མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨབ་གྷན་གྱི་དབྱར་ཟླ་དྲུག་པའི་ཉོག་ཤ

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་སྣེ་ཁྲིད་པའི་བྱང་དམག་དོན་སྒྲིག་འཛུགས་ཀྱིས་ཨབ་གྷན་ནང་བཙན་འཛུལ་བྱས་ཏེ་ཊ་ལི་བྷན་གྱི་གཞུང་མགོ་རྟིང་བསླགས་པ་ནས་ད་བར་དུ། ཟླ་གཅིག་གི་ནང་དུ་ཨ་རིའི་དམག་མི་བསད་གྲངས་མང་ཤོས་ནི་ལོ་འདིའི་ཕྱི་ཟླ་དྲུག་པ་ཡིན་འདུག
༢༠༠༡ གི་ལོ་ནས་བཟུང་ཨ་རི་དང་བྱང་དམག་དོན་སྒྲིག་འཛུགས་ཀྱིས་ཊ་ལི་བྷན་གྱི་གཞུང་མགོ་རྟིང་བསླགས་ཡོད་ནའང་། ཊ་ལི་བྷན་གྱི་དྲག་སྤྱོད་དམག་མིས་ལོ་ནས་ལོར་བསྟུད་དེ་ཚུར་རྒོལ་རབ་དང་རིམ་པར་བྱས་ཡོད་ལ། དེའི་ཁྲོད་ཨ་རིའི་དམག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད། ཡིན་ནའང་། ལོ་འདིའི་ཟླ་དྲུག་པ་ནི་འདས་པའི་ལོ་བདུན་གྱི་རིང་ཟླ་གཅིག་གི་ནང་དུ་ཨ་རིའི་དམག་མི་བསད་པ་མང་ཤོས་ཆགས་ཡོད་ཅིང་། ཁྱོན་སྡོམ་ཟླ་སྔོན་མའི་ནང་དུ་ཨ་རིའི་དམག་མི་ ༤༦ བསད་ཡོད་ཅིང་། ཨི་རག་གི་ནང་ནས་བསད་གྲངས་ཅུང་ཇེ་ཉུང་དུ་ཕྱིན་པ་དང་བསྟུན། ཨབ་གྷན་དུ་བསད་གྲངས་འཕར་གྱིན་ཡོད་འདུག་ལ། ད་ཆར་ཊ་ལི་བྷན་གྱི་སུམ་འཛུལ་དང་སྟོབས་ཤུགས་མངོན་སུམ་གྱིས་རྒྱས་ཏེ། ཨབ་གྷན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་ཁོང་ཚོའི་ལག་ལ་ཤོར་ཡོད་འདུག
ཨ་རིའི་དམག་མིའི་བཀོད་འདོམ་པ་ཞིག་གིས་བརྗོད་པ་ལྟར་ན། ལོ་འདིའི་ཕྱི་ཟླ་དང་པོ་ནས་ལྔ་པ་བར་ཊ་ལོ་བྷན་འཇབ་དམག་གིས་ཚུར་རྒོལ་བྱས་དེ་ན་ནིང་གི་དུས་ཚིགས་གཅིག་མཚུངས་འདིར་བསྡུར་ན་བརྒྱ་ཆ་ ༤༠ འཕར་ཡོད་འདུག རགས་རྩིས་ལྟར་ན། ཨབ་གྷན་དུ་ཨ་རིའི་དམག་མི་ ༣༢༠༠༠ ལྷག་ཡོད་ཅིང་། ༢༠༠༥ ལོར་ཨ་རིའི་དམག་མི་ ༢༥༠༠༠ ཡོད་ཚུལ་འདུག ཨ་རིའི་དབུས་དམག་སྒར་གྱིས་ད་དུང་དམག་མི་ ༧༠༠༠ འཕར་སྣོན་བྱས་ཏེ་དྲག་རྒོལ་གྱི་ས་ཁུལ་ཁག་ནང་འབུར་འཇོམས་བྱེད་ཀྱི་ཡིན་ཚུལ་བརྗོད་ཀྱིན་ཡོད།
ཨབ་གྷན་ནང་ཨ་རིའི་དམག་མིའི་ཕན་ནས་རྒྱལ་ཁབ་གཞན་པ་དག་གི་དམག་མིའང་ ༣༨༠༠༠ ལྷག་ཡོད་ལ། དེ་དག་ནི་བྱང་དམག་དོན་སྒྲིག་འཛུགས་ཀྱི་འོག་ནས་ཨབ་གྷན་གྱི་ཡུལ་ལུང་སོ་སོར་བཀྲམས་ནས་ཡོད་འདུག ཝ་ཤིན་ཊོན་གྱི་དམག་སྒར་དང་ཨབ་གྷན་ནང་ཡོད་པའི་ཨ་རིའི་དམག་སྒར་གྱི་མགོ་ཁྲིད་ཚོས་ཨབ་གྷན་ནང་རྒྱལ་ཁབ་མཉམ་འབྲེལ་གྱི་དམག་མི་བཞག་པའི་གྲངས་འབོར་ཉུང་དྲག་ཡོད་ཚུལ་གླེང་གི་ཡོད། ཨ་རིའི་དམག་མི་འཕར་སྣོན་དང་སྦྲགས་ཝ་ཤིན་ཊོན་གྱིས་བྱང་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་རྣམས་ལ་ཨབ་གྷན་ནང་དམག་མི་འཕར་སྣོན་བྱེད་དགོས་པའི་སྐུལ་མ་བྱེད་ཀྱིན་ཡོད།
ཨ་རིའི་སེམས་ཁྲལ་འདི་ནི་གསང་བའི་ལས་ཁུངས་ནས་ཨབ་གྷན་ནང་གི་ངོ་ལོག་པའི་གནས་སྟངས་སྐོར་ལ་སྙན་ཐོ་བཏོན་པ་དང་བསྟུན་ནས་སླེབས་ཡོད། བདུན་ཕྲག་སྔོན་མའི་ནང་གསང་བའི་ལས་ཁུངས་ཀྱིས་སྙན་ཐོ་བཏོན་པ་ལྟར་ན། ཨབ་གྷན་ནང་དུ་ངོ་ལོག་ཤོག་ཁག་རིགས་གཉིས་ཡོད་ཅིང་། གཅིག་ནི་ཊ་ལི་བྷན་གྱིས་སྣེ་ཁྲིད་དེ་ཨབ་གྷན་ལྷོ་ཕྱོགས་ཀྱི་ཁན་ཌ་ཧར་ས་ཁུལ་དུ་ཡོང་གི་ཡོད་ལ། གཞན་དེ་ནི་ཨབ་གྷན་ཤར་ཕྱོགས་ཀྱི་འཇབ་དམག་ཁག་མཉམ་འབྲེལ་གྱིས་གྲུབ་ཡོད་འདུག་ལ། ཤོག་ཁག་འདི་གཉིས་ཀྱི་ཐུན་མོང་གི་དམིགས་ཡུལ་ནི་ཨབ་གྷན་ནང་ཡོད་པའི་ཕྱི་རྒྱལ་གྱི་དམག་མིའི་བསྟི་གནས་ཚང་མ་གཏོར་ཏེ་རྩད་རྫོགས་བྱེད་རྒྱུ་དེ་ཡིན་ཚུལ་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese