མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་ཚོགས་པ་ལ་དཔྱད་པའི་གཏམ་དོན་ཚན་དགུ

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

              ཏཱ་ཅིའུ་ཡོན་ཚགས་པར་རྩོམ་སྒྲིག་ཁང༌། 
              ས་དཀར་བཀྲིས་ཀྱིས་བོད་བསྒྱུར་བྱས། 

དོན་ཚན་དང་པོ། དམར་ཤོག་ཚོགས་པ་ནི་ཅི་ཞིག་ཡིན་པར་དཔྱད་པ།
གླེང་བརྗོད།
   ལོ་ངོ་སྟོང་ཕྲག་ལྔའི་རིང་རྒྱ་ནག་མི་རིགས་དེ་རྨ་ཆུ་དང་འབྲུ་ཆུ་བཞུར་རྒྱུན་ཀྱི་ས་ཁུལ་འདིར་སྐྱེས་འཕེལ་དང་འཚོ་གནས་བྱུང་ཡོད་ལ། རྒྱལ་རབས་བཅུ་ཕྲག་དུ་མ་བརྒྱུད་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་ཡོད་པ་དང༌། སྐབས་དེར་དར་རྒུད་དང་འཕེལ་འགྲིབ་ཅི་རིགས་བྱུང་ཡོད་པ་ནི་བརྗིད་ཉམས་ལྡན་ལ་ཡིད་སེམས་འགུལ་བ་ཞིག་རེད།
   ལོ་རྒྱུས་སྨྲ་བ་ཚོས༡༨༤༠ ལོ་ནས་བཟུང་རྒྱ་ནག་གྀ་ཉེ་རབས་ལོ་རྒྱུས་འགོ་བརྩམས་པར་ངོས་བཟུང་ཡོད་པ་དང༌། དེ་ནི་རྒྱ་ནག་དེ་གནའ་བོའི་དུས་རབས་ནས་དེང་རབས་ཅན་དུ་བགྲོད་པའི་གོམ་པ་ཐོག་མ་ཡང་ཡིན། དུས་དེ་ནས་བཟུང༌། རྒྱ་ནག་གི་རིག་གཞུང་གིས་ཕལ་ཆེར་ལོ་རྒྱུས་ཀྱི་རླབས་རིམ་བཞི་ལ་འཐབ་རྩོད་དང་གདོང་ལེན་བྱས་ཡོད། རླབས་རིམ་སྔོན་མ་གསུམ་གྱི་འཐབ་རྩོད་ནི་ ༡༨༦༠ ལོ་དབྱིན་ཇི་དང་ཧཕ་རན་སི་མཉམ་འབྲེལ་དམག་གིས་པེ་ཅིན་ལ་བཙན་རྒོལ་བྱས་པ་དང༌། ༡༨༩༤ ལོར་ཉི་ཧོང་དང་ལྷན་ཤིང་རྟ་ལོའི་དམག་འཁྲུག  ༡༩༠༦ ལོར་ཉི་ཧོང་དང་ར་ཤི་ཡ་གཉིས་ཀྱིས་རྒྱ་ནག་བྱང་ཤར་ལ་བཙན་འཛུལ་བྱས་པའི་འཐབ་རྩོད་བཅས་ཡིན། རྒྱ་ནག་གིས་གདོང་ལེན་བྱེད་ཕྱོགས་ནི་ཕྱིའི་སྔོན་ཐོན་རིག་གནས་ནང་འདྲེན་བྱེད་པའི་ཕྱི་གླིང་ལས་འགུལ་དང་ལམ་ལུགས་བཅོས་བསྒྱུར་དེ་ས་ཁྱི་ལོའི་ལུགས་བསྒྱུར། ཆིན་རྒྱལ་རབས་ཀྱི་བཅའ་ཁྲིམས་བཟོས་པའི་ལས་འགུལ། ཕྱིས་ཀྱི་ལྕགས་ཕག་ལོའི་གསར་བརྗེ་བཅས་ཡིན། ལས་འགུལ་དེ་དག་མི་མང་པོ་ཞིག་གིས་ཕམ་ཁ་བྱུང་བར་ངོས་འཛིན་བྱས་སྟབས། དེར་བརྟེན་ལྔ་བཞི་ལས་འགུལ་བྱུང༌། དེ་ནས་བཟུང་རླབས་བཞི་པའི་འགོ་བརྩམས་པ་དང་དེ་ནི་ཆེས་མཐའ་མཇུག་གི་གདོང་ལེན་ཞིག་ཀྱང་ཡིན་ལ། དེ་ནི་རིག་གནས་ཀྱི་ངོས་ནས་ཡོད་ཚད་ནུབ་ལུགས་ཅན་དུ་བསྒྱུར་རྒྱུ་དེ་རེད། དེར་མཐུད་ནས་གསར་བརྗེ་སྟེ་དམར་ཤོག་རིང་ལུགས་ལས་འགུལ་བྱུང༌།
   དཔྱད་རྩོམ་འདིའི་བརྗོད་གཞི་ནི་རྒྱ་ནག་གིས་ཆེས་མཐའ་མཇུག་གི་རླབས་དེ་ལ་གདོང་ལེན་དང་དེའི་མཇུག་འབྲས་ཏེ། དམར་ཤོག་རིང་ལུགས་ལས་འགུལ་དང་དམར་ཤོག་ཚོགས་པ་ཡིན། ལོ་ངོ་༡༦༠ བརྒྱུད་རིམ་ཁྲོད་མི་སྲོག་དུང་ཕྱུར་ལ་ཉེ་བ་དོན་མེད་རྐྱེན་ལམ་དུ་སོང་བ་དང༌། ད་དུང་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་དང་རིག་གནས་ཡོད་ཚད་ཀྱི་འགྲོ་སོང་བཏང་རྗེས་རྒྱ་ནག་གིས་གདམས་པའམ་ཡང་ན་རྒྱ་ནག་ལ་བཙན་འགེལ་བྱས་པའི་མཇུག་འབྲས་ནི་ཅི་ལྟ་བུ་ཞིག་ཡིན་ནམ།
༡། དྲག་གནོན་དང་འཇིགས་སྐུལ་ལ་བརྟེན་ནས་སྲྀད་དབང་འཕྲོག་འཛིན་བྱེད་པ།
    དམར་ཤོག་ཚོགས་པའི་བསྒྲགས་གཏམ་གྱི་མཇུག་ཏུ་བྱབྱདམར་ཤོག་ཚོགས་མིས་རང་ཉིད་ཀྱི་དམིགས་ཡུལ་དང་ལྟ་ཚུལ་མི་གསང་བར་གསལ་བསྒྲགས་བྱས་དོན། ཁོ་ཚོའི་དམིགས་ཡུལ་ནི་དྲག་ཤུགས་ལ་བརྟེན་ནས་ད་ལྟའི་སྤྱི་ཚོགས་ཀྱི་ལམ་ལུགས་ཆ་ཚང་རྩ་མེད་བཏང་ན་གཞི་ནས་གྲུབ་ཐུབ་བྱབྱཅེས་བརྗོད་ཡོད། དྲག་ཤུགས་ནི་དམར་ཤོག་ཚོགས་པར་སྲིད་དབང་ཐོབ་པའི་ཐབས་ལམ་དང་ཐབས་ལམ་གཙོ་བོ་དེ་ཡིན་ལ། འདི་ནི་དམར་ཤོག་ཚོགས་པ་འཁྲུངས་ཉིན་ནས་བཟུང་གཏན་ལ་ཕབ་པའི་རིགས་རྒྱུད་ཀྱི་ན་ཚ་ཐོག་མ་དེ་ཡིན། འཛམ་གླིང་སྟེང་གི་དམར་ཤོག་ཚོགས་པ་དང་པོ་དེ་མར་ཁུ་སི་འདས་བའི་ལོ་མང་པོའི་རྗེས་སུ་གཞི་ནས་བྱུང༌། ༡༩༡༧ ལོར་ཟླ་བཅུ་པའི་གསར་བརྗེ་བྱུང་བའི་ལོ་རྗེས་མ་དེར་ར་ཤི་ཡ་དམར་ཤོག་ཚོགས་པ་དངོས་སུ་དབུ་བརྙེས། དམར་ཤོག་ཚོགས་པ་འདི་བྱབྱགྲལ་རིམ་དགྲ་བོ་བྱབྱལ་དྲག་ཤུགས་བེད་སྤྱད་དེ་བྱུང་བ་དང༌། རྗེས་སུ་རང་ཁོངས་ཀྱི་མིའི་དྲག་ཤུགས་ཁྲོད་མུ་མཐུད་གནས་ཡོད། ར་ཤི་ཡ་དམར་ཤོག་ཚོགས་པའི་ནང་ཁུལ་དག་ཐེར་ཁྲོད་བྱབྱགསང་ཉུལ་བ་བྱབྱདང་བྱབྱངོ་ལོག་པ་བྱབྱཞེས་བའི་མིང་ཐོག་ནས་ལྟ་སྤྱོད་མི་མཐུན་པ་མི་གྲངས་ཉིས་སྟོང་ལྷག་དམར་གསོད་བྱས་ཡོད།
   རྒྱ་ནག་དམར་ཤོག་ཚོགས་པ་རྩ་འཛུགས་སྐབས་དེ་ནི་ར་ཤི་ཡ་དམར་ཤོག་ཚོགས་པས་དབང་བསྒྱུར་བའི་རྒྱལ་སྤྱིའི་གུང་ཁྲན་གསུམ་པའྀ་ཡན་ལག་ཅིག་ཡིན་པས། དྲག་སྤྱོད་ཀྱི་སྲོལ་རྒྱུན་དེ་རང་བཞིན་གྱིས་རྒྱུན་འཛིན་བྱས་ཡོད། ༡༩༢༧ ལོ་ནས་༡༩༣༦ ལོར་ཐེངས་དང་པོར་རྒྱ་དམར་ནག་གཉིས་ཀྱི་ནང་འཁྲུག་སྐབས། ཅང་ཞིས་ཞིང་ཆེན་གྱི་མི་གྲངས་དེ་བྱེ་བ་གཉིས་ནས་བྱེ་བ་གཅིག་ལ་མར་ཆག་ཡོད་པའི་གྱོང་གུན་གྱི་ཚབས་ཅི་འདྲ་ཆེ་མིན་མཐོང་ཐུབ་ལ། གལ་སྲིད་སྲིད་དབང་འཕྲོག་རྩོད་ཁྲོད་དྲག་ཤུགས་ནི་ཟློག་ཐབས་མེད་པ་ཞིག་ཡིན་པར་བརྗོད་ཚེ། དེས་ན་འཛམ་གླིང་སྟེང་དམར་ཤོག་ཚོགས་པ་འདི་བཞིན་ཞི་བདེ་གནས་སྐབས་སུ་ད་དུང་དྲག་ཤུགས་ལ་དད་ཞེན་བྱེད་པའི་སྲིད་དབང་ཞིག་རྩ་བ་ནས་ཡོད་མི་སྲིད། ༡༩༤༩ ལོའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་དྲག་སྤྱོད་ཀྱིས་རྐྱེན་ལམ་དུ་བཏང་བའི་མི་འབོར་ནི་སྔོན་མ་མི་ལོ་སུམ་ཅུ་རིང་གི་འཐབ་འཁྲུག་དུས་སྐབས་སུ་ཤི་བའི་མི་འབོར་ལས་བརྒལ་ཡོད་པ་རེད།
    འདིའི་སྐོར་གྱི་ཆེས་དམིགས་གསལ་གྱི་དཔེ་མཚོན་ཞིག་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ཀེམ་པོ་ཊཡ་རྒྱལ་ཁབ་ཀྱི་དམར་ཤོག་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཏེ་སྲིད་དབང་ཐོབ་རྗེས། ཀེམ་པོ་ཊཡ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་འབོར་གྱི་བཞི་ཆའི་གཅིག་དམར་གསོད་བཏང་བ་དང༌། དེའི་ནང་རྒྱ་ནག་གི་མི་རྒྱུད་དང་ཕྱི་སྡོད་རྒྱ་མི་ཕོན་ཆེ་འདུས་ཡོད། དེ་མ་ཟད་རྒྱ་ནག་དམར་ཤོག་ཚོགས་པས་ད་ལྟ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམར་པོའི་ལས་འགུལ་དེའི་སྐོར་ལ་ཡོངས་ཁྱབ་ཁྲིམས་བཤེར་བྱེད་པར་བཀག་འགོག་བྱེད་ཀྱིན་ཡོད་ལ། དེའི་དམིགས་ཡུལ་ནི་རྒྱ་ནག་དམར་ཤོག་གིས་སྐབས་དེར་ནུས་པ་ཅི་འདྲ་ཐོན་པ་དང་སྐྱུག་བྲོ་བའི་གཟུགས་བརྙན་ཅི་འདྲ་ཞིག་བཞེངས་ཡོད་པ་དེར་མུ་མཐུད་འགེབ་སྲུང་བྱ་ཆེད་རེད།
  ངེས་པར་སྟོན་དགོས་པ་ཞིག་ནི། འཛམ་གླིང་སྟེང་ཆེས་གདུག་རྩུབ་ཆེ་ཞིང་དྲག་ཆས་སྤྲས་པའི་ས་ཁུལ་དང་གདུག་རྩུབ་ཅན་གྱི་སྲིད་དབང་ཚང་མ་ཡང་རྒྱ་ནག་དམར་ཤོག་དང་འབྲེལ་བ་དམ་ཟབ་ཡོད་དེ། ཀེམ་བྷོ་ཊཡ་ཕུད་གཞན་ཧིན་རྡུ་ཉིའི་ཤི་ཡ་དམར་ཤོག་དང༌། ཧཕི་ལི་ཕིན་དམར་ཤོག མ་ལེ་ཤི་ཡའི་དམར་ཤོག ཝི་ཐི་ནམ་དམར་ཤོག འབར་མའི་དམར་ཤོག ལེའོ་སིའི་དམར་ཤོག བལ་ཡུལ་དམར་ཤོག་སོགས་ཡོད་ལ། དམར་ཤོག་ཚོགས་པ་དེ་ཚང་མ་ཡང་རྒྱ་ནག་དམར་ཤོག་གིས་རྒྱབ་སྐྱོར་བྱས་ཏེ་བཙུགས་པ་ཡིན་ལ། དེ་ཚོའི་ནང་དམར་ཤོག་གྀ་འགོ་ཁྲིད་མང་ཆེ་བ་རྒྱ་མི་ཡིན་ལ་ཁ་ཤས་དེང་སྐབས་ཀྱང་རྒྱ་ནག་ནང་བསྐུངས་ནས་ཡོད། ལྷག་པར་འཛམ་གླིང་སྟེང་མོའོ་ཙེ་ཏུང་རིང་ལུགས་རྩ་དོན་དུ་བཟུང་བའི་དམར་ཤོག་ཚོགས་པ་ནི་ལྷོ་ཨ་མེ་རིཁའི་འོད་གསལ་གྱི་ལམ་ཞེས་བ་དང༌། ཉི་ཧོང་གི་དམར་དམག་ཞེས་པ་ཡོད་ལ། དེ་ཚོའི་གདུག་རྩུབ་ཀྱི་བྱ་སྤྱོད་དེ་ཡང་མི་ཚང་མས་མཁྱེན་གྱི་ཡོད་པ་མ་ཟད་མཆིལ་ཞགས་ལྟར་འདོར་བཞིན་ཡོད།
    དམར་ཤོག་རིང་ལུགས་ཀྱི་གཞུང་ལུགས་ཡོང་ཁུངས་གཅིག་ནི་འཕོ་འགྱུར་གཞུང་ལུགས་ཡིན་ལ། དམར་ཤོག་ཚོགས་པའྀ་བྱ་དངོས་ཀྱི་འཐབ་རྩོད་དེ་སྤྱི་ཚོགས་འཕོ་འགྱུར་ཁྲོད་ཀྱི་གྲལ་རིམ་འཐབ་རྩོད་ལ་ཡར་འདེད་བྱས་ཏཻ། གྲལ་རིམ་འཐབ་རྩོད་ནི་སྤྱི་ཚོགས་ཡར་རྒྱས་དང་མདུན་བསྐྱོད་ཀྱི་སྒུལ་ཤུགས་གཅིག་པུ་ཡིན་པར་ངོས་འཛིན་བྱས། དེར་བརྟེན་འཐབ་རྩོད་ནི་དམར་ཤོག་ཚོགས་པའི་སྲིད་དབང་ཐོབ་པ་དང་རྒྱུན་འཛིན་གསོན་གནས་ཐུབ་ཆེད་དད་མོས་བྱ་ཡུལ་གཙོ་བོ་རུ་གྱུར། མའོ་ཙེ་ཏུང་གི་གཏམ་བཤད་གྲགས་ཅན་བྱབྱམི་གྲངས་དུང་ཕྱུར་བརྒྱད་ཡོད་པའི་འཐབ་རྩོད་མ་བྱེད་ན་ག་ལ་འགྲིགབྱབྱ་ཅེས་བརྗོད་ཡོད་ལ། དེ་ནི་འདི་ལྟ་བུའི་གསོན་གནས་རིག་ལམ་གྱི་འགྲེལ་བརྗོད་རྣལ་མ་དེ་ཡིན། ཡང་འགྲེལ་བརྗོད་འདི་དང་ལྷན་མའོ་ཙེ་ཏུང་གི་གཏམ་བཤད་གཞན་ཞིག་ནི་བྱབྱརིག་གནས་གསར་བརྗེ་དེ་ལོ་བདུན་བརྒྱད་ནང་ལ་ཡང་བསྐྱར་གཅིག་སྤེལ་དགོས་བྱབྱཞེས་བ་དེ་ཡིན། བསྐྱར་ཟློས་ཀྱིས་དྲག་ཤུགས་བེད་སྤྱོད་གཏོང་རྒྱུ་ནི་དམར་ཤོག་ཚོགས་པའི་སྲིད་དབང་རྒྱུན་འཛིན་དང་དབང་བསྒྱུར་བྱེད་པའི་ཐབས་ལམ་གཙོ་བོ་དེ་རེད། དྲག་ཤུགས་ཀྱི་དམིགས་ཡུལ་ནི་འཇིགས་སྣང་བསྐྲུན་རྒྱུ་དེ་ཡིན་ལ། འཐབ་རྩོད་ཀྱི་ལས་འགུལ་རེ་རེ་ནི་དམར་ཤོག་ཚོགས་པའི་ཞེད་སྣང་སྐུལ་བའི་སྦྱོང་བརྡར་ཐེངས་རེ་རེ་ཡིན་ལ། མི་རྣམས་ཀྱི་སེམས་ཁམས་སྐྲག་སྣང་གིས་ཞུམ་པར་བྱས་ཏེ་འཇིགས་སྣང་གི་བྲག་གཡོག་ཏུ་བསྒྱུར་རྒྱུ་དེ་རེད། 
    དེ་རིང་འཇིགས་སྐུལ་རིང་ལུགས་དེ་འགྲོ་བ་མིའི་ལེགས་བྱང་དང་རང་དབང་གི་དགྲ་དང་མ་དེ་ཆགས་ཡོད། ཡིན་ན་ཡང་དམར་ཤོག་ཚོགས་པའི་དྲག་སྤྱོད་འཇིགས་སྐུལ་རིང་ལུགས་དཻ་རྒྱལ་ཁབ་ཀྱི་རྣམ་པར་ཡོད་པས་གཞི་རྒྱ་སྔར་ལས་ཆེ་བ་དང༌། རྒྱུན་གནས་ཀྱི་དུས་ཚོད་སྔར་ལས་རིང་བ། གྲུབ་འབྲས་ཡང་སྔར་ལས་མངོན་གསལ་བྱུང་ཡོད། དུས་རབས་ཉེར་གཅིག་པའི་དེ་རིང༌། ང་ཚོས་བརྗེད་མི་རུང་བ་ཞིག་ནི། དམར་ཤོག་ཚོགས་པའི་རིགས་རྒྱུད་ཀྱི་ན་ཚ་དེས་དུས་སྐབས་འོས་མཚམས་སུ་དམར་ཤོག་ཚོགས་པའི་མ་འོངས་པའི་ཁ་ཕྱོགས་ལ་ཐག་གཅོད་ཀྱི་ནུས་པ་ངེས་ཅན་ལྡན་སྲིད་པ་རེད།
༢། རྫུན་གཏམ་དེ་དྲག་ཤུགས་ཀྱི་རྒྱབ་རྟེན་དུ་སྤྱོད་པ།
    མིའི་རིགས་ཀྱི་དཔལ་ཡོན་གྱི་ཆུ་ཚད་ལ་ཚད་འཇལ་བྱེད་ཀྱི་མཚོན་རྟགས་ཤིག་ནི། སྤྱི་ཚོགས་ཀྱི་ལམ་ལུགས་ཁྲོད་དྲག་ཤུགས་ཀྱིས་ནུས་པ་ཇི་འདྲ་ཞིག་འདོན་གྱི་ཡོད་མིན་གྱི་བསྡུར་ཚད་དེ་ཡིན་ལ། དམར་ཤོག་སྲིད་དབང་གི་སྤྱི་ཚོགས་ནི་མིའི་རིགས་ཀྱི་དཔལ་ཡོན་དེ་ཕྱིར་བསྣུར་ཆེན་པོ་བརྒྱབ་པ་ཞིག་རེད། ཡིན་ན་ཡང༌། དམར་ཤོག་ཚོགས་པས་གནས་སྐབས་ཤིག་རིང་མི་རྣམས་ལ་དེ་ཉིད་སྔོན་ཐོན་ཡིན་པའི་མཐོང་སྣང་བཟོ་ཐུབ་པ་བྱུང་ཡོད། མི་འདི་དག་གི་བསམ་པར། དྲག་ཤུགས་བེད་སྤྱོད་གཏོང་རྒྱུ་ནི་སྤྱི་ཚོགས་མདུན་བསྐྱོད་ལ་དགོས་ངེས་ཤིག་ཡིན་པ་མ་ཟད༌། ངེས་བར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པར་ཡང་འདོད།
འདི་ནི་དམར་ཤོག་ཚོགས་པས་རྫུན་གཏམ་དང་མགོ་སྐོར་གྱི་ཐབས་རྩལ་འགྲན་ཟླ་བྲལ་བའི་གྲུབ་འབྲས་ཤིག་ཡིན་པར་བརྗོད་ཆོག  དེར་བརྟེན་རྫུན་གཏམ་དང་མགོ་སྐོར་གཏོང་རྒྱུ་ནི་དམར་ཤོག་ཚོགས་པའི་རིགས་རྒྱུད་ཀྱི་ན་ཚ་གཞན་ཞིག་རེད། བྱབྱལོ་ན་ཆུང་དུས་ནས་བཟུང་ང་ཚོའི་ཨ་རི་ནི་སྙིང་ཉེ་བའི་རྒྱལ་ཁབ་ཅིག་ཡིན་པར་འདོད་ལ། ང་ཚོ་ཡིད་ཆེས་ཡོད་པ་ནི་ཨ་རིས་རྒྱ་ནག་གི་ས་ཆ་བཙན་བཟུང་བྱས་མེད་པ་མ་ཟད། རྒྱ་ནག་ལ་བཙན་འཛུལ་རང་བཞིན་གྱི་འཐབ་འཁྲུག་ཀྱང་བསླངས་མྱོང་མེད། རྩ་བའི་ཆ་ནས་བརྗོད་ན་རྒྱ་ནག་པ་ཚོས་ཨ་རི་ལ་དགའ་མོས་བྱེད་དོན་ནི་ཨ་རིའི་མི་དམངས་ཁྲོད་ཕྱིར་མཆེད་བཞིན་པའི་དམངས་གཙོ་ཡི་གཟི་ཉམས་དང་དཀྱེལ་ཡངས་པའི་སེམས་པ་དེ་རེད།བྱབྱ འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འབྲེལ་གྱི་ཚགས་པར<<ཞིན་ཧྭ་ཉིན་རེ་ཚགས་པར>>་སྟེང་ཕྱི་ལོ་༡༩༤༧ ལོའི་ཟླ་༧ ཚེས་༤ ཉིན་བཀོད་པའི་དཔྱད་བརྗོད་ཅིག་རེད། ལོ་གསུམ་གྱི་རྗེས་ཙམ་དུ། རྒྱ་ནག་དམར་ཤོག་ཚོགས་པས་བྱང་ཀོ་རི་ཡ་ལ་དམག་དྲངས་ཏེ་ཨ་རི་ལ་ཁ་གཏད་བཅག་པ་མ་ཟད། ཨ་རི་བ་ནི་འཛམ་གླིང་སྟེང། ཆེས་གདུག་རྩུབ་ཆེ་བའི་བཙན་རྒྱལ་རིང་ལུགས་པ་ཞིག་ཡིན་པར་རྟོགས་བཟོ་བྱས། རྒྱ་ནག་སྐམ་ས་ནས་ཡོང་བའི་མི་རེ་རེ་ཡིས་ལོ་ལྔ་བཅུའི་གོང་གི་རྒྱ་དམར་གྱི་དཔྱད་བརྗོད་འདི་མཐོང་ཚེ་ཚང་མ་ཧང་སངས་ངེས་པས། རྒྱ་དམར་གྱིས་དཔྱད་བརྗོད་འདི་འདྲ་ཡོད་པའི་དེབ་རིགས་བཀག་སྡོམ་བྱས་ཏེ་བསྐྱར་དུ་དཔར་སྐྲུན་བྱེད་དགོས་བ་བྱུང་ཡོད།
     རྒྱ་ནག་དམར་ཤོག་པས་སྲིད་དབང་བཙུགས་རྗེས། དག་ཐེར་དང༌། གཞུང་སྒེར་མཉམ་ལས། གཡོན་ལ་དགག་པ། རིག་གནས་གསར་བརྗེ། དྲུག་བཞིའི་དོན་རྐྱེན། ཆོས་འཁོར་སྒོམ་སྒྲུབ་ཚོགས་པར་དྲག་གནོན་བཅས་རེ་རེའི་སྐབས་སུ་ཐབས་ལམ་འདྲ་མཚུངས་བེད་སྤྱོད་བཏང་ཡོད། དེའི་ནང་སྐད་གྲགས་ཆེ་བ་ནི༡༩༥༧ ལོར་རྒྱ་ནག་དམར་ཤོག་གིས་ཤེས་ཡོན་ཅན་ཚང་མའི་དམར་ཤོག་ལ་བསམ་འཆར་འདོན་དགོས་པའི་འབོད་སྐུལ་བྱས་པ་དང། དེའི་རྗེས་བསམ་འཆར་འདོན་པའི་ཤེས་ཡོན་པ་དེ་ཚོ་གཡོན་ཕྱོགས་པ་རེད་ཟེར་ཏེ་འཛིན་བཟུང་བྱས། སྐབས་དེར་མི་ཚོས་དེ་ནི་ལྐོག་ཇུས་ཤིག་ཡིན་པར་བརྗོད་སྐབས།  མའོ་ཙེ་ཏུང་གིས་དེ་ནི་ལྐོག་ཇུས་མ་ཡིན་པར་དྲང་པོའི་ཇུས་ཤིག་ཡིན་ཞེས་ཡོངས་ཁྱབ་ཏུ་བརྗོད།
རྫུན་གཏམ་དང་མགོ་སྐོར་ནི་སྲིད་དབང་འཕྲོད་རྩོད་དང་སྲུང་སྐྱོབ་བྱེད་པའི་བརྒྱུད་རིམ་ནང་གལ་ཆེའི་གོ་གནས་བཟུང་ཡོད། གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་དད་མོས་བྱ་ཡུལ་གཙོ་བོ་ཞིག་ནི་ལོ་རྒྱུས་ཡིན་ལ། རྒྱ་ནག་ནི་འཛམ་གླིང་སྟེང་ལོ་རྒྱུས་ཆེས་རིང་བ་དང་ཆེས་ཆ་ཚང་བའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱ་ནག་པ་ཚོས་ལོ་རྒྱུས་ལ་གཞི་བཅོལ་ནས་དེང་གི་གནས་ཚུལ་ཐག་གཅོད་པ་དང༌། ཐ་ན་ལོ་རྒྱུས་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་འཕེལ་བར་བྱས། དེར་བརྟེན་ལོ་རྒྱུས་ཀྱི་དོན་དངོས་སྦས་གབ་་དང་འཁྱོག་བརྗོད་བྱེད་རྒྱུ་དེ་ཡང་རྒྱ་ནག་དམར་ཤོག་གི་དབང་བསྒྱུར་གྱི་ཐབས་ལམ་གཙོ་བོ་ཞིག་རེད། སྔ་བ་ཕྱི་ལོ་སྔོན་གྱི་རྒྱལ་རབས་ནས་ཉེ་བ་རིག་གསར་གྱི་ལོ་རྒྱུས་ཚང་མ་སྦས་གབ་དང་འཁྱོག་བརྗོད་བྱེད་རྒྱུ་དེ་ལོ་ངོ་ལྔ་བཅུའི་རིང་རྒྱུན་ཆད་མྱོང་མེད་ལ། ལྷག་པར་ལོ་རྒྱུས་ཀྱི་གདོང་རིས་ངོ་མ་ཐེར་འདོན་བྱེད་རྒྱུའི་བསམ་ཚུལ་བཀག་སྡོམ་དང་རྩ་མེད་བཟོ་བཞིན་ཡོད།
    དྲག་ཤུགས་ཀྱིས་དོན་དངོས་སྒྲིབ་གཡོགས་བྱེད་མ་ཐུབ་པའི་སྐབས་དེར་རྫུན་གཏམ་དང་མགོ་བསྐོར་གར་སྟེགས་སྟེང་བུད་པ་དང༌། རྫུན་གཏམ་ནི་དྲག་ཤུགས་ཀྱི་ངོས་གཞན་ཞིག་ཡིན་ལ་དྲག་ཤུགས་ཀྱི་རྒྱབ་རྟེན་ཡང་ཡིན། ང་ཚོས་ཁས་ལེན་དགོས་པ་ཞིག་ནི། འདི་ནི་དམར་ཤཽག་གིས་གསར་གཏོད་བྱས་པ་ཞིག་མིན་པར་གནའ་རབས་ནས་ཡོད་པའི་འཆལ་བོའི་སྤྱོད་ཚུལ་དེ་དམར་ཤོག་གྀས་བེད་སྤྱོད་བཏང་བ་ཞིག་རེད། རྒྱ་ནག་དམར་ཤོག་གིས་ཞིང་པ་ལ་ས་ཞིང་དང༌། བཟོ་བ་ལ་བཟོ་གྲྭ། ཤེས་ཡོན་ཅན་ཚོ་རང་དབང་དང་དམངས་གཙོ། ཞི་བདེ་བཅས་སྤྲོད་རྒྱུ་ཁས་ལེན་བྱས་ཡོད་ན་ཡང༌།  ད་ལྟའི་བར་གཅིག་ཀྱང་མངོན་དུ་གྱུར་མེད། མགོ་བསྐོར་བཏང་བའི་རྒྱ་ནག་པ་མི་རབས་གཅིག་འདས་ཚར་བ་དང༌། མི་རབས་གཞན་དེ་མུ་མཐུད་དུ་དམར་ཚོགས་ཀྱི་རྫུན་གཏམ་ལ་མགོ་འཁོར་ནས་བསྡད་ཡོད་པས། འདི་ནི་རྒྱ་ནག་པའི་སྐྱོ་གར་ཞིག་ཡིན་ལ།  རྒྱ

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༡ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese