མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རང་དབང་རིན་པོ་ཆེ །

བོད་ཀྱི་དུས་བབ།
༢༠༠༨/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁོ་སོ་ཝོ་ཆུང་ཆུང་ ། ཁོ་སོ་ཝོ་གསར་པ །
ཕྱི་ཚེས་༡༧ཉིན་ཁོ་སོ་ཝོ་ཡི་རང་བཙན་བསྒྲགས་གཏམ་སྤེལ་བ་དེས་ཡུལ་དེའི་མི་འབོར་ས་ཡ་གཉིས་ལ་རང་དབང་ཐོབ་པར་གྱུར ། ད་ནས་བཟུང་ཁོ་སོ་ཝོ་ཆུང་ཆུང་འདི ། སའི་གོ་ལའི་སྟེང་གི་རང་བཙན་རྒྱལ་ཁབ་གསར་ཤོས་སུ་གྱུར ། སྐབས་འདིར་བཙན་འཛུལ་དང་གཉའ་གནོན་འོག་གི་མི་འབོར་བྱེ་བ་མང་པོས་འདིའི་རྗེས་ཀྱི་རང་དབང་ལུང་པ་གང་ཡིན་ལ་རེ་སྨོན་བྱས་ཤིང་ ། ངས་རང་གི་ཕ་ཡུལ་གངས་ལྗོངས་ལྷག་པར་དུ་དྲན ། ངས་རང་གི་ཕུ་ནུ་སྤུན་གྲོགས་ཚོའི་ངོ་གདོང་ལ་རང་དབང་གི་ཉི་ཐིག་དྲོན་པོ་ཞིག་ཤར་ན་བསམ །
རང་དབང་ཞེས་པའི་ཚིག་འབྲུ་འདི་གཉིས་ནི་དོན་དམ་གྱིས་རིན་པོ་ཆེ་ཡིན་ལ ། འདིའི་རིན་ཐང་ནི་ཚེ་སྲོག་བྱེ་བ་མང་པོ་ཡིན་སྟེ ། རང་དབང་འདིའི་དོན་དུ་སའི་གོ་ལའི་སྟེང་གི་མི་གྲངས་བྱེ་བ་མང་པོའི་ཚེ་སྲོག་ཤོར་ཞིང་ །  ད་དུང་མི་གྲངས་བྱེ་བ་མང་པོས་རིན་པོ་ཆེ་འདི་འཚོལ་བཞིན ། རང་དབང་གི་ལུང་པ་ཞིག་ལ་རེ་སྒུག་བྱས་ཡོད ། འདིའི་ཁྲོད་དུ་བོད་མི་ས་ཡ་དྲུག་ཀྱང་ཚུད་ཡོད ། སྤྱིར་བཏང་མཁས་པའི་བཤད་སྲོལ་ལ ། རང་དབང་Freedom མེད་ན་མིའི་རིགས་ཀྱི་འཆར་སྣང་ Imagination མེད་ལ །   འཆར་སྣང་མེད་ན ་གསར་ གཏོད་  Creativity  ཀྱང་མེད་སྟབས །   རང་དབངརིན་པོ་ཆེ་ནི་མིའི་རིགས་ཀྱི་དཔལ་ཡོན་དར་སྤེལ་དང་བདེ་སྐྱིད་ཀྱི་རྩ་བར་ གྱུར་ཡོད །  བོད་མི་རིགས་འདི་ལའང་དཔལ་ཡོན་དར་ཞིང་བདེ་སྐྱིད་ལྡན་པ་ཞིག་ཡོད་དགོས་ན །  ངེས་པར་དུ་རང་དབང་གིས་འཚོ་དགོས་ལ །  རང་དབང་གི་ཆེད་དུ་བཤད་ཕོད་ཅིང་ལངས་ཐུབ་པ་ཞིག་ཡིན་དགོས །  འདི་ནི་ང་ཚོའི་གཞི་རྩའི་འཐབ་རྩོད་ཀྱང་ཡིན །
རང་དབང་ནི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་ལ །  ང་ཚོའི་མཐའ་འཁོར་གྱི་མཁའ་ དབུགས་ལྟར་སྐྱེས་མ་ཐག་ནས་རང་བཞིན་གྱིས་གྲུབ་ཡོད །   སུ་ཞིག་གིས་གཞན་གྱི་རང་དབང་འཕྲོག་ཚེ་ཐད་ཀར་དབུགས་ཀྱི་རྒྱུ་བ་བཀག་པ་ལྟ་བུའི་ཉེས་པ་ཡོད་སྟབས །  ང་ཚོས་རང་དབང་ལ་དགའ་བའི་འཛམ་གླིང་གི་སྐྱེས་འགྲོ་ཡོངས་ལ །  རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རང་དབང་བཙན་འཕྲོག་བྱས་པ་འདི་ནི་ད་ལྟ་སའི་གོ་ལའི་སྟེང་གི་ནག་ཉེས་དང་གོད་ཆག་ཚབས་ཆེ་ཤོས་དེ་ཡིན་པ་ར་སྤྲོད་བྱེད་དགོས་ལ །  ང་ཚོས་རང་གི་མི་རིགས་འདི་ལའང་རང་དབང་གི་རིན་ཐང་དང་ །  རང་རང་གི་ལྷན་སྐྱེས་ཀྱི་ཐོབ་ཐང་འདི་དག་ངོ་འཕྲོད་པ་བྱེད་དགོས་ཤིང་ །   ཁོ་སོ་ཝོའི་རྗེས་ཀྱི་རང་བཙན་རྒྱལ་ཁབ་ནི་བོད་གངས་ ཅན་གྱི་ལྗོངས་ཡིན་དགོས་ཏེ །  ང་ཚོའི་དྲང་བདེན་དང་ །  འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ངོ་བོ་འདི་ནི་ང་ཚོའི་རྒྱལ་ཁའི་རྩ་བ་ཡིན  །   དེ་རིང་འཛམ་གླིང་གི་སྐྱེ་འགྲོ་མང་བོས་རང་དབང་ལ་རེ་སྨོན་དང་ །  རང་དབང་གི་ཆེད་དུ་ཚེ་སྲོག་གི་འགྲོ་གྲོན་ཡང་གཏོང་བཞིན་ཡོད་སྟབས །  ང་ཚོས་བདེན་པ་དང་ཞི་བའི་འཐབ་རྩོད་ཀྱི་ཐོག་ནས་ཁོ་སོ་ཝོའི་རྗེས་ནས་ཁ་བ་ཅན་གྱི་ཡུལ་འདི་རང་དབང་གི་ལུང་པར་བསྒྱུར་ཐབས་ལ་འབད་དགོས་པར་རིགས།།

འབྲེལ་ཡོད་གསར་འགྱུར།

Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

ཆུ་ཚོད་ ༣ སྔོན་ལ།
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

སྤྱི་འཐུས་གཅིག་དང་གྲོས་ཚོགས།

༢༠༢༣/༠༩/༢༩
གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར། 
Mobile App

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

༢༠༢༣/༠༩/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist