མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ཏཱ་ལའི་བླ་མ་སྐུ་མ་བཞུགས་ཚེ་བོད་དོན་སེལ་བར་སྔར་ལས་དཀའ་ངལ་འཕྲད་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་སུ་བཅར་འདྲི།
ཨེ་ཤ་ཡའི་བདུན་རེ་གསར་དེབ།
    རྒྱལ་ལོ་དོན་གྲུབ་ལགས་ཀྱིས་བརྗོད་དོན་ཏཱ་ལའི་བླ་མའི་སྔར་ནས་བོད་རང་བཙན་དོར་ཏེ་ཞི་བདེ་དབུ་མའི་ལམ་དུ་བསྐྱོད་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད། ཡིན་ན་ཡང༌། པེ་ཅིང་གི་མི་ཁ་ཤས་ཀྱིས་༡༩༧༩ ལོར་ཏིང་ཞོ་ཕིང་དང་ཁོ་རང་ཐུག་འཕྲད་སྐབས་བྱུང་བའི་སྤྱི་མོས་ཀྱི་དགོངས་གཞི་དེ་ལ་རྒྱབ་འགལ་བྱེད་ཀྱི་ཡོད་པ་རེད། ཏཱ་ལའི་བླ་མ་ནི་བོད་རྒྱ་མི་རིགས་གཉིས་བར་གྱི་འགལ་ཟླ་སེལ་ཐུབ་མཁན་གྱི་བོད་མི་གཅིག་པུ་ཡིན་ལ། མི་ཁ་ཤས་ཀྱིས་ཏཱ་ལའི་བླ་མ་སྐུ་གཤེགས་ཚེ་བོད་ཀྱི་གནད་དོན་སེལ་འགྲོ་བར་འདོད་ཀྱི་ཡོད་པ་རེད། ཡིན་ན་ཡང་སྐབས་དེར་གྲོས་མོལ་བྱེད་མཁན་གྱི་མིའང་མེད་འགྲོ་གི་རེད།
ཏཱ་ལའི་བླ་མའི་གཅེན་པོ་གཉིས་པ་རྒྱལ་ལོ་དོན་གྲུབ་ནི་རྒྱ་གར་ཀ་ལོན་སྦུག་ཏུ་བཞུགས་ཡོད་ན་ཡང་དུས་རྒྱུན་རྒྱ་གར་དང་ཧོང་ཀང་དབར་འགྲོ་བསྐྱོད་བྱེད་ཀྱི་ཡོད། ཐེངས་དང་པོར་ཁོང་དང་ལྷན་ཧོང་ཀོང་ཏོན་ལོ་བན་དུས་རབས་ཐང་ཆེན་ཟ་ཁང་དུ་ཐུག་འཕྲད་གནང་རྒྱུའི་དུས་ཆད་བཟོས་བ་དང༌། ཁོ་རང་ས་ཐག་རིང་པོ་ཞིག་ཏུ་བསྡད་ཡོད་པས་ཕལ་ཆེར་སྐར་མ་བཅུའི་རྗེས་ལུས་ཐེབས་རྒྱུ་ཡིན་ཚུལ་བརྗོད་སོང༌། ཡིན་ན་ཡང་ཐུག་འཕྲད་སྐབས་ཁོ་རང་སྐར་མ་ལྔའི་སྔོན་དུ་སླེབས་སོང༌། གཞན་ཡང་ཞོགས་པའི་ཆུ་ཚོད་བཅུའི་སྟེང་ཀྲུང་ཧན་ཤར་ཕྱོགས་མགྲོན་ཁང་དུ་བཅར་འདྲི་བྱ་རྒྱུའི་དུས་ཆད་བཟོས་བས་ཁོ་རང་སྐར་མ་བཅུའི་སྔོན་དུ་སླེབས་ཏེ་མགྲོན་ཁང་གི་ཚོམས་ཆེན་དུ་ཚགས་པར་ཀློག་བཞིན་འདུག  བོད་པའི་རྒན་པོ་འདིས་ད་དུང་ཡང་ཡིད་ཆེས་དང་ཁ་དན་ཚིག་ལ་གནས་བའི་རང་གཤིས་་དེ་རྒྱུན་འཛིན་བྱས་འདུག བོད་རྒྱ་འབྲེལ་བའི་ལོ་རྒྱུས་ཀྱི་འགན་ཁུར་ལྕི་མོ་དེས་ཁོང་གི་སྐེད་པ་སྒུར་ཏུ་བཅུག་ཡོད་ལ། དབུ་སྐྲ་དཀར་པོར་གྱུར་ཡོད་པ་དེས་བོད་ཀྱི་གནད་དོན་སེལ་ཆེད་འགྲོ་འོང་བྱེད་པའི་སྙིང་རྗེ་མེད་པའི་ལོ་ཟླ་མཚོན་ལ་བཞིན་རིས་སུ་བོད་མི་དམངས་ཆེད་དཀའ་ལས་བསྐྱོན་པའི་རི་མོ་བརྐོས་འདུག ཡིན་ན་ཡང༌། དགུང་ལོ་བརྒྱད་ཅུ་ལ་ཕེབས་ཟིན་པའི་རྒྱལ་ལོ་དོན་གྲུབ་ནི་ད་དུང་སྐུའི་གཟི་མདངས་རྒྱས་ཤིང་ཡིད་ཆེས་ཀྱིས་ཁེངས་འདུག
ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་རྒྱུའི་གནད་དོན་དེ་སེལ་ཆེད། ༡༩༧༩ ལོ་ནས་བཟུང་ཏིང་ཞོ་ཕིང་གི་གདན་ཞུ་ལྟར་པེ་ཅིང་དུ་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་གྲོས་མོལ་གནང་སྟེ་ད་ལྟའི་བར་ལོ་ངོ་༢༨ ཕྱིན། ལོ་ངོ་༢༨ རིང་རྒྱལ་་ལོ་དོན་གྲུབ་ཀྱིས་དུས་རྒྱུན་པེ་ཅིང་དང་རྡ་རམ་ས་ལའི་དབར་གྱི་བཀའ་ལན་དང་གནས་ཚུལ་ཕར་གཏོང་ཚུར་བསྐྱལ་བྱས་པ་རེད། ཡིན་ན་ཡང༌། རྒྱ་ནག་གི་བསྒྱུར་བཅོས་སྒོ་འབྱེད་ཀྱི་སྤྱི་ཁྱབ་ཇུས་བཀོད་་པ་ཏིང་ཞོ་ཕིང་གིས་བོད་རྒྱ་མཉམ་གནས་དང་ཏཱ་ལའི་བླ་མ་སྔ་མོ་ནས་རྒྱལ་ནང་དུ་གདན་དྲངས་ཏེ་ཞི་མོལ་བྱ་རྒྱུའི་འདོད་ཚུལ་དེ་ལ་ད་ལྟའི་བར་ཡར་རྒྱས་ཅི་ཡང་ཕྱིན་མེད་པ་རེད། སྐད་ཆའི་མགོ་བཙུགས་མ་ཐག་རྒྱལ་ལོ་དོན་གྲུབ་ཀྱིས་བརྗོད་དོན་ནི་ཏཱ་ལའི་བླ་མ་ཕྱིར་རྒྱ་ནག་ཏུ་ཕེབས་རྒྱུའི་གནད་དོན་དེ་ཡིན་པས་ཁོ་རང་ལ་བྲེལ་བ་དང་སེམས་ཁྲལ་འདུག་ཟེར།

གཤམ་དུ་ཨེ་ཤ་ཡའི་བདུན་རེ་གསར་དེབ་ཀྱིས་ཁོང་ལ་བཅར་འདྲི་བྱས་པའི་སྐོར་མདོར་བསྡུར་ཙམ་བཀོད་ཡོད།
དྲི་བ། ཁྱེད་རང་ལོ་ངོ་ཉི་ཤུ་རིང་པེ་ཅིང་དང་རྡ་རམ་ས་ལའི་དབར་འགྲོ་བསྐྱོད་བྱེད་ཀྱི་ཡོད་པས་གཙོ་བོ་ལས་དོན་ག་རེ་སྒྲུབ་ཀྱི་ཡོད་དམ།
ལན། ངའི་ཕྱོགས་གཉིས་ལ་ཞུ་བ་བྱེད་ཀྱི་ཡོད། པེ་ཅིང་དུ་སོང་སྟེ་ཀྲུང་དབྱང་གི་འགོ་ཁྲིད་ཚོ་ལ་ཁོ་ཚོའི་རྣམ་འགྱུར་འཛིན་སྟངས་་འགྱུར་བ་གཏོང་བའི་རེ་བ་ཞུ་བ་དང༌། ཀྲུང་དབྱང་སྲིད་གཞུང་གིས་བོད་མི་མང་གི་རྩ་བའི་ཐོབ་ང་ལ་བརྩི་བཀུར་བྱ་དགོས་བ། ང་ཚོ་རང་བཙན་དགོས་ཀྱི་མེད་པར་རྒྱ་ནག་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ཆ་ཤས་ཤིག་བྱེད་འདོད་ཡོད། ཡིན་ན་
ཡང་ཁྱེད་ཚོས་ངེས་བར་ཏུ་ང་ཚོ་ལ་དྲང་བདེན་དང་འདྲ་མཉམ་སྤྲོད་དགོས་བ་རེད་ཅེས་བརྗོད་པ་དང༌། ཕྱིར་རྒྱ་གར་ཏུ་ལོག་སྟེ་ཁོ་ཚོ་ལ་རྒྱ་ནག་སྐམ་ས་ཆེན་མོའི་སྤུན་ཟླ་དང་ཀྲུང་དབྱང་སྲིད་གཞུང་ལ་འབྲེལ་བ་མང་ཙམ་བྱེད་དགོས་བ་དང༌། རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་མང་ཙམ་རྒྱུས་ལོན་བྱ་དགོས་བའི་རེ་བ་ཞུས་བ་ཡིན། ང་ཚོ་ཕྱི་རྒྱལ་ན་ཡོད་པའི་བོད་རིགས་སྤུན་ཟླ་མང་ཆེ་བའི་རྒྱ་ནག་སྐམ་ས་ཆེན་མོའི་གནས་ཚུལ་ཤེས་ཀྱི་མེད་པ་དང༌། གནས་ཚུལ་མ་རྟོགས་ཚེ་འབྲེལ་བ་བྱེད་རྒྱུ་ཁག་པོ་ཡིན་པ་རེད།
དྲི་བ། ཁྱེད་ལྟར་ན་བོད་ཀྱི་གནད་དོན་སེལ་རྒྱུའྀ་རྨང་གཞི་ནི་ཅི་ཞིག་ཡིན་ནམ།
ལན། ངའི་ཏིང་ཞོ་ཕིང་གིས་མདུན་ལ་བལྟ་དགོས་བའི་བཤད་ཚུལ་དེར་བརྩི་བཀུར་བྱེད་ཀྱི་ཡོད། ཏཱ་ལའི་བླ་མའི་བསམ་བློའི་ལྟེ་བ་ནི་མིག་རྒྱང་རིང་བའི་ཐབས་ལམ་ཆེད་ཡིན་ལ། མིག་རྒྱང་རིང་བའི་ཐབས་ལམ་ཆེད་རྒྱ་མི་རིགས་དང་ཞི་མཐུན་མཉམ་གནས་ཡོང་བར་དགོངས་ཀྱི་ཡོད། འདས་སོང་བའི་མི་ལོ་ཉེར་བརྒྱད་རིང་ངའི་ཏིང་ཞོ་ཕིང་གི་རེ་ཞུ་ལྟར་ཏཱ་ལའི་བླ་མ་དང་
ཀྲུང་དབྱང་བར་འབྲེལ་བ་བྱས་པ་དང༌། སྐབས་རེ་འགལ་ཟླ་མང་པོ་ཞིག་བྱུང་ཡོད་པ་དེ་ནི་བོད་པ་ཚོས་རྒྱ་མི་རིགས་ས་ཁུལ་གྱི་གནས་ཚུལ་མ་ཤེས་པ་་དང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་གི་ཉེ་འཁོར་གྱི་མི་སྣའི་བསམ་ཚུལ་མ་ཤེས་པས་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་མ་རྙེད་པར་ད་ལྟའི་བར་ལྷག་པ་རེད།
དྲི་བ། ཁྱེད་ཀྱིས་ཏིང་ཞོ་ཕིང་ལ་བག་ཆགས་ཇི་འདྲ་ཞིག་ཡོད་དམ།
ལན། སྐུ་ཞབས་ཏིང་ཞོ་ཕིང་ནི་གཟི་བརྗིད་ལྡན་པའི་འགོ་ཁྲིད་ཞིག་རེད་ལ། བསམ་ཕོད་པ་དང་སྒྲུབ་ཕོད་པ་མིག་རྒྱང་རིང་པ་ཅན་ཞིག་རེད། ང་ནི་རྒྱ་གར་ཏུ་བཙན་བྱོལ་ལ་སོང་བའི་མི་སྣའི་ཁྲོད་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་མི་སྣ་གཙོ་བོ་ཞིག་ཡིན་པ་རེད། ཏིང་ཞོ་ཕིང་གིས་ཚུར་ང་ལ་འབྲེལ་བ་བྱས་པ་ཡིན་པས་ཁོ་རང་མི་ཁོག་རྒྱ་ཅན་ཞིག་དང་མིག་རྒྱང་རིང་པ་ཅན་ཞིག་ཡིན་པ་ཤེས་ཐུབ།
དྲི་བ། ད་ལྟ་ཞི་མོལ་མི་ཡོང་བའི་འགག་རྩ་གང་ལ་ཐུག་ཡོད་དམ།
ལན། ན་ནིང་ཕྱི་ཟླ་ལྔ་བ་དང་དྲུག་པའི་ནང་ཀྲུང་དབྱང་གི་ལས་ཁུངས་མང་པོ་ཞིག་གིས་ཏཱ་ལའི་བླ་མས་ཁ་བྲལ་དང་རང་བཙན།
ངོ་ལོག་བྱེད་ཀྱི་ཡོད་པ་རེད་བཅས་སྐྱོན་བརྗོད་བྱས་པ་རེད། ངའི་བསམ་པར་དེ་ནི་འགྱུར་བ་ཆེན་པོ་ཞིག་རེད་ལ། ཏིང་ཞོ་ཕིང་དང་ཧུའུ་ཡོན་པང༌། ཀྲོའོ་ཙེ་དབྱང༌། ཅང་ཙེ་མིན་སོགས་ཁོ་ཚོའི་སྐབས་ཏིང་ཞོ་ཕིང་གི་ལམ་ཕྱོགས་་དེ་ལ་འགྱུར་བ་བཏང་མེད།
དྲི་བ། དེ་རིང་གི་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་ལ་བཟུང་བའི་སྲིད་ཇུས་དང་ཁོར་ཡུག་དེ་སྔོན་མ་ཏིང་ཞོ་ཕིང་གི་སྐབས་དང་བསྡུར་ན་ཅི་འདྲ་ཡིན་ནམ།
ལན། རྦད་དེ་ཕྱི་བསྣུར་བརྒྱབ་ཡོད་པ་རེད། ཏཱ་ལའི་བླ་མ་ལ་མཚན་སྨད་བྱས་པའི་འཇུག་འབྲས་ནི་བོད་རིགས་ཁྲོད་ང་ཚོའི་ཅིའི་ཕྱིར་ད་དུང་དབུ་མའི་ལམ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད་དམ་བཅས་ངོ་རྒོལ་གྱི་སྐད་ཆ་བཤད་མཁན་ཁ་ཤས་སླེབས་པ་དང༌། ཁ་ཤས་ཀྱིས་ང་ལ་རྟག་པར་ཅིའི་ཕྱིར་དབུ་མའི་ལམ་དུ་འགྲོ་དགོས་བ་རེད་ལམ་ཁ་གཞན་ཞིག་ཏུ་སོང་ན་མི་འགྲིག་གམ། ཅིའི་ཕྱིར་གུང་ཁྲན་ཏང་གི་རྗེས་སུ་འབྲངས་དགོས་བ་རེད་བཅས་ལེ་བདའ་བྱེད་པ་དང༌། ཁ་པར་མང་པོ་ཞིག་གི་ལམ་ནས་ཁྱེད་རང་ལྐུགས་སོང་པ་རེད་དེ་ནི་མགོ་བསྐོར་གཏོང་གི་ཡོད་པ་རེད་བཅས་བརྗོད་མཁན་ཡང་བྱུང༌།
དྲི་བ། ཁྱེད་ཀྱིས་བལྟས་ན་ཏཱ་ལའི་བླ་མའི་བོད་རང་བཙན་བརྩོད་ལེན་བྱེད་ཀྱི་མིན་ཟེར་བ་དེ་ནི་བདེན་པ་དང་གཏན་འཁེལ་ཡིན་ནམ།
ལན། དེ་ནི་རྦད་དེ་གཏན་འཁེལ་ཡིན་པ་རེད། ཏཱ་ལའི་བླ་མས་ཡང་དང་བསྐྱར་ཏུ་རྒྱ་ནག་ཁྱིམ་ཚང་ཆེན་པོ་འདི་དང་ཁ་བྲལ་མི་འདོད་པ་དང༌། ཁྱིམ་ཚང་ཆེན་པོ་འདིའི་ཆ་ཤས་ཤིག་བྱ་འདོད་ཡོད་ལ། བོད་ཀྱི་ལས་དོན་མང་པོ་ཞིག་རྒྱ་རིགས་དང་ཀྲུང་དབྱང་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་དགོས་བའི་ང་ཚོ་ལ་ཁེ་ཕན་མང་པོ་ཞིག་རག་གི་རེད་བཅས་བརྗོད་ཀྱི་ཡོད། ངའི་ཁོང་གི་ཐབས་ལམ་དེ་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་དབུ་མའི་ལམ་ནི་ཞི་བའི་ལམ་ཕྱོགས་ཤིག་རེད། རྒྱ་ནག་གི་འགོ་ཁྲིད་དང་ལས་བྱེད་ཁ་ཤས་ཀྱིས་ཁོ་བོད་རང་བཙན་གྱི་ལམ་ཁ་རུ་འགྲོ་ཡི་ཡོད་རེད་ཅེས་ཁ་རྡུང་གཏོང་གི་ཡོད་པ་རེད། བོད་རང་བཙན་བྱེད་ན་སུ་ལ་ཁེ་ཕན་ཡོད་དམ། ངའི་བསམ་པར་ལས་བྱེད་དེ་ཚོ་ལྐུགས་སོང་བའམ་ཡང་ན་སྨྱོས་སོང་བ་རེད། དེ་གང་ཡིན་ངའི་ཧ་གོ་ཡི་མི་འདུག
དྲི་བ། ཏཱ་ལའི་བླ་མའི་པེ་ཅིང་གི་སྲིད་ཇུས་དང་རྣམ་འགྱུར་ལ་ཐུགས་ཁུར་གནང་གི་ཡོད་དམ།
ལན། ཏཱ་ལའི་བླ་མས་སྔར་ནས་འགྱུར་བ་མེད་པར་ཐུགས་ཁུར་གནང་གི་ཡོད་པ་རེད། ཡིན་ན་ཡང་ཉེ་ཆར་ཁོ་ལ་ཁ་རྡུང་བཏང་བ་ནས་བཟུང་ངའི་ཁོ་རང་འགྱུར་བ་ཐེབས་རྒྱུ་རེད་བསམ་སྟེ་སེམས་ཁྲལ་སྐྱེས་ཀྱི་འདུག ངའི་པེ་ཅིང་གི་ལས་བྱེད་ཁ་ཤས་ལ་ཁྱེད་ཚོས་བོད་རིགས་ཚོར་ཡག་པོ་བྱེད་དགོས་པ་དང༌། ཏཱ་ལའི་བླ་མ་ཚུར་འགུག་དགོས་བ་སྟེ་ཁོང་ནི་བོད་རིགས་ཁྲོད་བོད་རྒྱ་མི་རིགས་གཉིས་དབར་གྱི་རྨ་ཁ་གསོ་ཐུབ་མཁན་གྱི་མི་སྣ་གཅིག་པུ་ཡིན་པ་རེད། རྒྱ་བོད་དབར་གྱི་རྨ་ཁ་དེ་ཏཱ་ལའི་བླས་སྨན་བཅོས་ཐུབ་པ་ལས་མི་གཞན་མེད། ཁོང་ཚོས་ཏཱ་ལའི་བླ་མ་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་དེ་ནི་ནོར་འཁྲུལ་རེད། ངས་ཏཱ་ལའི་བླ་མ་ལ་ལོ་མང་པོ་ཞུ་བ་བྱས་པ་དང་ཁོང་གི་བསམ་ཚུལ་དེ་ཡང་ང་དང་གཅིག་པ་རེད། སྐྱོན་བརྗོད་བྱེད་པ་དེས་ཚང་མས་སེམས་ལ་གུང་ཁྲན་ཏང་གི་སྲིད་ཇུས་འགྱུར་བ་ཐེབས་སོང་བ་དང༌། ངའི་བསམ་པར་ཏཱ་ལའི་བླ་མའི་དགོངས་ཚུལ་འགྱུར་བ་འགྲོ་རྒྱུ་ཡིན་པ་རེད།
དྲི་བ། ཁྱེད་ཀྱིས་གུང་ཁྲན་ཏང་གི་སྲིད་ཇུས་འགྱུར་བ་ཐེབས་རྒྱུ་ཡིན་པར་སེམས་ཁྲལ་བྱེད་ཀྱི་ཡོད་དམ།
ལན། སྲིད་ཇུས་འགྱུར་བ་ཐེབས་པར་སེམས་ཁྲལ་བྱེད་ཀྱི་མེད་པར་པེ་ཅིང་ཁ་དན་ཚིག་ལ་མི་གནས་པ་དེ་རཻད་ལ། བོད་པ་མང་པོ་ཞིག་གིས་དེ་ལྟར་བསམ་གྱི་ཡོད་པ་རེད། ཏཱ་ལའི་བླ་མ་དང་བོད་པ་ཚོའི་གཤིས་རྒྱུད་དྲང་མོ་ཡིན་པ་དང་ང་ཚོའི་ལས་སླ་བོ་བསམ་བློ་གཏོང་གི་ཡོད་པ་རེད། རྒྱལ་སྤྱིའི་གནས་སྟངས་རྙོག་འཛིང་ཆེ་བས་ཏཱ་ལའི་བླ་མ་རྒྱ་གར་ཏུ་བཞུགས་ཚེ་ཨ་རི་དང༌། ཡོ་རོབ། ཉི་ཧོང་བཅས་ཁོ་ཚོ་རང་ཉིད་ལ་འཆར་གཞི་རེ་ཡོད་པས་ཡུན་རིང་ནར་འགྱངས་བྱེད་ཚེ་བོད་རྒྱ་གཉིས་ལ་མི་ཕན་པ་རེད། དུས་ཡུན་རིང་པོ་ཞིག་ལ་ནར་འགྱངས་བྱས་པ་དང་ད་དུང་མུ་མཐུད་ནར་འགྱངས་བྱེད་ཚེ་རྒྱ་མིའི་ཁ་དཔེ་རུ་མཚན་རིང་ན་རྨི་ལམ་མང་ཟེར་བའི་དཔེ་ལྟར་དོན་དག་ཅི་ཞིག་འབྱུང་རྒྱུ་ཤེས་མི་ཐུབ་པ་རེད།
དྲི་བ། རྒྱ་ནག་གི་ཁ་དཔེ་གཞན་ཞིག་ལ་ལས་དོན་ཡག་པོ་ཡོང་བར་བསམ་བློ་མང་པོ་ཐོངས་ཟེར་བ་མིན་ནམ།
ལན། བསམ་བློ་མང་པོ་གཏོང་བའི་ཚད་ཞིག་མ་རེད། བོད་ཀྱི་གནས་སྟངས་དེ་མུ་མཐུད་ནར་འགྱངས་སུ་སོང་ཚེ་ཡག་པོ་མེད་པ་རེད། ངའི་མ་འོངས་པར་ཚབས་ཆེ་རང་བཞིན་གྱི་དོན་དག་མི་འབྱུང་བའི་རེ་བ་བྱེད་ཀྱི་ཡོད། ངའི་ཁོ་ཚོ་ལ་ཁྱེད་ཚོས་ཏཱ་ལའི་བླ་མ་སྐུ་གཤེགས་ཚེ་གནད་དོན་སེལ་སོང་བ་རེད་འདོད་ཀྱི་ཡོད་དམ། དེ་ལས་ལྡོག་ཏེ་གནད་དོན་སྔར་ལས་རྙོག་འཛིང་ཅན་དུ་འགྱུར་ངེས་བ་རེད། ཁོང་སྐུ་བཞུགས་ཚེ་ཁྱེད་ཀྱིས་ཏཱ་ལའི་བླ་མ་བཙལ་ཆོག་གིརེད། ཁོང་སྐུ་གཤེགས་རྗེས་ཁྱེད་ཀྱིས་མི་བཙལ་ཏེ་སྐད་ཆ་བཤད་མཁན་ཡང་རག་གི་མ་རེད། ཏཱ་ལའི་བླ་མ་ནི་ཁྱད་འཕགས་ཅན་གྱི་མི་སྣ་ཞིག་ཡིན་པ་འཛམ་གླིང་གིས་ཡོངས་ཁྱབ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ངའི་བསམ་པར་མི་ཁ་ཤས་ཤིག་གིས་དཔལ་འབྱོར་ཡག་པོ་ཡོད་པ། སྒོར་མོ་ཡོད་པ། དབང་ཤུགས་ཡོད་པ། དམག་དཔུང་བཅས་ཡོད་ཚེ་སྐྲག་མི་དགོས་པར་ག་རེ་ཡིན་ན་ཡང་སྒྲུབ་ཆོག་གི་རེད་སྙམ་གྱི་ཡོད། ཡིན་ན་ཡང་དེ་ནི་ནོར་འཁྲུལ་རེད། ཏཱ་ལའི་བླ་མ་ནི་རང་ཉིད་ཀྱི་སྤུན་ཟླ་ཡིན་པ་རེད།
དྲི་བ། ཁྱེད་ཀྱིས་བསམ་པར་མི་ཁ་ཤས་ཁ་དན་ཚིག་ལ་མ་གནས་བ་ཡིན་ནམ་ཡང་ན་སྲིད་ཇུས་འགྱུར་བ་བཏང་པ་རེད་དམ།
ལན། གལ་སྲིད་སྲིད་ཇུས་འགྱུར་བ་བཏང་བ་ཡིན་ཚེ་དེ་ནི་ཚབས་ཆེན་ཞིག་རེད། ཏཱ་ལའི་བླ་མ་ཡིན་ནའང་འདྲ། ང་རང་ཡིན་ནའང་འདྲ། ང་ཚོའི་ཅིའི་ཕྱིར་གུང་ཁྲན་ཏང་དང་འབྲེལ་བ་བྱེད་ཀྱི་ཡོད་པ་རེད། དེ་ནི་༡༩༧༩ ལོ་ང་དང་ཏིང་ཞོ་ཕིང་དབར་གྱི་སྤྱི་མོས་ཀྱི་དགོངས་གཞི་དེ་རྨང་གཞི་བྱས་པ་དང༌། སྐབས་དེའི་གྲོལ་མོལ་གྱི་ནང་དོན་ལ་བརྟེན་ནས་ང་ཚོས་ཀྲུང་དབྱང་སྲིད་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་ལ་བོད་རང་བཙན་གླེང་གི་མེད། ཡིན་ན་ཡང་ན་ནིང་ཕྱི་ཟླ་ལྔ་བ་དྲུག་པ་ནས་བཟུང་མི་ཁ་ཤས་ཤིག་གིས་ཡོད་ཚད་མགོ་རྟིང་བསློགས་ཏེ་རྨང་གཞི་མེད་པ་བཟོས་པས་ཅི་ལྟར་གྲོས་མོལ་བྱེད་དགོས་སམ། ན་ནིང་ཕྱི་ཟླ་དྲུག་པའི་ནང་ང་རང་པེ་ཅིང་དུ་ཡོད་སྐབས་ངའི་ཐབས་ཕྱོགས་གཅིག་གྱུར་པུ་ཡི་འགོ་ཁྲིད་ཞིག་ལ་ཁྱེད་ཚོས་འདི་ལྟར་སྔོན་མ་ཏིང་ཞོ་ཕིང་གི་སྤྱི་མོས་ཀྱི་དགོངས་གཞི་དེ་མགོ་རྟིང་བསློགས་པ་ཡིན་ནམ་ཅེས་དྲིས་བར། ཁོང་གིས་ངའི་ཁྱེད་དང་ཏིང་ཞོ་ཕིང་གི་དབར་སྐད་ཆ་ཅི་ཞིག་བཤད་པ་ཧ་གོ་མ་སོང་ཅེས་བརྗོད། ངའི་ཁོ་ལ་ཁྱེད་ཚོས་འདི་ལྟར་བྱས་ན་འགྲིག་གི་ཡོད་མ་རེད། ཏཱ་ལའི་བླ་མ་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ན་བོད་པ་ཚོ་ཁོང་ཁྲོ་ལངས་བཞིན་ཡོད་ནའང་བཤད་ཐུབ་ཀྱི་ཡོད་པ་མ་རེད། སྤྱིར་བཏང་ཁོ་ཚོའི་སེམས་པ་སྡུག་གི་ཡོད་རེད་ཅེས་བརྗོད་པ་ཡིན།
དྲི་བ། ཁྱེད་རང་ལ་ད་དུང་གདེང་ཚོད་ཡོད་དམ།
ལན། གདེང་ཚོད་མེད་ན་ང་ཞང་ཀང་དུ་ཡོང་གི་མ་རེད་ལ་ང་ཁྱེད་ཚོར་ཐུག་གི་ཡང་མ་རེད། དེར་བརྟེན་ངའི་ད་དུང་ལྟད་མོ་བལྟས་བསྡད་ན་མི་འགྲིག་ལ། ངའི་སེམས་ནང་ལས་དོན་འདི་ཉར་ཡོད་པ་ནི་མ་འོངས་བར་རྙོག་དྲ་མི་ཡོང་བའི་ཆེད་ཡིན། ངས་རྙོག་དྲ་མང་པོ་ཞིག་མཐོང་མྱོང་བ་དང་གལ་སྲིད་གུང་ཁྲན་ཏང་གིས་བསམ་བློ་གཏོང་སྟངས་འགྱུར་བ་མ་གཏོང་ཚེ་ཡག་པོ་ཞིག་མི་ཡོང་བ་རེད། ངའི་ད་དུང་ཁོ་ཚོ་ལ་ཞུ་བ་བྱེད་དེ་ཁོ་ཚོ་བསྐྱར་ཏུ་ཏིང་ཞོ་ཕིང་གི་ལམ་ཁ་དེར་ཡོང་བ་དང༌། ཏཱ་ལའི་བླ་མ་ཕྱིར་གདན་དྲངས་བ་ལས་ཕྱི་ལོགས་ནས་མི་གཞན་གྱིས་བེད་སྤྱོད་མི་གཏོང་བའི་རེ་བ་རྒྱག་གི་ཡོད། 

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese