མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚད་མཐོ་རུ་གཏོང་རོགས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་འདུ་དུས་ལྔ་བ་ཚོགས་ཏེ་བོད་གཞུང་གི་དཔལ་འབྱོར་སྔོན་རྩིས་དང༌། ཆབ་སྲིད་བགྲོ་གླེང་མགོ་འཛུགས་བྱས་ཡོད་ལ། ༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་བ་དང༌། གྲོས་ཚོགས་གྲོལ་རྗེས་སྤྱི་འཐུས་ནང་ཁུལ་ཉིན་༥རིང་བོད་ཕྱི་ནང་གི་ཆབ་སྲིད་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག
         ཟླ་འདིའི་ཚེས་༤ཉིན་ནས་༡༥བར་དུ་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ལྔ་བ་འཚོགས་ཡོད་པ་དང༌།ཕྱི་ཚེས་༨ཉིན་༧གོང་ས་མཆོག་གིས་གྲོས་ཚོགས་ལ་ཆེད་དུ་གསུང་འཕྲིན་གནང་བའི་ནང༌། མང་གཙོ་སྔར་ལས་ལྷག་པའི་དོན་སྙིང་ལྡན་པ་ཡོང་ཆེད་གྲོས་ཚོགས་ཀྱི་འཐུས་མི་དང་ལས་རིམ། ལམ་སྲོལ་བཅས་ཀྱི་གནས་ཚད་གོང་མཐོར་གཏོང་ཐབས་ལ་སྒོ་ཀུན་ནས་འབད་གལ་ཆེ་བ་དང༌། གཞིས་ཕྱེས་བོད་མིའི་འཕྲད་ཕུགས་ཀྱི་བདེ་རྩར་སྨན་ངེས་ཀྱི་ལས་གཞི་ཁག་ལ་འོས་འཚམས་ཀྱི་སྟངས་འཛིན་གཏན་འབེབས་བྱ་ཕྱོགས་ལ་བློ་གྲོས་བཏོན་ཏེ། གྲོས་ཚོགས་དོན་ལྡན་ཡོང་དགོས། དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་སྡེ་ཚན་སོ་སོས་རང་རང་གི་འགན་དབང་ངོས་འཛིན་འཕྱུག་མེད་དང་འབྲེལ་རྣམ་དཔྱོད་ཀྱི་ནུས་པ་ཡོད་རྒུ་རྩལ་སྤྲུགས་བྱེད་དགོས་ཞེས་བཀའ་ནན་གནང་ཡོད་འདུག།
         བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་ལྔ་བའི་དབུ་འཛུགས་གསུང་བཤད་གནང་པར། སྐབས་༡༡ནས་ད་ལྟའི་བར་བྱུང་མ་མྱོང་བ་ཞིག་ལ་ཐེངས་འདིའི་གྲོས་ཚོགས་དེ་གསུམ་བཅུའི་དུས་དྲན་སྲུང་གཙིའི་སྐབས་སྤྱི་འཐུས་རྣམ་པ་བཞུགས་སྒར་དུ་ཡོད་པཞིག་ཆེད་མངགས་བཟོས་ཡོད། ད་ལོའི་གསུམ་བཅུའི་དུས་དྲན་སྐབས་སྤྱི་འཐུས་ཚང་མ་ཆབ་སྲིད་གྱིས་དུས་དྲན་གལ་ཆེན་དེར་མཉམ་ཞུགས་གནང་རྒྱུ་དང༌། དེའི་ཐོག་ནས་བོད་སྤྱི་བའི་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་ཡོད་པའི་ཐོག་ལ་ཚང་མས་ཐུགས་ཁུར་ཆེར་བཞེས་དང༌། ༧གོང་ས་མཆོག་གི་གསུང་འཕྲིན་ལ་གསན་རྗེས་ལས་འགུལ་གང་འདྲ་ཞིག་བརྩམས་དགོས་ན་དངོས་སུ་རང་ཉིད་མཉམ་ཞུགས་ཡོང་བའི་རེ་བ་ཞུ་བཞིན་ཡོད། བོད་ཀྱི་གནས་སྟངས་ཛ་དྲག་དུ་འགྲོ་བཞིན་ཡོད་པ་གང་ནས་ཤེས་ཟེར་ན། གཞིས་ལུས་སྤུན་ཟླ་ཚོས་དགོངས་པ་བཞེས་སྟངས་དང་ཕྱག་ལས་གནང་སྟངས་ཀྱི་ཐོག་ནས་ཤེས་ཐུབ། རྒྱ་ནག་གིས་བོད་མིའི་སེམས་ལ་གནོད་པ་ཚད་མེད་བྱེད་ཀྱིན་ཡོད་སྟབས་བོད་ནང་ཟིང་འཁྲུག་ལངས་པ་དང༌། བཙན་བྱོལ་ནང་དུ་ཡང་བསམ་བློ་གཞན་ཞིག་གཏོང་རྒྱུ་ལས་རེ་བ་མེད་པའི་བསམ་ཚུལཡོང་གིན་ཡོད། ང་ཚོའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གོམ་བགྲོད་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད། སྤྱིར་དེ་ཚོ་གཞུང་འབྲེལ་མིན་པའི་ཚོགས་པས་བརྩམས་པའི་ལས་འགུལ་ཞིག་ཡིན་ཡང༌། ང་ཚོ་ཚོར་བ་མེད་པར་འདུག་ཐབས་ཡོད་པ་མ་རེད། གནས་སྟངས་ལ་གཞིགས་ཏེ་གང་ཞིག་དགོས་བྱེད་དགོངས་པ་བཞེས་དགོས་པ་ཆགས་སྲིད་བཅས་གསུངས་བྱུང༌།
         རྩིས་ལོ་༢༠༠༨ནས་༢༠༠༩སྔོན་རྩིས་ཐད་འདི་གའི་གསར་འགོད་པས་སྤྱི་འཐུས་རྒྱུན་ལས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ད་ལོ་དཔེ་མི་སྲིད་པའི་ཡག་པོ་རེད། ལོ་ལྟར་སྔོན་རྩིས་ཕྲན་བུ་ལྷག་འདུག་པ་བྱུང་ཡོད་པ་རེད་དེ། དེ་ཚོ་ཡང་རྒྱུན་གྲོན་དང་དམིགས་བསལ་གྱི་རྩིས་མགོ་གསལ་ལ་མི་གསལ་བ་ཕྲན་བུ་བྱུང་བ་ལས་གནད་འགག་གང་ཡང་མི་འདུག་ཅེས་བརྗོད་བྱུང་ལ། ཡང་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ངའི་ཚོར་སྣང་ལ་ད་བར་བྱུང་མ་མྱོང་བའི་ཡག་ཤོས་དེ་རེད་འདུག རྒྱུན་གྲོན་དང་དམིགས་བསལ་གཉིས་ཀའི་ཐད་འཕར་སོང་དང་འཕར་ཆུང་ཡོད་པ་མ་རེད། རྒྱལ་ཁབ་ཚང་མའི་གྲོས་ཚོགས་ཀྱི་དམིགས་ཡུལ་དེ་རེད། བཀའ་ཤག་ནས་དགོངས་པ་རྒྱ་ཆེན་པོ་བཞེས་ཏེ་འདི་འདྲའི་སྔོན་རྩིས་ཤིག་ཕུལ་བར་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བརྗོད་བྱུང༌། 

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

ཆུ་ཚོད་ ༥ སྔོན་ལ།
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

ཆུ་ཚོད་ ༧ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese