མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་མི་རིགས་ཀྱི་གསོན་གནས་ཆེད་དུ་འཐབ་རྩོད་བྱེད་དགོས་བའི་གནད་དོན་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་རིའི་པིས་ཡ་ལགས་སུ་བཅར་འདྲི། ས་དཀར་བཀྲ་ཤིས་ཀྱིས་བསྒྱུར།

དྲི་བ། ཉེ་ཆར་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཞིན་ཅང་ལྷོ་ཕྱོགས་ས་ཁུལ་དུ་ཁོ་ཚོས་ངོས་འཛིན་བྱས་པའི་ཤར་ཏུར་ཀི་སི་ཐན་རང་བཙན་རྩོད་ལེན་པའམ་དྲག་སྤྱོད་པའི་སྦྱོང་བརྡར་ལྟེ་གནས་ཤིག་གཏོར་ཕམ་བཏང་ཡོད་ཚུལ་བསྒྲགས་པ་དང༌། གཏོར་ཕམ་བཏང་སྐབས་དྲག་སྤྱོད་པ་མི་སྣ་༡༧ བསད་པ་དང༌། མི་སྣ་༡༨ འཛིན་བཟུང་བྱས་པ་མཟད། ད་དུང་ལག་འབོམ་ཁ་ཤས་ཤིག་ལག་སོན་བྱུང་ཡོད་པ་དང༌། རྒྱ་ནག་ཕྱོགས་ནས་ཀྱང་སྤྱི་བདེ་མི་སྣ་ཞིག་འདས་གྲོངས་ཏུ་ཕྱིན་ཡོད་ཚུལ་བརྗོད་ཡོད། དེ་ན་དོན་རྐྱེན་འདི་ནི་ཤིན་ཅང་རང་བཙན་དང་དྲག་སྤྱོད་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན་པར་བརྗོད་པས། ལྕམ་རི་པིས་ཡ་ལགས་ནས་གནས་ཚུལ་འདི་ལ་ལྟ་སྟངས་དང་རྒྱུས་ལོན་ཅི་འདྲ་ཞིག་ཡོད་དམ།
ལན། གནད་དོན་འདི་ངས་ཀྱང་གསལ་བོ་ཞིག་ཤེས་མ་སོང་ལ་ངས་ཤེས་བ་ཡང་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་དེ་རེད། ཡིན་ན་ཡང༌། ང་རང་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་དེ་ལ་བརྒྱ་ཆ་བརྒྱ་ཐམ་པའི་ཡིད་ཆེས་མེད། ང་ཚོའི་ཤར་ཏུར་ཀི་སི་ཐན་དུ་མི་རིགས་ཀྱི་གནད་དོན་ཡོད་པ་རེད། ཡིན་ན་ཡང་ང་ཚོས་ལས་འགུལ་ཅི་ཞིག་སྤེལ་ན་ཡང་རྒྱ་ནག་གཞུང་གིས་དྲག་སྤྱོད་པའི་ལས་འགུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སྔོན་མ་རྒྱ་ནག་གཞུང་གིས་དེ་ནི་མི་རིགས་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་ཞིག་ཡིན་པར་བརྗོད་མོད། ཨ་རིའི་དགུ་བའི་བཅུ་གཅིག་གི་དོན་རྐྱེན་རྗེས་ནས་བཟུང་ཡུ་གུར་མི་རིགས་ཀྱི་ལས་འགུལ་ཚང་མ་ཡང་དྲག་སྤྱོད་པའི་ལས་འགུལ་ཞིག་ཏུ་བརྩིས་བ་རེད། གལ་སྲིད་སྲིད་གཞུང་ཞིག་གིས་མི་རིགས་གང་ཞིག་ལ་གཉའ་གནོན་བྱས་ན་མི་རིགས་དེས་གཞུང་ལ་ངོ་རྒོལ་བྱེད་ངེས་བ་རེད། ཡིན་ན་ཡང་དེརིང་གི་གནས་སྟངས་ནི་ཡུ་གུར་མི་རིགས་ལ་སྨྲ་བརྗོད་རང་དབང་ཅི་ཡང་མེད་པས་ཁོ་ཚོས་སེམས་ནང་གི་སྐད་ཆ་བརྗོད་ཐུབ་ཀྱི་མེད་པ་རེད།  སྤྱིར་བཏང་རྒྱ་ནག་ནང་དུ་ཡུ་གུར་མི་རིགས་གཅིག་པུ་ལ་སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་མིན་པར་རྒྱ་མི་རིགས་ལ་ཡང་རྩ་བའི་ཆ་ནས་མེད་པ་རེད། རྒྱ་ནག་ནང་རྒྱ་མི་རིགས་ཀྱིས་ཀྱང་སྐབས་རེ་རྔམ་སྟོན་ཁྲོམ་སྐོར་བྱེད་ཆོག་མོད་ཡིན་ན་ཡང་རྒྱ་ནག་གཞུང་གིས་ཁོ་ཚོ་ལ་ལྟ་སྟངས་མི་གཅིག་པ་རེད།
དྲི་བ། རྒྱ་ནག་གཞུང་གིས་ནམ་རྒྱུན་ཤིན་ཅང་རང་བཙན་ནམ་ཤར་ཏུར་ཀི་སི་ཐན་རང་བཙན་དང་དྲག་སྤྱོད་པའི་དབར་འབྲེལ་བ་ཡོད་ཚུལ་ནན་བརྗོད་བྱེད་ཀྱི་ཡོད་པ་རེད། རྩ་བའི་ཆ་ནས་ཁྱེད་རང་དང་ཁྱེད་ཀྱིས་དབུ་ཁྲིད་པའི་འཛམ་གླིང་ཡུ་གུར་འཐུས་མིའི་ཚོགས་ཆེན་སྒྲིག་འཛུགས་ཀྱིས་དྲག་སྤྱོད་རིང་ལུགས་ཀྱི་གནད་དོན་ལ་ལྟ་ཚུལ་ཅི་འདྲ་ཞིག་ཡོད་དམ།
ལན། རྩ་བའི་ཆ་ནས་ང་ཚོས་རྩ་དོན་ནི་ཞི་བའི་ཐབས་ལམ་བརྒྱུད་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོས་ཆེད་དུ་འཐབ་རྩོད་བྱ་རྒྱུ་དེ་ཡིན། རྒྱ་རིགས་དང་ཡུ་གུར་མི་རིགས་སུ་ཡིན་ནའངཡང་འདྲ་ང་ཚོས་ལངས་ཕྱོགས་ནི་དྲག་སྤྱོད་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་རྒྱུ་དེ་ཡིན། དོན་དངོས་སུ་ང་ཚོས་འཐབ་རྩོད་བྱེད་བཞིན་པ་ནི་ཤིན་ཅང་གི་བརྟན་ལྷིང་དང་མཐུན་སྒྲིལ་གྱི་ཆེད་དུ་ཡིན།
དྲི་བ། ཡིན་ན་ཡང་ང་ཚོས་གོ་ཐོས་ལྟར་ན་ཁྱེད་རང་ཚུད་པའི་ཕྱི་རྒྱལ་གྱི་ཡུ་གུར་བའི་སྒྲིག་འཛུགས་ཁག་གི་རྩ་དོན་ནི་ཡུ་གུར་མི་རིགས་ཀྱིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་བརྩོན་ལེན་བྱས་ཏེ་མཐར་ཤིན་ཅང་རང་བཙན་བྱེད་རྒྱུ་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད། དེའི་ཐད་ཁྱེད་རང་གིས་ལྟ་ཚུལ་ཅི་འདྲ་ཡིན་ནམ།
ལན། ད་ལྟ་ཤར་ཏུར་ཀི་སི་ཐན་རང་བཙན་སྐོར་གྱི་གནད་དོན་མ་བརྗོད་གོང༌། བཤད་དགོས་བ་ཞིག་ནི་ད་ལྟ་ཡུ་གུར་མི་རིགས་ལ་རང་དབང་ཅི་ཡང་མེད་ལ། ཁོ་ཚོ་ལ་སྨྲ་བརྗོད་ཀྱི་རང་དབང་མེད་དང་དཔལ་འབྱོར་གྱི་རང་དབང༌མེད། སློབ་གསོའི་རང་དབང་མེད། རིག་གནས་སྟེང་དུ་ཡང་ཁོ་ཚོ་ལ་ཡར་རྒྱས་གཏོང་བའི་རང་དབང་ཅི་ཡང་མེད། རྒྱ་ནག་སྲིད་དབང་གིས་༡༩༤༩ ལོ་ནས་བཟུང་ཡུ་གུར་མི་རིགས་ཀྱི་རིག་གཞུང་དང༌། འགྲོ་བ་མིའི་ཐོབ་ཐང༌། སྐད་ཡིག དཔལ་འབྱོར་བཅས་ག་ལེར་རྩ་མེད་བཏང་བ་རེད། ད་ལྟའི་གནད་དོན་གཙོ་བོ་ནི་འདི་ཚོ་རེད་ལ། ཡུ་གུར་མི་རིགས་ཀྱི་གསོན་གནས་ཆེད་དུ་འཐབ་རྩོད་བྱེད་དགོས་བའི་གནད་དོན་རེད། གལ་སྲིད་ཡུ་གུར་མི་རིགས་ལ་དོན་ངོ་མའི་རང་དབང་དང་འདྲ་མཉམ། དམངས་གཙོ་ལྡན་པའི་ཆ་རྐྱེན་འོག་འོས་འདེམས་ཀྱི་དབང་ཆ་ཡོད་ཚེ། ཁོ་ཚོས་ཆབ་སྲིད་ཀྱི་ལས་དབང་ལ་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་པ་དང༌། གཅིག་བྱས་ན་ཁོ་ཚོས་རང་བཙན་གདམས་སྲིད་ལ། གཅིག་བྱས་ན་ཁོ་ཚོ་རྒྱ་ནག་གི་ཆ་ཤས་ཤིག་ཏུ་གྱུར་ཏེ་རྒྱ་ནག་མི་དམངས་དང་མཉམ་དུ་འཚོ་བ་སྐྱེལ་བར་གདམ་སྲིད། དེ་ནི་ཁོ་ཚོ་རང་ཉིད་ཀྱིས་ཐག་གཅོད་རེད།
དྲི་བ། གོང་དུ་ཁྱེད་ཀྱིས་ཡུ་གུར་མི་རིགས་ཀྱི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་གསོན་གནས་རང་དབང་གི་ཐོབ་ཐང་བརྩོད་ལེན་བྱེད་ཀྱི་ཡོད་པར་བརྗོད། ཡིན་ན་ཡང་རྒྱ་ནག་གཞུང་གིས་བརྗོད་པ་ལྟར་ན་ཁོ་ཚོས་ཤིན་ཅང་གི་འཛུགས་སྐྲུན་ཆེད་འབད་བརྩོན་མང་པོ་བྱས་པ་དང་གྲུབ་འབྲས་ཀྱང་ཆེན་པོ་བླངས་ཡོད་ལ། ཤིན་ཅང་གི་དཔལ་འབྱོར་འཕེལ་རྒྱས་ཤིན་ཏུ་མགྱོགས་ཚུལ་བརྗོད་ཀྱི་ཡོད།  གྲོང་ཁྱེར་བོའུ་ལོན་མོན་ཆི་རུ་ཁང་པ་ཐོག་བརྩེགས་ཅན་མང་པོ་བསྐྲུན་ཡོད་པས་ཕར་བལྟས་ཚེ་ཧ་ཅང་ཡར་རྒྱས་ཀྱི་རྣམ་པ་མངོན་ཞིང༌། དགོང་མོ་ཡང་རྟག་པར་གླུ་གར་གྱི་སྒྲ་འཁྱིལ་ཞིང་གློག་འོད་སྣ་ལྔའི་ཁྲ་ཁྲ་ཟིང་ཟིང་གི་རྣམ་པ་མངོན་པས་ཨེ་ཤ་ཡའི་གྲོང་ཁྱེར་གཞན་དང་གཅིག་མཚུངས་ཡིན་པ་དང༌། ཤིན་ཅང་དུ་བཅར་དྲིར་བསྐྱོད་པའི་ང་ཚོའི་ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་པས་ཀྱང་གྲོང་ཁྱེར་བོན་ལི་མོན་ཆི་དེ་ཧ་ཅང་ཡར་རྒྱས་དང་འཁྲུགས་ཆ་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ཚོར་བ་སྟེར་ཚུལ་བརྗོད་ཀྱི་ཡོད་པས། དེའི་ཐད་ཁྱེད་རང་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།
ལན། ཁྱེད་ཀྱིས་དྲི་བ་འདི་བཏོན་པར་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་ལྟ་སྐོར་དང་བཅར་དྲིར་བསྐྱོད་མཁན་ཚོས་ནང་ལོགས་མཐོང་ཡོད་པ་མ་རེད། ཕྱི་ལོགས་ནས་བལྟས་ཚེ་ཤིན་ཅང་ཧ་ཅང་མཛེས་པ་རེད། ལྟ་སྐོར་ལ་བསྐྱོད་མཁན་ཚོས་སུའི་ཁང་པ་ཐོག་བརྩེགས་ཅན་དེ་ལོངས་སུ་སྤྱོད་པ་དང༌། སུའི་བདེ་སྐྱིད་དང་ཁེ་ཕན་ལོངས་སུ་སྤྱོད་ཀྱི་ཡོད་པ་ཤེས་ཀྱི་མེད། ལྟ་སྐོར་ལ་འགྲོ་མཁན་ཚོས་དེ་རུ་ཡ་ང་བའི་འཚོ་བ་རོལ་བཞིན་པ་ནི་ཡུ་གུར་བ་ཡིན་པ་ཤེས་ཀྱི་མེད་པ་རེད། ང་ཚོའི་ལངས་ཕྱོགས་ནི་མི་རིགས་ཚང་མ་བདེ་ཞིང་སྐྱིད་པའི་ངང་འཚོ་བ་རོལ་ཐུབ་རྒྱུ་དེ་ཡིན། དེ་དང་ལྷན་ང་ཚོས་བསམ་པར་ཕྱི་ནས་ཡོང་བའི་རྒྱ་མི་རིགས་གཅིག་པུ་མིན་པར་ས་གནས་ཀྱི་མི་རིགས་ཀྱང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་དགོས་བ་རེད། རྒྱ་ནག་དབུས་གཞུང་གིས་ལོ་ངོ་༥༧ རིང་གྲངས་ཉུང་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ། གྲངས་ཉུང་མི་རིགས་ལ་བདེ་སྐྱིད་སྐྲུན་རྒྱུ་བཅས་བརྗོད་བཞིན་པ་དེ་ནི་ང་ཚོའི་རེ་སྨོན་ཡིན་ལ་ང་ཚོ་ལ་མི་ལོ་༥༧ རིང་མ་རག་པའི་དངོས་པོ་ཡང་རེད། ཡུ་གུར་མི་རིགས་ཀྱིས་སྔོན་ཆད་ནས་རྒྱ་ནག་གཞུང་གི་བརྗོད་སྟངས་འདི་ལ་ཡིད་ཆེས་བྱེད་ཀྱི་ཡོད་ལ་ང་ཡང་ཡིད་ཆེས་བྱེད་ཀྱི་ཡོད། ཤིན་ཅང་ཡར་རྒྱས་ཤིན་ཏུ་ཆེ་བ་དེ་ངོ་མ་རེད། ཤིན་ཅང་དུ་ཁང་པ་ཐོག་བརྩེགས་ཅན་མང་པ་དང་གཞུང་ལམ་སྣ་ཚོགས་ཡོད་པ་བདེན་པ་རེད། ཡིན་ན་ཡང་ཤིན་ཅང་དུ་བདེ་སྐྱིད་ལོངས་སུ་སྤྱོད་མཁན་ནི་ཕྱི་ནས་ཡོང་བའི་རྒྱ་རིགས་ཡིན་པ་ལས་ཡུ་གུར་མི་རིགས་མ་རེད། གལ་སྲིད་རྒྱ་ནག་གཞུང་གིས་རེ་བར་ཤིན་ཅང་མི་རིགས་དབར་མཐུན་སྒྲིལ་ཡོང་འདོད་ཚེ་དེ་ན་ཡུ་གུར་མི་རིགས་ལ་ཡང་ཕྱི་ནས་ཡོང་བའི་རྒྱ་མི་རིགས་དང་འདྲ་བར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས་བ་དང༌། དེ་ལྟར་བྱེད་ཚེ་ཡུ་གུར་མི་རིགས་ཀྱིས་འཁང་ར་བྱེད་མི་སྲིད་པ་རེད། དེ་རིང་གི་གནས་ཚུལ་ནི་ཡུ་གུར་མི་རིགས་ལ་རང་དབང་ཅི་ཡང་ཡོད་པ་མ་རེད། ཡིན་ན་ཡང༌། གལ་སྲིད་རྒྱ་ནག་གཞུང་གིས་ཤིན་ཅང་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་རེད་ཅེས་བརྗོད་བཞིན་པ་ལྟར། ཡུ་གུར་མི་རིགས་ལ་སྨྲ་བརྗོད་རང་དབང་སྤྲད་དེ་ཁོ་ཚོའི་སེམས་གཏམ་བརྗོད་དུ་བཅུག་ཚེ།  ཡུ་གུར་མི་རིགས་ཏེ་དེ་རིང་བརྗོད་བཞིན་པ་ལྟར་མི་རིགས་ཁ་བྲལ་རིང་ལུགས་པ་དང་མི་རིགས་ལར་ཞེན་རིང་ལུགས་པ། ཐ་ན་དྲག་སྤྱོད་རིང་ལུགས་པ་ཞིག་ཀྱང་ཡིན་མི་སྲིད་པར། ཁོ་ཚོ་རྒྱ་ནག་རྒྱལ་ཁབ་ཀྱི་སྤྱི་འབངས་ཡག་པོ་ཞིག་ཡིན་ངེས་རེད།་ རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་དྲི་བ་འདི་བཏོན་པ་ལས་རང་ཉིད་ལ་དྲི་བ་འདི་འདོན་དགོས་ཏེ་ཅིའི་ཕྱིར་ཁོ་ཚོས་ཡུ་གུར་མི་རིགས་དེ་བཙན་གྱི་ལེང་ཧྲན་སྟེང་འདེད་པ་རེད་དམ། གཅིག་བྱས་ན་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མི་སྣའི་ཁྲོད་ང་ཚོའི་གནད་དོན་ཐད་རྒྱ་ནག་དབུས་གཞུང་ལ་མགོ་སྐོར་གཏོང་སྟེ་བརྗོད་མཁན་ཡོད་སྲིད་པ་རེད། ད་ལྟ་ང་ཚོའི་གནད་དོན་དང་ང་ཚོ་ལ་གཉའ་གནོན་མྱོང་བཞིན་པ་དེ་ཤིན་ཏུ་ཚབས་ཆེན་རེད། ཕྱི་ལོ་༢༠༠༢་ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ང་ཚོའི་སློབ་གསོ་རྩ་མེད་བཏང་བ་རེད།
དྲི་བ། མི་ཁ་ཤས་ཤིག་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་གི་ཡོད་ནའང༌། ཁོ་ཚོས་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་དཔེར་ན་ཤིན་ཅང་རང་བཙན་ལྟ་བུ་ལ་རྦད་དེ་ངོ་རྒོལ་བྱེད་ཀྱི་ཡོད་པས། དེའི་ཐད་ཁྱེད་རང་ལ་ལྟ་ཚུལ་ཅི་འདྲ་ཡོད་དམ།
ལན། ༡༩༤༩ ལོའི་ཡར་སྔོན་དུ་ཤིན་ཅང་གནད་དོན་གཉིས་པ་ནི་རྒྱ་ནག་གཞུང་གིས་ཤིན་ཅང་རང་སྐྱོང་ལྗོངས་བཙུགས་རྗེས་རང་སྐྱོང་གི་མིང་ཐོག་ནས་ཡུ་གུར་མི་རིགས་ལ་མགོ་བསྐོར་གཏོང་གི་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། གནད་དོན་གསུམ་པ་ནི་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ལ་མགོ་བསྐོར་བཏང་བ་མ་ཟད་ད་དུང་རྒྱ་ནག་མི་དམངས་ལ་མགོ་སྐོར་བཏང་དེ་རྒྱ་དང་ཡུ་གུར་མི་རིགས་དབར་ལ་འགལ་ཟླ་བཟོས་བ་རེད། གལ་སྲིད་རྒྱ་ནག་གཞུང་གིས་དོན་ངོ་མའི་རང་སྐྱོང་གི་ཐོབ་ཐང་ལ་བརྩི་བཀུར་བྱས་ཏེ་ཡུ་གུར་མི་རིགས་ཀྱིས་རང་ཉིད་ཀྱི་ས་ཁུལ་ཏུ་་རང་སྐྱོང་ངོ་མ་ལོངས་སུ་སྤྱོད་བཅུག་ཡོད་ཚེ་དེ་རིང་གི་གནས་སྟངས་ནི་མི་འདྲ་བ་ཞིག་ཡིན་ངེས། ཉེ་ཆར་རྒྱ་ནག་གཞུང་གིས་ཤིན་ཅང་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས་པ་དང༌། རྒྱབ་ཤ་དཀར་པོའི་ནང་ས་ཆ་ནི་ཁོང་ཚོའི་ཡིན་པ་དང༌། ཐོན་ཁུངས་ནི་ཁོང་ཚོའི་ཡིན་པ། དངོས་པོ་ཡོད་ཚད་ཁོང་ཚོའི་ཡིན་པ་བརྗོད་ཡོད་པས། ཡུ་གུར་མི་རིགས་ལ་ཅི་ཡང་མེད་པས་ས་ཆ་འདིར་གཏོགས་པ་ཞིག་མིན་པ་རེད། རྒྱ་ནག་གཞུང་གིས་ང་ཚོས་ས་ཆ་བཙན་བཟུང་དང་ཐོན་ཁུངས་འཕྲོག་བཅོམ་བྱས་པ་མ་ཟད། ལོ་ངོ་༥༧ རིང་རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་འོག་ང་ཚོའི་མི་དམངས་ལ་གཞི་རྒྱ་ཆེ་བའི་གཉའ་གནོན་དང་དམར་གསོད་ཚབས་ཆེན་བྱས་ཡོད། དེ་ལས་གཞན་རྒྱ་ནག་གཞུང་གིས་བསམ་པར་ཡུ་གུར་མི་རིགས་གནས་ཡོད་པ་ནི་རྒྱ་ནག་གི་ས་ཁྱོན་ལ་ཉེན་ཁ་སྤྲད་ཀྱི་ཡོད་པར་འདོད་པས་རྡུང་རྡེག་ཚ་ནན་གཏོང་གི་ཡོད་པ་རེད། དེར་བརྟེན་རྒྱ་ནག་གཞུང་གི་སྲིད་ཇུས་ནི་འདྲ་མཉམ་འོག་ཡུ་གུར་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་མིན་པར་ཡུ་གུར་མི་རིགས་རྩ་མེད་དུ་གཏོང་རྒྱུ་དེ་རེད།
དྲི་བ། རྒྱ་ནག་གཞུང་གིས་ཁྱེད་རང་འཇུ་བཟུང་མ་བྱས་པའི་སྔོན་དེར། ཁྱེད་རང་ནི་ཤིན་ཅང་གི་ཕྱུག་པོ་ཆེ་ཤོས་ཡིན་པ་མ་ཟད་ད་དུང་སྲིད་གྲོས་ཀྱི་ཨུ་ཡོན་ཡང་ཡིན་པ་རེད། དེ་ན་ཅིའི་ཕྱིར་ཁྱེད་རང་རྒྱ་གཞུང་དང་སོ་སོར་གྱེས་པ་དང༌། གཞནད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཡིས་སྔོན་མ་ཁྱེད་རང་གིས་ཐ་མག་ནག་པོའི་ཚོང་བརྒྱབ་པ་དང་རང་གི་བུ་ཕྲུག་ལ་སློབ་གསོ་ཡག་པོ་བརྒྱབ་ཐུབ་མེད་པ་རེད་གསར་འགྱུར་ཁག་ཏུ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པས་དེའྀ་ཐད་ཁྱེད་རང་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ།
ལན། ང་རང་གིས་རྒྱ་ནག་མི་དམངས་ཀྱིས་ང་ཚོའི་གནད་དོན་ངོ་མ་གསལ་རྟོགས་ཐུབ་པར་རེ་བ་བྱེད་ཀྱི་ཡོད། འདིར་ངའི་ཁོ་ཚོ་ལ་གནད་དོན་ངོ་མ་དེ་གསལ་བཤད་བྱེད་ཀྱི་ཡིན། ང་རང་ཕྱུག་པོ་དང་སྲིད་གྲོས་ཀྱི་ཨུ་ན་ཆགས་པ་དེ་བདེན་པ་རེད་ལ་སྐབས་དེར་ངའི་རྒྱ་གཞུང་གི་ཁེ་ཕན་ལྡན་པའི་སྲིད་ཇུས་བེད་སྤྱོད་བཏང་པ་དང༌། རྒྱ་གཞུང་གིས་ཀྱང་ང་ལ་རྒྱབ་སྐྱོར་བྱས་པ་རེད། སྐབས་དེར་ང་རང་ཕྱུག་པོ་ཆགས་པ་དེ་ནི་རྒྱ་གཞུང་གིས་ངའི་ཚོང་ལས་ལ་རྒྱབ་སྐྱོར་བྱས་པ་དང་གློག་སྔོན་པོ་སྤར་པ་རེད། དོན་དངོས་སུ་རྒྱ་གཞུང་གིས་ཡུ་གུར་མི་རིགས་ལ་དཔལ་འབྱོར་སྟེང་ཡར་རྒྱས་འགྲོ་བར་འགག་འགོག་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཐབས་ཤེས་འདྲ་མིན་སྤྱད་དེ་ང་ཚོ་དཔལ་འབྱོར་སྟེང་ཡར་རྒྱས་འགྲོ་བའི་ལམ་ཁ་བཀག་གི་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

ཆུ་ཚོད་ ༡༣ སྔོན་ལ།
༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཉམས་ཞིབ་ཚོགས་ཆེན་ཐཻངས་པོའི་ཉིན་གཉིས་པའི་གཏམ་བཤད་པ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཚེ་རིང་སྟོབས་ལགས་དང་། ས་ཪཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཚན་འཛིན་གཙུག་ལག་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ༢༠༢༥།༡༢།༤ དུས་བབ་ཀྱི་པར།
Mobile App

༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་གླེང་བའི་ཉིན་གཉིས་པ།

༢༠༢༥/༡༢/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་འཚོག་བཞིན་པ། ༢༠༢༥།༡༢།༤ འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བོད་མིའི་དེབ་སྐྱེལ་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་གོ་རྟོགས་ཟབ་སྦྱོང་འཚོགས།

༢༠༢༥/༡༢/༠༤
French President Emmanuel Macron meets with Chinese President Xi Jinping in 2022.
Mobile App

ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ལགས་རྒྱ་ནག་ནང་སྐོར་སྐྱོད་གནང་བཞིན་འདུག

༢༠༢༥/༡༢/༠༤
ཐུགས་དམ་སྐོར་ལ་ཉམས་ཞིབ་བགྲོ་གླེང་འཚོག་གིན་འདུག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༣
Mobile App

ཐུགས་དམ་སྐོར་ལ་ཉམས་ཞིབ་པའི་བགྲོ་གླེང་འཚོག་བཞིན་འདུག

༢༠༢༥/༡༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese