མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་པ་ཐེངས་གཅིག་དང༌། ཤི་བ་ཐེངས་གཅིག་ཡིན།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

གནད་འགག་ཆེ་བའི་གནས་ཚུལ་གཅིག་ཞུ་རྒྱུ་ཡོད། དེ་གང་ཡིན་ཞེ་ན། དོལ་རྒྱལ་བསྟེན་གསོལ་བྱེད་ཕྱོགས་སྐོར་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིསདོལ་རྒྱལ་བསྟེན་གསོལ་བྱེད་ཕྱོགས་སྐོར་ལ་ལམ་སྟོན་གནང་ནས་ཧ་ལམ་ལོ་སུམ་ཅུ་སོ་གྲངས་འགྲོ་བཞིན་ཡོད་པ་རེད། དེ་འདྲ་ཞིག་གི་རྗེས་སུ་ད་དུང་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང༌། གདན་ས་ཆེན་པོ་དགའ་ལྡན་ཞུ་བ་དེ་ཚོའི་ནང༌། མི་ཐབ་ཆག་ངའི་ཟོལ་འདྲ་བོ་ཞིག་གིས་དོལ་རྒྱལ་བསྟེན་རྒྱུ་ཡོད་པ་མ་རེད་ཅེས་བསྐྱར་བཤད་རྒྱག་དགོས་བྱུང་བ་དེ་ཧ་ཅང་བློ་ཕམ་གྱི་རང་བཞིན་རེད། གང་ལམ་སྟོན་གནང་བ་དེ་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད། བླ་མ་ཡིན་ཞེས་ལབ་མཁན་ཡོངས་སུ་རྫོགས་པས་ཉི་མ་གཅིག་ལ་ལག་ལེན་བསྟར་མི་ཐུབ་པ་ཞིག་དང༌། བསྟར་མི་ཤེས་པ་གང་ཡང་ཡོད་པ་མ་རེད།  ཡིན་ན་ཡང་དམ་ཚིགས་ཉམས་པའི་མཁྲེགས་འཛིན་ཅན་རེ་ཟུང་གིས་གནས་ཚུལ་འདི་མི་མཐུད་ནས་སྤྱི་ཚོགས་ཀྱི་ནང་ལ་རྙོག་འཛིང་བཟོ་རྒྱུ་ཞིག་དང༌། གདན་ས་ཁག་གི་ནང་ལ་ལྷིང་འཇགས་མི་ཡོད་བ་ཞིག་བཟོ་རྒྱུར་འབད་བརྩོན་མུ་མཐུད་བྱས་པ་དེ། ད་ནི་ང་ཚོས་ཐག་གཙང་མ་གཅོད་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་རེདབསམ་གྱིན་འདུག   ངས་དེ་རིང་སེམས་འཚབ་དྲག་པོའི་ཐོག་ནས་འདིར་ཡོད་པའི་མཁན་པོ་བླ་སྤྲུལ་ཚོས་མཚོན་པའི་དགེ་འདུན་པ་ཡོངས་ལ་ཤུགས་ཆེན་པོས་ཐོག་ནས་རེ་མདུན་ཞུ་རྒྱུ་ལ།  རྗེས་མ་ང་འདིར་ལོ་ཁ་ཤས་ཀྱི་རྗེས་ལ་བཅར་རྒྱུའི་གོ་སྐབས་བྱུང་བ་ཡིན་ན།   ང་ཚོས་བགྲོ་གླེང་བྱེད་པའི་སྐབས་ལ་ཡང་བསྐྱར་དོལ་རྒྱལ་གྱི་མིང་འབོད་མི་དགོས་པའི་གཙང་མ་ཞིག་ཆགས་པའི་རེ་བ་ཡོད། དེ་ཆགས་དགོས་པ་རེད་ཅེས་བཙན་བྱོལ་བོད་གཞུང་གིས་བཀའ་གཏོང་གིན་ཡོད་པ་མ་རེད་ལ༌།  ༧རྒྱལ་བ་རིན་པོ་ཆེས་ཀྱང་བཙན་བཀའ་གནང་གིན་ཡོད་པ་མ་རེད།  ཁྱོད་རང་ཚོ་རང་གིས་སྔ་ཕྱི་བར་གསུམ་དུ་མཁན་པོ་བླ་སྤྲུལ་རྣམ་པ་ཚོས་གྲོས་ཆོད་ག་རེད་བཞག་ཡོད། སྒྲིག་གཞི་ག་རེ་བཟོས་ཡོད།  བཀའ་སློབ་ག་ཚོད་གནང་ཡོད་པ་དེ་ཚོ་ངས་དྲན་གསོ་ཞུ་གིན་ཡོད། དེ་ཚོ་སུ་གང་གིས་བཙན་དབང་བྱས་ནས་བཞག་པ་ཞིག་མ་རེད།  ཤ་ཁ་ཁ་གྲི་སོསོ་བཟོ་རྒྱུ་་ཟེར་ནད་གྲོས་ཆོད་བཞག་གནང་ཡོད་པ༌། ཁ་དང་ཁ་སྤུ་དབྱེ་བ་འབྱེད་རྒྱུ་ཡིན་ཟེར་ནས་གྲོས་ཆོད་བཞག་ཡོད། དགེ་ལུགས་སྤྱི་ལ་ཁྱབ་པའི་སྒྲིག་གཞིའི་ནང་ལ།  གདན་ས་ཁག་ལ་འཛུལ་བའི་སྐབས་དོལ་རྒྱལ་དང་འབྲེལ་བ་མེད་པ་ཞིག་དགོས་པ་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར་ནས་བཀོད་ཡོད།  དེ་བཀོད་མཁན་རང་ཚོས་བདག་པོ་མ་སྐྱོན་ན་གནས་ཚུལ་དེ་གང་ཞིག་ཆགས་སོང༌། དེ་འདྲ་བསམ་མཁན་ཡང་ཡོད་པ་རེད་ལ༌།དེ་འདྲ་ལབ་མཁན་ཡང་ཡོད་པ་རེད། དོལ་རྒྱལ་སྐོར་༧སྐྱབས་མགོན་རིན་པོ་ཆེས་མ་གསུང་ན་ཡག་པོ་ཡོས་ཟེར། དེ་དོན་དག་མེད་པའི་རྙོག་དྲ་རེད༌།  དེ་འདྲའི་དགོངས་པ་བཞེས་མཁན་འདུག་ཅེས་ངས་ཚོད་དཔག་བྱས་ནས་ཞུས་པ་མིན།  ང་ལ་ཡང་དེ་འདྲ་ཤ་ཚའི་འདུ་བྱེད་ཐོག་ནས་བཀའ་སློབ་གནང་མཁན་འདུག  ད་དེའི་ཐོག་ནས་ཞེ་དྲག་ཞེ་དྲག་བཤད་རྒྱུ་ཡོད་པ་མ་རེད།  ཉེན་ཁ་ཡོད་པ་རེད། སྐྱེ་པ་ཐེངས་གཅིག་ལ་ཤི་བ་ཐེངས་གཅིག་མ་གཏོགས་བསྐྱར་བརྡབ་ཡང་བརྡབ་བྱེས་ནས་ཤི་བ་མེད་ལ། དོལ་རྒྱལ་ཚོགས་པས་བསད་པ་ཡིན་ན་ཡང་ཤི་རྒྱུ་རེད། དོལ་རྒྱལ་ཚོགས་པས་མ་བསད་པར་ལྷག་པ་ཡིན་ནའང་ཤི་རྒྱུ་རེད། རྒྱལ་བ་ལྔ་བ་ཆེན་པོས་བོད་བསྟན་པ་ཆབ་སྲིད་དང༌། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་དགོངས་པ་བཞེས་ནས་དོལ་རྒྱལ་བཀག་འགོག་གནང་བ།  ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་མཚོན་པའི་ཚད་ལྡན་གྱི་སྐྱེས་བུ་དམ་པ་མང་བོས་བཀག་འགོག་གནང་བ་རེད། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བཀག་འགོག་གནང་བ་རེད།  བཀག་འགོག་གནང་བ་དེ་བོད་བསྟན་པ་ཆབ་སྲིད་དང༌།  སངས་རྒྱས་ཀྱི་བསྟན་པ་ལ་དགོངས་པ་བཞེས་ནས་བཀག་འགོག་གནང་བ་རེད་མ་གཏོགས།  རྙོག་དྲ་བཟོ་རྒྱུའི་ཆེད་དུ་གསུངས་པ་ཞིག་རྩ་བ་ཉིད་ནས་མ་རེད། ང་ཚོ་ལ་མགོར་ཡར་སོང་སྟེ་མར་གཏང་སར་མཆོངས་གིན་ཡོད་པར་གོང་ས་སྐུ་ཕྲེང་ན་རིམ་གྱིས་ལམ་སྟོན་གནང་བ་དེ། སྙིང་རྗེས་ཀུན་ནས་བསླངས་པའི་ལམ་སྟོན་ཅིག་རེད་མ་གཏོགས་རྙོག་དྲ་སློང་རྒྱུའི་གནས་ཚུལ་ཞིག་ཆགས་ཀྱིན་ཡོད་པ་མ་རེད། དེ་འདྲར་བརྟེན་གདན་ས་ཁག་གི་ནང་ལ་༧གོང་ས་སྐྱབས་མགོན་ཆེན་པོ་རྗེས་མར་ཞབས་སོར་འགོད་པའི་སྐབས་ལ།  ཐུགས་འཚེར་སྣང་མེད་པའི་ཐོག་ནས་གསུང་ཆོས་གནང་ཐུབ་པ་ཞིག་བཟོ་དགོས་པ་དེ་གདན་ས་སོ་སོའི་དགེ་འདུན་པ་དང་དབུ་གཞུགས་ཚོའི་ལསའགན་རེད། འདིར་ཆོས་འབྲེལ་བྱས་པ་ཡིན་ན་གང་འདྲ་ཞིག་ཡིན་ནམ་བསམ་པའི་ཐུགས་དོགས་ཟ་དགོས་པའི་གནས་ཚུལ་མེད་པ་བཟོ་མ་ཐུབ་པ་ཡིན༌།  ང་ཚོས་ཆོས་འབྲེལ་གྱི་སྦྱིན་བདག་ཞུ་རྒྱུ་ཡིན། མཐུན་རྐྱེན་གཏོང་གི་ཡིན།  གཅིག་གཅིག་གནང་རོགས་གནང་ཟེར་ནས་སྙན་སེང་ཞུས་བཞག་པ་ཡོད་ཀྱང༌། ངས་ཕན་ཐོགས་ཡོད་པ་མ་རེད་བསམ་གྱིན་ཡོད། སྣོད་སྨིན་པ་ཞིག་བཟོ་རྒྱུ་ཡིན་ན། གདུལ་བྱ་གཙང་མ་ཞིག་བཟོ་རྒྱུ་ཡིན་ན་ཚང་མས་དགོངས་པ་བཞེས་དགོས། ཉེ་ཆར་འཇང་འགུམན་ཆོས་ཚོགས་འཚོགས་པའི་སྐབས་ལ། བགྲོ་གླེང་བྱེད་མཁན་མ་བྱུང་བ་ཅེས་ནས་གོ་སོང༌།   ངས་དེ་དུས་རང་ལབ་རྒྱུ་བྱུང༌། ཞེ་དྲག་ཡག་པོ་རེད། དེ་འདུལ་བ་དང་མཐུན་པ་རེད། ཆོས་དང་མཐུན་པ་རེད། 
དེ་བཞིན་མཁན་རིན་པོ་ཆེ་རྣམ་པ་ཚོས་ཐག་གཅོད་ག་རེ་གནང་ཡོད་པ་རེད། གྲོས་ཆོད་ག་རེ་བཞག་ཡོད་པ་རེད། དེ་དག་ལ་དགེ་འདུན་པ་ཚོས་གུས་ཞབས་དང་ལྡན་པ་འི་ཐོག་ནས་དྲན་གསོ་ཞུ་རྒྱུ་དེ་འོས་ཤིང་འཚམ་པའི་བྱ་བ་ཞིག་རེད་བསམ་ཡོད། དོལ་རྒྱལ་གྱི་གནས་ཚུལ་འདི་སྔོན་མ་ཡིན་ན་འཇིག་རྟེན་པའི་དྲེགས་པ་ཞིག་བསྟེན་དང་མ་བསྟེན་གྱི་དྲི་བ་རྐྱང་པ་ཞིག་རེད། ཡིན་ན་ཡང་ད་ལྟའི་གནས་སྐབས་ལ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་ཀ་ཞིག་ཆགས་ཚར་བ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསམ་མེད་ཁ་ཤས་ཀྱིས་དོལ་རྒྱལ་རྗེས་འབྲངས་པ་དེ་ཚོ་༧རྒྱལ་བ་རིན་པོ་ཆེའི་ཁ་གཏད་ལ་བེད་སྤྱོད་གཏོང་རྒྱུ་ཡག་ཤོས་ཞིག་ཆགས་འདུག་བསམ་སྟེ། རྒྱུ་དང་དངུལ་དངོས་གང་གི་ཐོག་ནས་རོགས་རམ་བྱེད་ཀྱིན་ཡོད་པ་རེད། སྒྲིག་འཛུགས་བྱེད་ཀྱི་ཡོད་པ་རེད། དོལ་རྒྱལ་གྱི་ཆོས་སྦྱིན་གནང་མཁན་ཕྱི་ལོག་ནས་ཚུར་གདན་འདྲེན་ཞུ་དགོས་བྱུང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབཀྱིས་འགྲོ་སོན་བཏང་ནས་གདན་འདྲེན་བྱེད་རྒྱུ་ཡིན་ཟེར་གྱིན་ཡོད་པ་རེད།  ལྐོག་ལྐོག་སུད་སུད་ཀྱི་སྐད་ཆ་གང་མ་རེད། མངོན་གསལ་དོད་པོའི་ཐོག་ནས།  ཡོངས་གྲགས་ཀྱི་ཐོག་ནས། དོལ་རྒྱལ་རྗེས་འཇུག་པ་ཚོསཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འབྲེལ་བ་བྱེད་ཀྱིན་ཡོད།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་དོལ་རྒྱལ་རྗེས་འཇུག་པ་ཚུར་བེད་སྤྱོད་གཏོངགིན་ཡོད་པ་རེད།  གནད་དོན་དེ་འདྲ་ཞིག་གི་འོག་ལ། ང་ཚོ་བོད་ཀྱི་རྩ་དོན་སྒྲུབ་པའི་ལས་དོན་གྱི་ཐོག་ལ་འགན་ཡོད་པ་ཚང་མས་སྣང་མེད་ལ་བཞག་ན་འགྲིག་གི་འདུག་གམ།  བར་ལམ་འཇིགས་སྐུལ་དང་དྲགས་སྤྱོད་ཀྱི་ལས་ཀ་གང་འདྲ་ཞིག་བྱས་པ་རེད། དེ་ལོ་རྒྱུས་དེབ་ཐེར་གྱི་ནང་ལ་འགོད་དགོས་པ་ཞིག་རེད་མ་གཏོགས། ང་ཚོ་དགའ་མིན་དགའ་མདོག་གིས་སྐད་ཆ་བཤད་པ་མ་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་མདུན་ལ་ཆོས་ཀྱི་འབྲེལ་བ་བཞག་ན་འགྲིག་གི་མ་རེད་ཅེས་ལབ་ཡོད་པ་རེད་མ་གཏོགས། དེ་ལས་གཞན་པའི་ཤེས་ཡོན་དང༌། གཞིས་ཆགས་ཡིན་ནའང་འདྲ། ཐོབ་ཐང་གཞན་པ་གང་ལའང་ང་ཚོས་ག་དུས་ཡིན་ནའང་གཏོར་བཤིག་བཏང་མེད་པ།  ང་ཚོ་ལ་ཉེན་ཁ་ཡོད་པ་རེད། ཁོ་རང་ཚོ་ལ་ཉེན་ཁ་འདུག་ཟེར་ནས་རྒྱ་གར་གཞུང་ལ་སྔ་ཕྱི་བར་གསུམ་ལ་ཞུ་རྒྱུ་དེ་ཚོ།  ཧམ་པ་བཤད་ན།  བདེན་པ་གཡག་ཙམ་ཞིག་ཐོབ་ཀྱི་རེད་བསམ་པའི་གནས་དུས་ཚོད་རྩིས་ཀྱི་ལས་ཀ་རེད།  དེར་བརྟེན་རྒྱ་གར་གཞུང་སྐྱག་རྫུན་བཤད་ནས་མགོ་བསྐོར་ཐེབས་ཀྱི་ཡོད་པ་མ་རེད།  རྒྱལ་སྤྱིའི་ཞིབ་འཇུག་ཚགས་ཚུད་བྱས་པའི་རྗེས་ལ་གྲུབ་དོན་ག་རེ་རྙེད་འདུག   དེ་ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་རེད།  རྒྱུ་མཚན་དེར་བརྟེན་ནས་ཆོས་ཀྱི་ཐོག་ནས་དཀའ་ངལ་ཡོད་ལ། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བེད་སྤྱོད་སྡུག་ཤོས་འོག་ལ་འགྲོ་བསྡད་པ་ཡིན་ན་དཀའ་ལས་ཁག་པོ་རེད་བསམ་གྱིན་འདུག   མཁན་པོ་དང་དགེ་བསྐོས་རྣམ་པ་ཚོ། གཞན་ཡང་ལས་ཀྱི་སྣེ་མོར་གཏོགས་པ་ཁ་ཤས་ཀྱིས་རང་དོན་རྒྱབ་བསྐྱུར་བྱས་ཏེ་དཀའ་ལས་བརྒྱབས་པ་ང་ཚོས་ཤེས་ཀྱིན་ཡོད། ཁ་ཤས་ཀྱིས་བདེ་འཇགས་ལ་གནོད་རྒྱུ་རེད་དགོངས་ཏེ། འགྲོ་མཁས་འདུག་མཁས་བྱས་ནས་བཞུགས་ཀྱིན་ཡོད། དེ་འདྲ་བྱས་ནས་བཞུགས་མཁན་ཚོར་ཡང་དགག་བྱ་དང་དགོས་པ་ཡོད་རྒྱུ་རེད། དེར་ང་ཚོས་ཞུ་རྒྱུ་གང་ཡང་མེད། ཡིན་ནའང༌།  ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་ཕྱག་ལས་གཙང་མ་དང༌། གསལ་བོ་གནང་མཁན་དེ་ཚོ་ལ་ག་དུས་ཡིན་ནའང་ང་ཚོས་རྗེས་སུ་ཡི་རང་ཡོད།  བསྔགས་བརྗོད་ཡོད། དགོས་གལ་བྱུང་ན་གང་འདྲ་ཞིག་གི་རྒྱབ་སྐྱོར་དགོས་ནའང་བཙན་བྱོལ་བོད་གཞུང་གི་ངོས་ནས་ཞུ་རྒྱུ་ཡིན་ཞེས་ཞུ་འདོད་བྱུང་སོང༌།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེསའབྲས་སྤུངས་སུ་དོལ་རྒྱལ་སྐོར་ལ་གསུངས་པའི་བཀའ་སློབ་ལས་ཟུར་འདོན་བྱས།

འབྲེལ་ཡོད་གསར་འགྱུར།

University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

ཆུ་ཚོད་ ༡༡ སྔོན་ལ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese