མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་གྲོས་མོལ་གྱི་རྩེད་མོ་ཇི་སྲིད་བར་ཏུ་རྩེའམ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

 བོད་ཀྱི་སྐུ་ཚབ་ཐེངས་ལྔ་བ་རྒྱ་ནག་ཏུ་བསྐྱོད་པའི་སྐོར་ལ་དཔྱད་པ།
  རྩོམ་པ་པོ། མོ་ལིས་ཧྭ།   སྒྱུར་པ་པོ། ས་དཀར་བཀྲ་ཤིས།
ད་ལོའི་ཟླ་༢ ཚེས་༡༥ ཉིན་ནས་ཚེས་༢༣་ བར་བོད་མིའི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མའི་སྐུ་ཚབ་ཐེངས་ལྔ་བ་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་པ་དང༌། སྔོན་ཆད་གནང་བའི་གྲོས་མོལ་གྱི་གྲུབ་འབྲས་དང་འདྲ་བར་སྐུ་ཚབ་ཕྱིར་ཕེབས་རྗེས་ཕྱོགས་གཉིས་བར་ད་དུང་གཞི་རྩའི་འགལ་ཟླ་གནས་ཡོད་པར་བརྗོད་པ་དེ་ནི་ཐེངས་འདིའི་བོད་རྒྱ་གྲོས་མོལ་ཕམ་ཁ་བྱུང་ཡོད་པར་བརྗོད་ཆོག
སྔོན་མ་༢༠༠༢ ལོར་བོད་ཀྱི་སྐུ་ཚབ་ཐེངས་དང་པོར་རྒྱ་ནག་ཏུ་བསྐྱོད་སྐབས་ངས་ཆེད་རྩོམ་༼བོད་ཀྱི་གནད་དོན་ནི་ཁེར་རྐྱང་གི་གླིང་ཕྲན་ཞིག་མ་རེད་༽ཅེས་བའི་ནང་ཐད་ཀར་གྱིས་འདི་ནི་བྱབྱའཁྲབ་སྟོན་རྫུན་མ་བྱབྱཞིག་རེད་ཅེས་བརྗོད་ཡོད། ལོ་ཟླ་རེ་རེ་བཞིན་འདས་ན་ཡང་འཁྲབ་སྟོན་རྫུན་མ་འདི་མི་མང་གི་རེ་བ་བཞིན་བྱབྱངོ་མ་བྱབྱཞིག་ཏུ་གྱུར་མ་ཐུབ་པ་མ་ཟད། ད་དུང་ག་ཚད་འཁྲབ་ན་དེ་སྲིད་རྫུན་ཏུ་གྱུར་བཞིན་པ་རེད།
ཅི་ཕྱིར་གྲོས་མོལ་བྱ་རྒྱུར་འདོད་མོས་མེད་པའི་རྒྱ་ནག་དམར་ཤོག་གིས་བཙན་བྱོལ་བོད་གཞུང་དང་མུ་མཐུད་དུ་གྲོས་མོལ་གྱི་རྩེད་མོ་རྩེ་རྒྱུ་དགའ་སྣང་ཡོད་པ་རེད། སུ་ལ་གྲོས་མོལ་གྱི་རྩེད་མོ་འདིའི་ཁྲོད་ཁེ་ཕན་རག་གི་ཡོད་དམ།
བྱབྱམཁར་འོག་གི་ཆིངས་ཡིགབྱབྱ་ནས་འབྲས་མེད་ངང་རྫོགས་པ།
དེ་རིང་གི་བོད་རྒྱ་གྲོས་མོལ་གྱི་རྩེད་མོ་འདིའི་ངོ་བོ་ལ་གཏིང་ཟབ་མོའི་རྒྱུས་ལོན་བྱེད་དགོས་ན་ང་ཚོས་ངེས་བར་ཏུ་ལོ་རྒྱུས་ལ་ཕྱིར་མིག་ཞིག་གཟིགས་དགོས། ༡༩༥༩ ལོའི་ཟླ་༥ ཚེས་༢༣ ཉིན་བཅིངས་འགྲོལ་དམག་བོད་ལ་སླེབས་རྗེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བོད་སྲིད་གཞུང་དབར་༼བོད་ཞི་བའི་བཅིངས་འགྲོལ་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་༽ཞེས་བ་བཞག མེ་མདའི་འཇིགས་སྐུལ་འོག་བཙན་གྱིས་བཞག་ཏུ་བཅུག་པའི་ཆིངས་ཡིག་འདིར་བཙན་བྱོལ་བོད་གཞུང་གིས་བྱབྱའདྲ་མཉམ་མ་ཡིན་པའི་ཆིངས་ཡིག་ཞིག་ཏུབྱབྱངོས་འཛིན་བྱེད་ཀྱི་ཡོད།
སྐབས་དེར་རྒྱ་ནག་གཞུང་གིས་ཆིངས་ཡིག་གི་ནང་དོན་ལ་རྡོག་རོལ་བཏང་བ་དང༌། ༡༩༥༩ ལོར་ངོ་ལོག་ཟིང་འཁྲུག་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་རྗེས། ཏཱ་ལའི་བླ་མ་རྒྱ་གར་ཏུ་བྲོས་བྱོལ་ལ་ཕྱིན་སྟེ་བཙན་བྱོལ་བོད་གཞུང་བཙུགས། དེའི་རྗེས་རྒྱ་བོད་དབར་མི་ལོ་༢༠ རིང་འབྲེལ་ལམ་ཆད་པ་རེད། མའོ་ཙེ་ཏུང་གིས་དབང་བསྒྱུར་བའི་སྐབས་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་ལ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་བོད་རྒྱ་གྲོས་མོལ་ནི་རྩ་བ་ནས་ཡོང་མི་སྲིད་པ་ཞིག་རེད།
ལོ་རབས་བདུན་ཅུའི་མཇུག་ཏུ་མའོ་ཙེ་ཏུང་འདས་རྗེས་དམར་ཤོག་དབང་འཛིན་པའི་རྙོག་སེལ་དྲང་སྐྱོར་བྱས་པ་དང་བོད་ཀྱི་སྲིད་ཇུས་ལ་ཡང་ནོར་འཁྲུལ་ངོས་ལེན་ཙམ་བྱས་ཏེ་ཏཱ་ལའི་བླ་མ་དང་འབྲེལ་ལམ་བསྐྱར་གསོ་བྱས། ༡༩༧༨ ལོའི་ཟླ་༡༢ ནང་ཞིན་ཧྭ་གསར་ཁང་གི་ཧོང་ཀོང་ཡན་ལན་ལས་ཁུངས་ཀྱི་འགོ་འཛིན་པ་ལིས་ཅིའུ་དང་སྐུ་གཅེན་པོ་རྒྱལ་ལོ་དོན་འགྲུབ་དབར་འབྲེལ་མཐུད་བྱུང་བ་དང༌། ༡༩༧༩ ལོར་རྒྱལ་ལོ་དོན་འགྲུབ་པེ་ཅིན་ལ་འཚམས་འདྲིར་བསྐྱོད། དེའི་རྗེས་སུ་ཏཱ་ལའི་བླ་མ་ཁོ་རང་ཉིད་ལས་གཞན་ཕྱི་རྒྱལ་ཏུ་ཡོད་པའི་ཁོང་གི་གཉེན་ཉེ་ཚོས་སྐུ་ཚབ་ལྟ་སྐོར་ཚོགས་པའི་མིང་ཐོག་ནས་བོད་ནང་ལྟ་སྐོར་དང་གཉེན་འཕྲད་དུ་བསྐྱོད་ཡོད།
༡༩༨༠ ལོའི་ཟླ་༤ བར་ཧུའུ་ཡོན་པང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་དྲུང་ཆེ་ལས་ཁུངས་ནས་བྱབྱབོད་ཀྱི་ལས་དོན་ཕྱོགས་སྡོམ་སྙན་ཞུབྱབྱ་ཞེས་བ་ཞིག་ཟིན་བྲིས་བཏབ་པ་དང༌། ༡༩༨༡ ལོའི་ཟླ་༧ པར་ཧུའུ་ཡོན་པང་གིས་སྐུ་གཅེན་པོ་རྒྱལ་ལོ་དོན་གྲུབ་ལ་འཇལ་འཕྲད་གནང་སྟེ་ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་པར་ཆ་རྐྱེན་ལྔ་བཏོན། ཧུའུ་ཡོན་པང་གི་ཆ་རྐྱེན་ལྔ་ལ་ཡང་ཚད་ངེས་ཅན་ཡོད་ལ་དེའི་ཁྲོད་ཏཱ་ལའི་བླ་མ་ཕྱིར་བོད་ལ་ཕེབས་ཏེ་བཞུགས་མི་ཆོག་པ་དེ་ནི་བོད་པ་ཚོས་ངེས་ལེན་བྱེད་མི་ཐུབ་པ་ཞིག་རེད། ཡིན་ན་ཡང་སྐབས་དེར་ཕྱོགས་གཉིས་ལ་གྲོས་མོལ་བྱེད་རྒྱུའི་འདོད་མོས་དང་ཡིད་ཆེས་ངེས་ཅན་ཞིག་ཡོད་པ་རེད།
ཡིད་ཕངས་བ་ཞིག་ནི་ཧུའུ་ཡོན་པང་རང་ཉིད་ཀྱིས་བོད་ཀྱི་གནད་དོན་ཐད་ཀྱི་གུ་ཡངས་པའི་ལྟ་ཚུལ་ལ་སྐབས་དེའི་མཁྲེགས་འཛིན་སྟོབས་ཤུགས་བཙན་པའི་རྒྱ་ནག་ཏུ་གཏན་ནས་་ལག་བསྟར་བྱེད་མི་ཐུབ་པ་རེད། ཅུང་མ་འགོར་བར་ཧུའུ་ཡོན་པང་རྒྱ་ནག་དམར་ཤོག་དྲུང་ཆེ་ཡི་གོ་གནས་ནས་བཙན་གྱིས་དགོངས་པ་ཞུ་རུ་བཅུག་པ་དང༌། ཁོ་རང་གོ་གནས་ནས་ཕུད་པའི་ནག་ཉེས་ཆེ་ཤོས་ནི་བོད་དུ་སྐུ་དྲག་རིང་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང༌། མཁྲེགས་འཛིན་གྱི་སྲིད་ཇུས་ལག་བསྟར་མ་བྱས་པའི་རྐྱེན་གྱིས་ཡིན་པར་བརྗོད།
ལོ་རབས་བརྒྱད་ཅུའི་མཇུག་ཏུ། ཀྲའོ་ཙེ་དབྱང་གཙོ་བྱས་པའི་རྒྱ་ནག་དམར་ཤོག་གུ་ཡངས་པའི་ཕྱོགས་ཁག་ནས་དབང་ཆ་བཟུང༌། སྐབས་དེར་སྤྱི་ཚོགས་ཡོངས་ནས་ལམ་ཁ་གསར་བ་དང་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་སྲིད་གཞུང་གིས་བོད་པ་དང་ལྷན་གྲོས་མོལ་བྱེད་འདོད་ཡོད་ཚུལ་ཁྱབ་བསྒྲགས་བྱས་པའི་བོད་ཀྱི་གནད་དོན་སེལ་བའི་རེ་བ་ཞིག་མཐོང་བ་རེད། ཡིན་ན་ཡང་དམར་ཤོག་མཁྲེགས་འཛིན་ཕྱོགས་ཁག་ནས་བཀག་རྒྱ་སྣ་མང་སྤྲད་ཡོད་དེ། ཕྱི་རྒྱལ་གྱི་མི་སུ་ཡང་གྲོས་མོལ་ནང་ཞུགས་མི་ཆོག་པ་དང༌། ཐ་ན་བཙན་བྱོལ་སྲིད་གཞུང་གི་ལས་བྱེད་ཡང་ཞུགས་མི་ཆོག་པ་དེ་ནི་རྒྱ་ནག་གིས་བོད་སྲིད་གཞུང་འདི་ངོས་ལེན་བྱེད་ཀྱི་མེད། སྔོན་ཆད་བོད་རང་བཙན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་ཡུལ་མི་སུ་ཡང་གྲོས་མོལ་ནང་ཞུགས་མི་ཆོག་པ་བཅས་ཀྱི་རེ་བ་བཏོན་ཡོད། དེ་ནི་རྒྱ་ནག་གིས་ཏཱ་ལའི་བླ་མ་གཅིག་པུ་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་རེད། འདི་ཚོ་ནི་བོད་པའི་ཕྱོགས་ནས་དང་ལེན་བྱེད་དཀའ་བ་ཞིག་ཡིན་པས་གྲོས་མོལ་འགོ་འཛུགས་མ་ཐུབ་པར་མངལ་ནས་འཆྀ་བ་རེད།
ཉེ་འཆར་ནས་བཟུང བྱབྱརྩེད་མོབྱབྱ་སྒང་ན་གནས་ཡོད།
༡༩༨༩ ལོར་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་རྗེས། ཀྲའོ་ཙེ་དབྱང་སོགས་དམར་ཤོག་གུ་ཡངས་པའྀ་ཕྱོགས་ཁག་ཕམ་ཉེས་བྱུང་བ་དང༌། མཁྲེགས་འཛིན་ཕྱོགས་ཁག་ནས་དབང་ཆ་བཟུང༌། ར་ཤི་ཡ་རྒྱལ་ཁབ་ཐོར་ཞིག་ཏུ་སོང་བ་དེ་ལས་རྒྱ་ནག་དམར་ཤོག་ལ་སློབ་གསོ་མི་ཉུང་བ་ཞིག་ཐོབ་པ་དང༌། དེར་བརྟེན་རྒྱལ་ཁབ་ཁ་བྲལ་ལ་འགག་སྡོམ་ནན་མོ་བྱས། དཔལ་འབྱོར་ཡར་རྒྱས་དང་དམག་དོན་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འོག་རྒྱ་ནག་ཆེན་པོའི་མི་རིགས་རིང་ལུགས་ཀྱི་ལྟ་བ་སྔར་ལས་ང་རྒྱལ་དྲག་ཏུ་ཕྱིན། དེར་བརྟེན་རྒྱ་ནག་དམར་ཤོག་གིས་རྒྱལ་ཁབ་ཁ་བྲལ་གཏོང་སྲིད་པའི་བཙན་བྱོལ་བོད་གཞུང་གི་མི་སྣ་ལ་ཁ་ཅི་ཡང་གྲགས་རྒྱུ་མིན་པར་ནམ་ཡང་དོགས་ཟོན་བྱེད་ཀྱི་ཡོད། ༡༩༩༣ ལོ་ནས་བཟུང་བཙན་བྱོལ་བོད་གཞུང་དང་པེ་ཅིང་སྲིད་གཞུང་བར་གྱི་འབྲེལ་ལམ་རྦད་དེ་ཆད།
༢༠༠༢ ལོར་རྒྱལ་ལོ་དོན་གྲུབ་མཆོག་གིས་ཡང་བསྐྱར་རང་ཉིད་སྒེར་གྱི་མིང་ཐོག་ནས་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་པ་དེས་ལོ་མང་རིང་བརྒྱབ་ཡོད་པའི་བོད་རྒྱའི་འབྲེལ་ལམ་གྱི་སྒོ་ཆེན་བསྐྱར་ཏུ་ཕྱེས། རྒྱ་ནག་ཕྱོགས་ནས་འདོད་མོས་མེད་ན་ཡང་བོད་རྒྱ་གྲོས་མོལ་གྱི་འཁྲབ་སྟོན་ཡག་པོ་མུ་མཐུད་འཁྲབ་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཡུལ་གྱུར་པ་རེད། སྤྱིེར་བཏང་གྲོས་མོལ་དེ་གཅིག་རྗེས་གཉིས་མཐུད་དུ་གནང་བཞིན་ཡོད་ན་ཡང་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་ལ་བལྟས་ཚེ་རྒྱ་ནག་དམར་ཤོག་གིས་བོད་རྒྱ་གྲོས་མོལ་བྱེད་འདོད་རྩ་བ་ནས་མེད་པ་མཐོང་ཐུབ་སྟེ།
དང་པོ། ཁོ་ཚོས་རྒྱ་རི་བློ་གྲོས་སོགས་ནི་ཏཱ་ལའི་བླ་མའི་སྐུ་ཚབ་ངོ་མ་ཡིན་པར་ཁས་ལེན་བྱེད་ཀྱི་མེད་པར། ཁོ་ཚོ་ནི་རྒྱལ་ནང་དུ་ལྟ་སྐོར་ལ་ཡོང་བའི བྱབྱབོད་རིགས་སྤུན་ཟླ་བྱབྱདང་བྱབྱཏཱ་ལའི་བླ་མ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་ཁ་ཤས་ཤིག་བྱབྱཡིན་པར་བརྗོད་ཀྱི་ཡོད་ལ། སྐུ་ཚབ་ཚོ་ཡང་ཡུལ་སྐོར་བའི་ཐོངས་མཆན་ཐོག་ནས་རྒྱ་ནག་ནང་བསྐྱོད་ཀྱི་ཡོད།
གཉིས་བ། ཁོ་ཚོས་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་དང་དངོས་ཡོད་རང་བཞིན་གྱི་གནད་དོན་སྟེ་འཛམ་གླིང་གིས་དོ་སྣང་བྱེད་ཀྱི་ཡོད་པའི་བོད་ཀྱི་རང་སྲིད་རང་སྐྱོང་དང༌། འགྲོ་བ་མིའི་ཐོབ་ཐང༌། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་གཏན་ནས་གླེང་མོལ་བྱེད་འདོད་མེད་པར། གླེང་གཞིའི་ཁ་བསྒྱུར་ཏེ་བོད་པའི་སྐུ་ཚབ་ཚོ་ལ་མེས་རྒྱལ་གྱི་ཡར་རྒྱས་ངོ་སྤྲོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། དེར་བརྟེན་མི་རིགས་གཉིས་དབར་གྱི་ལོ་རྒྱུས་འགལ་ཟླའི་ཐད་ཀྱི་གྲོས་མོལ་དེ་ཡང་ཐེངས་རེ་རེ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་འགུལ་ཞིག་ཏུ་གྱུར།
དཔེར་ན། ༢༠༠༤ ལོར་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་ཚོར་པེ་ཅིན་ཁྲིན་ཏུ་ཚ་གཡོལ་རི་གྲོང་གི་མན་ཆིན་གོང་མའི་ཕོ་བྲང་ལ་ལྟ་སྐོར་ཏུ་ཁྲིད་པ་དང༌། ༢༠༠༥ ལོར་བོད་པའི་སྐུ་ཚབ་ཚོར་ཀུའུ་ལེན་རི་ཆུ་ལ་ལྟ་སྐོར་བྱས། རྒྱ་གཞུང་གིས་སྐུ་ཚབ་ཚོར་ཟ་འཐུང་ཙམ་གྱིས་སྣེ་ལེན་བྱས་པ་ལས་བོད་རྒྱ་མི་རིགས་གཉིས་ཀྱི་དངོས་ཡོད་གནད་དོན་རྩ་བ་ནས་གླེང་གིན་མེད་པ་རེད། དེ་ལས་མཐོང་བ་ནི་རྒྱ་ནག་སྲིད་གཞུང་དང་བོད་པའི་སྲིད་གཞུང་དབར་བྱབྱགྲོས་མོལ་གྱི་འཁྲབ་སྟོནབྱབྱ་དེ་ནི་བྱབྱརྩེད་མོ་བྱབྱཞེས་བའི་སྒང་དུ་གནས་ཡོད།
འདི་ལྟར་རྒྱ་ནག་དང་བོད་དབར་གྱི་གྲོས་མོལ་དེ་ལོ་རབས་ལྔ་བཅུའི་འགོར་མེ་མདའི་ཁ་ནས་བཞག་པའི་བྱབྱམཁར་འོག་གི་ཆིངས་ཡིགབྱབྱ་ནས་ལོ་རབས་བརྒྱད་ཅུའི་ནང་རེ་བའི་འོད་སྣང་ཞིག་འཕྲོས་བ་དང༌། དེ་ནས་ལོ་རབས་དགུ་ཅུའི་རྗེས་སུ་རྒྱ་ནག་གི་དམག་སྟོབས་འཕེལ་བ་དང་མི་རིགས་རིང་ལུགས་ཀྱི་ཚོར་འདུའི་མགོ་བོ་ཡར་འགྱགས་པའི་བོད་རྒྱ་གྲོས་མོལ་ཟེར་བ་དེ་ཡང་རྒྱ་ནག་དམར་ཤོག་གི་ལག་ནང་དུ་བཟུང་བའི་བྱབྱགྲོས་མོལ་གྱི་རྩེད་མོབྱབྱ་ཞིག་ཏུ་གྱུར།
སུ་ལ་གྲོས་མོལ་གྱི་རྩེད་མོ་འདིའི་ཁྲོད་ཁེ་ཕན་རག་གི་ཡོད་དམ།
རྒྱ་ནག་སྲིད་གཞུང་ལ་གྲོས་མོལ་བྱེད་འདོད་མེད་ན་ཡང་ཁོ་ཚོ་གྲོས་མོལ་གྱི་མདུན་ཅོག་སྟེང་ཁྲིད་ཡོང་བ་དེ་བཙན་བྱོལ་བོད་གཞུང་གི་རྒྱལ་ཁ་ཞིག་རེད། འདི་ནི་སྟོབས་ཤུགས་ཀྱི་བར་ཁྱད་ཤིན་ཏུ་ཆེ་བའི་གྲོས་མོལ་ཞིག་ཡིན་ལ། ཉམས་ཆུང་བའི་བཙན་བྱོལ་བོད་གཞུང་དེ་རྒྱ་གར་གྱི་ཁྱམས་འོག་ཏུ་གནས་ཤིང་རང་ཉིད་ཀྱི་ས་ཞིང་དང༌། དམག་དཔུང༌། དཔལ་འབྱོར་གྱི་སྟོབས་ཤུགས་བཅས་མེད་པས་སྟོབས་ཆེ་བའི་རྒྱ་ནག་དང་གྲོས་མོལ་གྱི་མ་རྩ་ཞིག་གཏན་ནས་མེད་པ་རེད། ཡིན་ན་ཡང་བོད་པ་ཚོས་དུས་ཡུན་རིང་པོ་ཕྱི་རྒྱལ་ཁག་ནས་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་བརྩམས་པ་དེར་ནུབ་ཕྱོགས་ཀྱི་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང༌། དེའི་སྟེང་ཏཱ་ལའི་བླ་མ་ལ་ནོ་སྤེལ་ཞི་བདེ་གཟེངས་རྟགས་ཐོབ་པ་དེས་བོད་ཀྱི་གནད་དོན་དེ་གོམ་གང་མདུན་སྤོས་ཀྱིས་རྒྱལ་སྤྱིའི་ཅན་དུ་གྱུར་བ་དང༌། བོད་རྒྱ་གྲོས་མོལ་ཡང་མིའི་སེམས་ཀྱི་གཏད་ཕྱོགས་སུ་གྱུར།
འཛམ་གླིང་ཅན་དུ་གྱུར་བཞིན་པའི་དུས་རབས་འདིར་རྒྱ་ནག་གིས་མའོ་ཙེ་ཏུང་གི་དུས་སྐབས་བཞིན་ཕྱི་ཕྱོགས་ལ་སྒོ་བརྒྱབ་མི་ཐུབ་ལ། དཔལ་འབྱོར་དང་ཆབ་སྲིད་སྟེང་འཛམ་གླིང་དུ་བསྐྱོད་བཞིན་པའི་རྒྱ་ནག་གིས་རང་ཉིད་ཀྱི་རྒྱལ་སྤྱིའི་སྣང་བརྙན་ལ་བསམ་བློ་མི་གཏོང་རང་གཏོང་རེད། དེར་བརྟེན་ཨ་རིའི་སྲིད་འཛིན་ཟུར་བ་ཚུད་པའི་ནུབ་ཕྱོགས་ཀྱི་མི་སྣའི་ངོ་སྲུང་ཆེད་དང༌། བོད་ལ་དབང་བསྒྱུར་གྱི་མ་གནས་དམའ་རུ་གཏོང་ཆེད་དངོས་སྤྱོད་རིང་ལུགས་སུ་གྱུར་ཡོད་པའི་རྒྱ་ནག་དམར་ཤོག་གིས་གཡོ་སྒྱུའི་ཐབས་འདི་སྤྱད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་མདུན་ནས་བོད་རྒྱ་གྲོས་མོལ་འདི་བྱབྱབཤམས་པབྱབྱ་རེད།
འཁྲབ་སྟོན་འདིས་འབྲས་བུ་མངོན་གསལ་ཐོན་ཡོད་པ་དང༌། ལོ་འདི་དག་རིང་གྲོས་མོལ་གྱི་ཁོར་ཡུག་བཟང་པོ་སྐྲུན་ཆེན་བཙན་བྱོལ་བོད་གཞུང་གིས་སྔོན་ཆད་ཀྱི་སྐྱོན་བརྗོད་དང་ཐེར་འདོན་གྱི་སྤྱོད་ཚུལ་བསྒྱུར་བ་དང༌། རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་མཚམས་བཞག་པ་མ་ཟད། ད་དུང་བོད་དོན་རྒྱབ་སྐྱོར་མཁན་ཚོ་ལ་ཡང་རྒྱ་ནག་དམར་ཤོག་ལ་ངོ་རྒོལ་གྱི་ལས་འགུལ་ཡོད་ཚད་མཚམས་འཇོག་དགོས་བའི་འབོད་སྐུལ་བྱས་ཡོད།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ཡང་སྐྱོན་བརྗོད་ཉུང་དུ་ཕྱིན་པ་དང་དེ་ནི་བོད་རྒྱ་གྲོས་མོལ་དེ་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གིས་རེ་བལྟོས་བྱེད་བཞིན་པ་དང༌། དེང་སྐབས་རྒྱ་ནག་སྲིད་གཞུང་གིས་རྒྱལ་ཁའི་ངང་འཁྲབ་སྟོན་བྱེད་བཞིན་པ་རེད།
སྤྱིར་བཏང་གྲོས་མོལ་ཐེངས་མང་བྱས་ན་ཡང་གྲོས་ཆོད་ཅི་ཡང་འཇོག་མ་ཐུབ་ལ་དོན་སྙིང་ཅི་ཡང་མཐོང་མི་ཐུབ། ཡིན་ན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རེ་བ་དེ་མ་འོངས་བར་བཅོལ་ཡོད་པས་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་མེད་པ་རེད།
དེར་བརྟེན་རྒྱ་ནག་སྲིད་གཞུང་གིས་རང་ཉིད་ཀྱི་བྱབྱགུ་ཡངས་པའི་བྱབྱརྣམ་པ་བཞེངས་པ་དང༌། རྒྱལ་སྤྱིའི་གནོན་ཤུགས་ཉུང་དུ་བཏང་པ། རྒྱལ་ཁའི་ངང་དུས་ཚོད་ཕྱི་འགྱངས་བྱེད་ཐུབ་ཡོད་རེད། ཐེངས་རེ་རེའི་བྱབྱགྲོས་མོལ་གྱི་རྩེད་མོའི་བྱབྱཁྲོད་དུ་ཏཱ་ལའི་བླ་མ་མཆོག་ལོ་རེ་རེ་བཞིན་རྒས་ནས་འགྲོ་བཞིན་པ་དང་བོད་ཀྱི་རིག་གཞུང་ཡང་ཉིན་རེ་བཞིན་ཡལ་ནས་འགྲོ་བཞིན་པ་རེད།
དོགས་པ་སྐྱེས་མི་དགོས་པ་ནི་འདི་འདྲའི་གྲོས་མོལ་གྱི་རྩེད་མོའི་ཁྲོད་ཁེ་ཕན་རག་མཁན་ནི་རྒྱ་ནག་སྲིད་གཞུང་ཡིན་པ་ལས་བོད་པ་རྩ་བ་ནས་མིན་པ་རེད། ཁེ་ཕན་ཡོད་རྐྱེན་རྒྱ་ནག་སྲིད་གཞུང་གིས་རྩེད་མོ་འདི་འདྲ་རྩེ་བར་ཐང་མི་ཆད་པར་མུ་མཐུད་དུ་རྩེ་བ་དང༌། ཡིན་ན་ཡང་བོད་ལ་ལོག་རྒྱུ་བྲེལ་སེམས་ལངས་བཞིན་པའི་བཙན་བྱོལ་བོད་གཞུང་གིས་རེ་བ་ནི་ཕྱོགས་གཉིས་དབར་འབྲེལ་བ་དང་གྲོས་མོལ་མང་རུ་གཏོང་རྒྱུ་དེ་ལ་བཅོལ་ཡོད་པ་རེད།
དོན་འདིར་སྨྱུག་འཛིན་པ་ངའི་རང་ཉིད་ཀྱི་ལྟ་ཚུལ་ད་དུང་བཟུང་ཡོད་དེབྱབྱབོད་པ་ཚོ་འདམས་ཀ་མང་པོ་ཞིག་མེད་པ་རེད། ཁོ་ཚོས་རྒྱ་ནག་མི་དམངས་དང་ལྷན་དུ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་པ་དང༌། རྒྱ་ནག་ཡོངས་ལ་དམངས་གཙོ་ལམ་ལུགས་དབུ་བརྙེས་བའི་དུས་སྐབས་དེ

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༤ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༥ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༨ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese