མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོང་ཚོས་ང་ཚོ་ལ་མགོ་བསྐོར་བཏང་བ་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ཅིའི་ཡོན་ཚགས་པར།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་དྲུང་ཆེ་རོ་བྷོར་ཊི་མེས་ནར་ཊི་ལགས་སུ་བཅར་འདྲི།
༢༠༠༡ ལོར་ཧཕ་རན་སིའི་རྒྱལ་ས་ཕེ་རེ་སི་ནང་རྟེན་གཞི་བྱས་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་དེ་ནི་ཨོ་ལིམ་པིག་གི་རྩ་དོན་དང་འགལ་ཡོད་པས། ༢༠༠༨ ལོའི་ཨོ་ལིམ་པྀག་རྩེད་འགྲན་བདག་དབང་རྒྱ་ནག་གཞུང་ལ་སྤྲད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་དང༌། གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁྲོད་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནི་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་འཚོགས་པར་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་ཐོག་མའི་གྲས་ཀྱང་ཡིན་པ་རེད། ༢༠༠༧ ལོའི་ཕྱི་ཟླ་༡ ནང་རྒྱ་ནག་གཞུང་གིས་གདན་འདྲེན་ལྟར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་དྲུང་ཆེ་རོ་བྷོར་ཊི་མེས་ནར་ཊི་དང་ཨེ་ཤ་ཡའི་སྡེ་ཚན་འགན་འཛིན་བེན་སན་ཊི་བྷོར་སིལ་གཉིས་རྒྱ་ནག་ནང་གཟིགས་བསྐོར་དུ་བསྐྱོད་པ་དང༌། སྐབས་དེར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལེགས་བཅོས་གནང་རྒྱུའི་ཁས་ལེན་གནང་སྟེ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ་བྱེད་བཞིན་པ་མཚམས་འཇོག་ཆེད་མགོ་བསྐོར་བསླུ་བྲིད་བཏང་བ་རེད། ད་ལྟ་ཁས་ལེན་བྱས་པའི་དུས་ལས་ཡོལ་ཡོད་ན་ཡང་རྒྱ་ནག་གཞུང་གིས་ལག་བསྟར་བྱ་དགོས་བའྀི་ལས་དོན་གཅིག་ཀྱང་མངོན་དུ་གྱུར་མེད་པར་བརྟེན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ངོས་ནས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་བསྐྱར་ཏུ་སྤེལ་མགོ་བཙུགས་པ་དང༌། ཏཱ་ཅིན་ཡོན་ཚགས་པར་གྱི་གསར་འགོད་པའི་མཐུན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་རོ་བྷོར་ཊི་མེས་ནར་ཊི་ལགས་སུ་ལས་འགུལ་སྐོར་བཅར་འདྲི་བྱས་པ་གཤམ་གསལ།
དྲི་བ། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཅིའི་ཕྱིར་དུས་སྐབས་འདི་ལ་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་འཚོགས་པར་བཀག་འགོག་བྱེད་ཀྱི་ཡོད་དམ།
ལན། དེ་ནི་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་འཚོགས་པར་ལོ་གཅིག་ལས་མེད་པ་དང༌། ང་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཕྱོགས་བསྡོམས་ཤིག་བརྒྱབ་པ་ཡིན། ཕྱི་ལོ་༢༠༠༡ ཟླ་༧ པའི་ནང་མོ་སི་ཁོ་རུ་པེ་ཅིང་ལ་ཨོ་ལིམ་པིག་རྩེད་འགྲན་འཚོགས་པའི་བདག་དབང་ཐོབ་པ་དང༌། སྐབས་དེར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ངོས་ནས་ངོ་རྒོལ་བྱས་པ་ཚང་མའི་དྲན་པ་རེད། ང་ཚོས་བསམ་པར་དེང་གི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ་དེ་ཨོ་ལིམ་པིག་གི་རྩ་དོན་དང་མི་མཐུན་པ་རེད། དེར་བརྟེན་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ལ། ང་ཚོས་ཨོ་ལིམ་པིག་ལག་བསྟར་ལས་ཁུངས་ལ་ང་ཚོའི་རྣམ་འགྱུར་གསལ་བོ་བསྟན་ཡོད། སྐབས་དེར་ཨོ་ལིམ་པིག་ཚོགས་པ་དང་རྒྱ་ནག་སྲིད་གཞུང་གིས་ང་ཚོ་ལ་ཁྱེད་ཚོས་སེམས་ཁུར་བྱེད་མི་དགོས། ཁྱེད་ཚོས་ལྟོས་བསྡད་དང་ཨོ་ལིམ་པིག་རྩེད་འགྲན་ཚུགས་རྗེས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་དང༌། ཁྱེད་ཚོས་སྒུག་བསྡད་དང་ཡོད་ཚད་འགྱུར་བ་ཐེབས་རྒྱུ་ཡིན་པ་རེད་བཅས་བརྗོད་པ་རེད། ད་ལྟ་ལོ་ངོ་དྲུག་ཕྱིན་སོང་བས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཅི་འདྲ་ཡིན་ནམ། ཁོ་ཚོས་བརྗོད་པ་བཞིན་གཏན་ནས་མིན་པར་འགྲོ་བ་མིའི་ཐོབ་ཐང་ལ་ཡར་རྒྱས་ཅི་ཡང་ཕྱིན་མེད་པ་རེད། དེར་བརྟེན་ང་ཚོས་དེ་རིང་གཞི་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་གི་ཚོགས་གཙོ་ལོ་གྷེ་ལ་ཡི་གེ་བྲིེས་སྟེ་སྔོན་མ་པེ་ཅིང་གིས་ཁས་ལེན་བྱས་པ་གཅིག་ཀྱང་ལག་བསྟར་གནང་མེད་པས་ད་ལྟ་ཁྱེད་ཀྱིས་ཁོ་ཚོས་ཁས་ལེན་བྱས་པ་ལག་བསྟར་གནང་དུ་འཇུག་དགོས་བའི་དུས་ལ་བབས་ཡོད་པ་རེད་ཅེས་བརྗོད་ཡོད། ང་ཚོས་གསལ་བཤད་བྱེད་འདོད་པ་ནི་ང་ཚོས་ལུས་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་ཀྱི་མེད་ལ། ང་ཚོ་ཡང་ལུས་རྩལ་ལ་དགའ་མོས་ཡོད། ཨོ་ལིམ་པིཀ་རྩེད་འགྲན་ལ་དགའ་མོས་ཡོད། ང་ཚོས་རེ་བ་ཡང་ཨོ་ལིམ་པིག་དེ་དུས་སྟོན་ཆེན་པོ་ཞིག་ཏུ་གྱུར་རྒྱུ་དེ་ཡིན། ང་ཚོས་ཨོ་ལིམ་པིག་རྩེད་འགྲན་བེད་སྤྱོད་གཏོང་གི་མེད་པར་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་སྙིང་སྟོབས་དང་རྩ་དོན་ལ་རྒྱབ་འགལ་གྱིས་ལུས་རྩལ་པ་ཚོ་གཏའ་མར་ཉར་གྱི་ཡོད་པ་རེད།
ཚང་མའི་ཤེས་གསལ་ལྟར་ལུས་རྩལ་འགྲན་བསྡུར་བ་མང་པོ་ཞིག་ཨོ་ལིམ་པིག་རྩེད་འགྲན་ལ་ཞུགས་རྒྱུ་ཡིན་པ་དང༌། ཁོ་ཚོས་རང་དབང་གི་རིན་ཐང་འདུ་ཤེས་ལ་ཤིན་ཏུ་བརྩི་མཐོང་གནང་གི་ཡོད་པ་རེད། རྒྱ་ནག་ནང་ཆབ་སྲིད་བཙོན་པ་མང་པོ་ཞིག་བཀག་ཉར་བྱས་ཡོད་པས། ཁོ་ཚོ་འཛམ་གླིང་གི་བཙོན་ཁང་ཆེ་ཤོས་འགྲམ་ནས་རྒྱུགས་མཆོང་གནང་གི་ཡིན་ནམ། ཨོ་ལིམ་པྀག་གི་རྩ་དོན་ལ་བརྩི་བཀུར་མི་བྱེད་པའི་རྒྱ་ནག་སྲིད་གཞུང་གིས་ཨོ་ལིམ་པིག་བཀག་ཉར་བྱེད་བཞིན་ཡོད་པ་རེད། དེ་ལ་ང་ཚོས་ཇི་ལྟར་བྱེད་དགོས་སམ། ང་ཚོས་ནུས་ཤུགས་ཡོད་ཚད་བཏོན་ནས་མི་དམངས་དང་ལུས་རྩལ་འགྲན་བསྡུར་བ། སྲིད་གཞུང་ཁག་ལ་སོ་སོའི་ལས་འགན་ཅི་ཞིག་ཡིན་པ་གསལ་འདེབས་བྱེད་དགོས་བ་རེད།
ད་ལྟ་ང་ཚོས་རྒྱ་ནག་སྲིད་གཞུང་ལ་རེ་འདུན་འདོན་དགོས་བའི་དུས་ལ་བབས་ཡོད། རྒྱ་ནག་ནང་རང་དབང་གི་ངལ་རྩོལ་ཚོགས་པ་ལ་བརྩི་བཀུར་མེད་པ་དང༌། དམར་ཤོག་ཚོགས་པ་ལས་གཞན་སྲིད་དོན་ཚོགས་པ་མེད་ལ། ཆོས་ལུགས་རང་དབང་དང་གསར་འགོད་རང་དབང་མེད་པ་རེད། བཙོན་པར་མནར་གཅོད་གཏོང་བ་ནི་བཙོན་ཁང་མང་པོའི་ནང་ཡོངས་ཁྱབ་ཡིན་པ་དང༌། མི་མང་པོའི་མདུན་ནས་སྲོག་ཁྲིམས་ལག་བསྟར་བྱེད་བཞིན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཆེས་སྡུག་པའི་རྒྱལ་ཁབ་ཅིག་རེད། དེར་བརྟེན་དེ་རིང་རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་པ་ནས་ངེས་བར་ཏུ་ཁ་ཕྱིར་འཁོར་ཏེ་པེ་ཅིང་ལ་ང་ཚོའི་ཁྱེད་ཚོས་ཁས་ལེན་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལེགས་བཅོས་གཏོང་བར་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་དགོས་བ་རེད། 
ཨོ་ལིམ་པིག་ཚོགས་པ་དང་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དེ་ལྟར་སྒྲུབ་པའི་ནུས་བ་ཡོད་པ་རེད། ཡིན་ན་ཡང་ཁོ་ཚོས་རྒྱུ་རྐྱེན་གཞན་ལ་བརྟེན་ནས་དེ་ལྟར་སྒྲུབ་འདོད་ཀྱི་མེད་པ་ངས་ཤེས་ཀྱི་ཡོད། ཁོ་ཚོས་དེ་ལྟར་སྒྲུབ་འདོད་མེད་པའི་རྒྱུ་རྐྱེན་ནི་ཁོ་ཚོས་རང་ཉིད་ཀྱི་ཚོང་ཟོག་རྒྱ་ནག་ལ་བཙོང་འདོད་ཆེད་ཡིན་པ་དང༌། ཚང་མས་རྒྱ་ནག་སྲིད་གཞུང་དང་ལྷན་དུ་ཚོང་རྒྱག་འདོད་ཡོད་པ་རེད།
ཡིན་ན་ཡང་འདིར་འགལ་བ་ཞིག་ཡོད་པ་ནི་ཨོ་ལིམ་པིག་གི་རྩ་དོན་ནང་མིའི་རང་དབང་དང་ཆེ་མཐོང་བརྗོད་ཀྱི་ཡོད་པ་རེད། དེ་ན་རྒྱ་ནག་གི་མིའི་རང་དབང་དང་ཆེ་མཐོང་གང་དུ་ཡོད་དམ། རྒྱ་ནག་ནང་མཐོང་མི་ཐུབ་པ་རེད། 
དྲི་བ། ཁྱེད་ཀྱིས་ལྟོས་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཨོ་ལིམ་པིག་གི་རྩ་དོན་གཉིས་མི་འཚམས་པ་ཡིན་ནམ།
ལན། མི་འཚམས་པ་རེད། ༡༩༨༠ ལོར་རྒྱལ་ཁབ་དྲུག་ཅུ་ལྷག་གིས་ར་ཤི་ཡའི་རྒྱལ་ས་མོ་སུ་ཁོ་རུ་ཨོ་ལིམ་པིག་རྩེད་འགྲན་འཚོགས་པར་བཀག་འགོག་བྱས་པ་དང༌། དེ་ནི་མོ་སུ་ཁོ་རུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང༌། ར་ཤི་ཡའི་ཨབ་གྷན་ནི་སི་ཐན་ལ་བཙན་འཛུལ་བྱས་མ་ཐག་ཡིན་པ་རེད། དེ་ན་དེ་རིང་གི་རྒྱ་ནག་གིས་༡༩༨༠ ལོའི་ར་ཤི་ཡ་ལས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་ཡོད་དམ། རྦད་དེ་མེད་པ་རེད། དེ་རིང་གི་རྒྱ་ནག་གིས་སྔོན་མའི་ར་ཤི་ཡ་ལས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་ཀྱི་མེད་པ་རེད། ཅིའི་ཕྱིར་༡༩༨༠ ལོ་མོ་སུ་ཁོ་རུ་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་པར་བཀག་འགོག་བྱེད་མཁན་གྱི་རྒྱལ་ཁབ་དེ་ཚོས་དེ་རིང་རྒྱ་ནག་ལ་བཟུང་བའི་རྣམ་འགྱུར་མི་གཅིག་པ་ཡིན་ནམ། དེས་རྒྱུ་མཚན་ཤིན་ཏུ་སླ་སྟེ་ཁོ་ཚོས་རྒྱ་ནག་དང་ལྷན་ཚོང་འབྲེལ་བྱེད་འདོད་ཡོད་པ་རེད། སྔོན་མ་ར་ཤི་ཡ་དང་ཚོང་འབྲེལ་བྱེད་མཁན་མེད་པ་རེད། ཁ་ཤས་ཀྱིས་དེང་སྐབས་ཨོ་ལིམ་པིག་རྩེད་འགྲན་བཀག་འགོག་བྱེད་མཁན་མེད་པ་རེད་བསམ་གྱི་ཡོད་མོད་ང་ཚོས་པེ་ཅིང་ལ་ཨོ་ལིམ་ཕིག་རྩེད་འགྲན་གྱི་བདག་དབང་མ་ཐོབ་སྔོན་ནས་བཀག་འགོག་བྱེད་ཀྱི་ཡོད། ཡིན་ན་ཡང་ངེས་བར་ཏུ་གནོན་ཤུགས་ངེས་ཅན་དང་ཁ་གསལ་བོ། ཡོངས་ཁྱབ་ཀྱིས་རྒྱ་ནག་སྲིད་གཞུང་ལ་ཨོ་ལིམ་ཕིག་གི་རྩ་དོན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་མི་འཚམས་པ་རེད་ཅེས་བརྗོད་དགོས་བ་རེད།
དྲི་བ། ད་ལོའི་ཕྱི་ཟླ་དང་པོའི་ནང་ཁྱཻད་རང་རྒྱ་ནག་ལ་བསྐྱོད་རྗེས་རྒྱ་ནག་གཞུང་ལ་གསར་འགོད་རང་དབང་ལེགས་བཅོས་གཏོང་དགོས་བའི་དགོས་འདུན་དོན་ཚན་བཅུ་བཏོན་ཡོད་པ་རེད། ཁྱེད་ཀྱི་བལྟས་ན་ལེགས་བཅོས་ག་རེ་གནང་ཡོད་དམ།
ལན། ལེགས་བཅོས་ཅི་ཡང་བཏང་མི་འདུག ལོ་མགོར་རྒྱ་ནག་གཞུང་གིས་གདན་འདྲེན་ལྟར་རྒྱ་ནག་ཏུ་བསྐྱོད་པའི་སྐབས་ཁོ་ཚོས་ཁོ་ཚོ་ནི་མི་ཨུ་ཚུགས་ཅན་ཞིག་མིན་པར་མི་སུ་ཡིན་རུང་བགྲོ་གླེང་བྱེད་ཆོག་ཅེས་བརྗོད་པ་རེད། དེ་ན་ཤིན་ཏུ་བཟང་ང་ཚོས་ཀྱང་ཨོ་ལིམ་པིག་རྩེད་འགྲན་དེ་དུས་སྟོན་ཆེན་པོ་ཞིག་ཏུ་གྱུར་བའི་རེ་བ་བྱེད་ཀྱི་ཡོད། ཁྱེད་ཚོས་རེ་བར་ང་ཚོས་ཨོ་ལིམ་པིག་རྩེད་འགྲན་ལ་བཀག་འགོག་གི་ལས་འགུལ་མི་སྤེལ་རྒྱུ་དེ་རེད། ང་ཚོས་ལམ་སེང་མཚམས་འཇོག་ཆོག  འོན་ཀྱང་ང་ཚོའི་རེ་འདུན་ནི་ཁྱེད་ཚོས་ཆ་རྐྱེན་ཁ་ཤས་ཤིག་ཁས་ལེན་དགོས་བ་དེ་ཡིན། ང་ཚོས་ཁོང་ཚོ་ལ་ཕྱོགས་གཉིས་མོས་མཐུན་ཡོང་བའི་ཆ་རྐྱེན་ཁག་ཅིག་བཏོན་ཟིན་པ་ཡིན་ལ། དེའི་ནང་དགོས་འདུན་གཙོ་བོ་ཞིག་ནི་བཀག་ཉར་བྱས་པའི་གསར་འགོད་པ་དང་དྲ་རྒྱའི་སྟེང་ལྟ་སྤྱོད་མི་མཐུན་པའི་མི་སྣ་ཁག་ཅིག་གློད་འགྲོལ་གཏོང་དགོས་བ་དེ་ཡིན། དྲ་རྒྱའི་ལྟ་སྤྱོད་མི་མཐུན་པའི་མི་སྣ་དང་གསར་འགོད་པ། སྨྲ་བརྗོད་རང་དབང་སྲུང་སྐྱོབ་མཁན་བཅས་བསྡོམས་པའི་མི་སྣ་བརྒྱ་ཙམ་ཡོད་པ་རེད། ང་ཚོས་ཁོང་ཚོ་ལ་མིང་ཐོ་ཞིག་སྤྲད་ཡོད་ལ་དེའི་ནང་གཟུགས་པོའི་གནས་སྟངས་ཤིན་ཏུ་སྐྱོ་བ་དང༌། ལོ་ན་མཐོ་བ། བཙོན་ཁང་ནང་སྡོད་ཡུན་ཤིན་ཏུ་རིང་བ་སོགས་ཡོད། ཁོང་ཚོས་སྐྱོན་མེད་ཅེས་བརྗོད་པ་དང༌། ང་ཚོས་གྲོས་མོལ་བྱས་ཏེ་ཟླ་ཚེས་ནམ་ཞིག་ལ་མི་སུ་ཞིག་གློག་འགྲོལ་གཏོང་དགོས་བ་དང༌། དུས་ནམ་ཞིག་ལ་བཙོན་པ་སུ་ཞིག་ལ་ལྟ་རུ་འགྲོ་ཆོག་པ། དྲ་རྒྱ་གང་ཞིག་བཀག་སྡོམ་ལས་གྲོལ་དགོས་བ་སོགས་བརྗོད་ཡོད།
ཡིན་ན་ཡང་ཁོ་ཚོས་ཁས་ལེན་བྱས་པ་གཅིག་ཀྱང་ལག་བསྟར་བྱེད་མེད་པརེད། ཁོ་ཚོས་ང་ཚོའི་ཆ་རྐྱེན་འདོད་བློ་ཁེངས་བ་བྱུང་ཚེ་ང་ཚོས་ཨོ་ལིམ་ཕྀག་རྩེད་འགྲན་བཀག་འགོག་བྱེད་བཞིན་པའི་ལས་འགུལ་མཚམས་འཇོག་བྱེད་ཆོག་ཅེས་བརྗོད་ཡོད་ལ། ང་ཚོས་མཐའ་མའི་དུས་ཚོད་ཀྱང་གཏན་འཁེལ་བྱས་ཡོད། ཡིན་ན་ཡང་ཁོ་ཚོས་ཅི་ཡང་སྒྲུབ་མེད་པ་རེད།
 ང་ཚོས་རང་ཉིད་ཀྱི་ཁས་ལེན་བརྩི་སྲུང་བྱས་ཡོད་ན་ཡང་ཁོ་ཚོས་རང་ཉིད་ཀྱི་ཁས་ལེན་ལ་རྒྱབ་འགལ་བྱས་པ་རེད། ཁོ་ཚོས་གནད་དོན་དེའི་ཐད་ནས་ང་ཚོ་ལ་ངོ་ཚ་བཟོ་འདོད་ཡོད་པ་རེད། ངོ་ཚ་དགོས་བ་དེ་ང་ཚོ་མ་རེད། ཁོ་ཚོས་ང་ཚོ་ལ་མགོ་བསྐོར་བཏང་བ་རེད། ད་ལྟ་ང་ཚོས་དོན་དག་འདི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་ཨོ་ལིམ་ཕྀག་རྩེད་འགྲན་བཀག་འགོག་གི་ལས་འགུལ་བསྐྱར་དུ་སྤེལ་བཞིན་པ་རེད། 
དྲི་བ། ཁྱེད་ཚོས་ལས་འགུལ་ཁྲོད་ལག་ལྕགས་ལྔ་ཡིས་ཐེངས་འདིས་ཨོ་ལིམ་པིག་གི་མཚོན་རྟགས་བྱེད་བཞིན་པས་རྒྱུ་མཚན་ཅི་ཡིན་ནམ།
ལན། ལག་ལྕགས་ལྔ་ནི་རང་དབང་མེད་པའི་མཚོན་རྟགས་ཡིན་ལ། དེ་ནི་མཐུན་སྒྲེིལ་མེད་པ་དང༌། འཆམ་མཐུན་མེད་པ། ཕན་ཚུན་བརྩི་བཀུར་མེད་པ། མི་གཞན་ལ་བརྩི་མཐོང་དང་བཟོད་སྒོམ་མི་བྱེད་པ། དེའི་བཙོན་ཁང་དང༌། མནར་གཅོད། སྲོག་ཁྲིམས་ལག་བསྟར་བྱེད་པ། རང་དབང་བརླག་པ། མི་སྒེར་གྱི་དབང་ཤུགས་ཀྱིས་ཡོད་ཚད་དབང་བསྒྱུར་བྱེད་བཞིན་པ་བཅས་མཚོན།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese