པ་དང་ཆབས་ཅིག རང་གི་བྱས་འབྲས་སུ་ཕྱིར་བལྟ་བྱ་སྐབས། འགྱོད་དགོས་པའི་ལས་དོན་སྣེ་གཅིག་མེད་ཁར། འཁུར་འཁྲིའི་སྲིད་ཞུ་གྲུབ་འབྲས་མི་དམན་ཙམ་ཞིག་འགྲུབ་འདུག་པའི་ཕྱོགས་བསྡོམས་གསལ་བསྒྲགས་སྙིང་བསྡུས་ཞུ་དགོས་དོན་ཕྱི་རབས་གཞོན་སྐྱེས་རྣམས་ནས་རང་རང་ཁུར་འཁྲིའི་འོས་འགན་དྭང་ལེན་ཞུ་ཕྱོགས་སུ་མིག་དཔེ་་་

འཆི་མེད་དགའ་ཚལ་གླིང་གསར་བཞེངས་ལེགས་འགྲུབ་བྱུང་།

རྒྱ་གར་ནང་བོད་པ་ཚོས་གཙུག་ལག་ཁང་བཞེངས་པ་དེར་སྡེ་ཚན་གཉིས་ཡོང་གིན་འདུག གཅིག་དེ་བསླབ་པ་སློབ་གཉེར་བྱེད་མཁན་མང་དུ་ཕྱིན་ཞིང། ལྷ་ཁང་རྒྱ་བསྐྱེད་དགོས་པ་ཆགས་ཏེ་གཙུག་ལག་ཁང་བཞེངས་ཀྱིན་ཡོད་པ་གཅིག་དང། ཡང་རིགས་གཅིག་གིས་སྔོན་ལ་གཙུག་ལག་ཁང་རྫིག་པོ་ཞིག་བརྒྱབས་ཏེ། འདིའི་ནང་དུ་སློབ་མ་ཡོང་རོགས་བྱོས་ཟེར་གྱིན་ཡོད། རིན་པོ་ཆེ་ཡི་ལྷ་ཁང་འདི་དེ་འདྲ་བོ་ཞིག་ཆགས་ཡོད། གཙུག་ལག་ཁང་སྔོན་ལ་བརྒྱབས་ཏེ་དགེ་འདུན་པ་འཚོལ་དུ་འགྲོ་དགོས་པ་ཆགས་ཡོད།

་་་

ཨ་རིའི་ནང་ལས་ཀའི་སྙན་ཞུ་བོད་ཡིག་ནང་བྲིས་ཆོག

ཨ་རིའི་ཝི་སུ་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར་དུ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོས་ད་ལོའི་ཕྱི་ཟླ་  པ་ནས་ལས་ཀའི་སྙན་ཞུ་འགེང་ཤོག་བོད་ཡིག་ནང་འགེང་ཆོག་བཟོས་ཡོད། འདི་ནི་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོད་ཀྱི་སྐད་ཡིག་ཐོག་འགེང་ཤོག་བཟོ་འགོད་བྱས་ཏེ། བོད་མི་ཚོས་མི་རིགས་གཞན་དང་དཔུང་གཤིབ་འདྲ་མཉམ་གྱིས་རང་གི་སྐད་ཡིག་བེད་སྤྱོད་བྱ་རྒྱུའི་གོ་སྐབས་བྱུང་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ནང་ཐོག་དང་པོ་ཡིན་ཞེས་བརྗོད་ཀྱང་མི་འགྲིག་པ་་་

ད་ལོའི་གྲོས་ཚོགས་ནང་གི་གྲོས་དོན་གལ་ཆེན་ཁག་དྲུག (དུས་བབ་ཀྱི་དམིགས་བསལ་ལེ་ཚན།)

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་སྟེང་། ཆར་ལོའི་བཙན་བྱོལ་བོད་གཞུང་དཔལ་འབྱོར་གཏན་འབེབས་དང་ལོ་སྔ་ཕྱིའི་བོད་ནང་གི་ཛ་དྲག་གནས་བབ་ལ་དཔྱད་ཞིབ། ལོ་ངོ་སུམ་ཅུའི་ཤེས་ཡོན་དང་རིགས་གཅིག་རྐང་འཛིན་འཐུས་ཤོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་རྒྱུ། བོད་གཞུང་ཆོས་དོན་ལས་ཁུངས་ཀྱི་གོང་དུ་ཆོས་དོན་ལྷན་ཚོགས་ཞུ་བ་ཞིག་འཛུགས་རྒྱུ་གཏན་འབེབས། གཞིས་ཆགས་ཁག་ཉམས་གསོ་དང་སྲ་བརྟན་གཏོང་རྒྱུ། མ་འོངས་པར་་་

ཆིག་སྒྲིལ་བོད་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཆགས་ཡོད།

སྤྱིར་ཕོ་མོ་གཉིས་ཀྱི་ནུས་པ་གཅིག་མཚུངས་རེད་དམ་ཟེར་ན་མ་རེད། ཕོ་མོ་གཉིས་ལ་ཁྱད་པར་མང་པོ་ཞིག་ཡོད་པ་ངོས་ལེན་བྱེད་ཀྱིན་ཡོད། འོན་ཀྱང། སྤྱི་ཚོགས་ཀྱིས་བཟོས་བཞག་པའི་ཁྱད་པར་དང༌། ལམ་ལུགས་ཀྱིས་བཟོས་བཞག་པའི་ཁྱད་པར། ལྟ་བ་ཡིས་བཟོས་བཞག་པའི་ཁྱད་པར་མང་དག་ཅིག་ཡོད། དེ་དག་ལ་ངེས་པར་དུ་འགྱུར་བ་གཏོང་དགོས་ལ། འགྱུར་བ་གཏོང་ཐུབ་པ་ཞིག་ཀྱང་རེད་བསམ་ཡོད་ཟེར།

 

་་་