མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཆེ་མི་མང་གིས་ཐག་གཅོད་བྱེད་དགོས་བ་རེད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རླུང་འཕྲིན་ཁང༌།
ཕྱི་ཟླ་༡༠ པའི་ཚེས་༡༦ སྟེ་གཟའ་མིག་དམར་ཉིན་༧གོང་ས་མཆོག་གིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་བྷུ་ཤུ་དང་མཇལ་འཕྲད་གནང་རྗེས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་བ་རེད།
དྲི་བ། ཁྱེད་རང་ཝ་་ཧྲིན་ཊོན་ལ་ཕེབས་པར་དགའ་བསུ་ཞུ་བ་དང༌། ང་ཚོས་ཁྱེད་རང་ལ་བཅར་འདྲིའི་གོ་སྐབས་ཐོབ་པར་དགའ་བོ་བྱུང༌། ཁྱེད་རང་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ། ཁྱེད་རང་སྲིད་འཛིན་བྷུ་ཤུ་ལ་ད་ལྟ་རང་ཐུག་འཕྲད་གནང་བ་དང་བོད་རྒྱའི་འབྲེལ་བའི་གནད་དོན་ཐད་སྲིད་འཛིན་དང་ཁྱེད་གཉིས་ཀྱིས་གླེང་མོལ་ག་རེ་གནང་ཡོད་དམ།
ལན། ང་དང་བྷུ་ཤུ་སྲིད་འཛིན་གཉིས་ངོ་ཤེས་ཆགས་ཏེ་ལོ་མང་པོ་ཡིན་པ་དང་ནང་མི་ལྟ་བུ་ཡིན་པ་རེད། ཐེངས་འདིར་ནང་མི་ལྷན་འཛོམས་ལྟར་སྲིད་འཛིན་བྷུ་ཤུ་ལ་ཐུག་པར་དགའ་བོ་བྱུང༌། ཁོང་གིས་བོད་ཀྱི་གནད་དོན་ལ་སྔོན་མ་ནས་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད། དེར་བརྟེན་ཁོང་གིས་ང་ལ་བོད་ནང་གི་ད་ལྟའི་གནས་སྟངས་ཅི་འདྲ་ཡིན་པར་སྐད་ཆ་དྲིས་བྱུང་ལ༌། ངས་ཁོང་ལ་འགྲེལ་བརྗོད་བྱས་ཡོད། སྲིད་འཛིན་གྱི་སྐུ་ཟླས་འབར་མའི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། ངས་འབར་མ་ནི་ནང་བའི་རྒྱལ་ཁབ་ཞིག་ཡིན་པས་སྲིད་འཛིན་གྱི་སྐུ་ཟླའི་འབར་མའི་གནས་སྟངས་ལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།
དྲི་བ། ཁྱེད་ཀྱིས་འབར་མའི་གནད་དོན་སྐོར་གླེང་བ་དང༌། ང་ཚོས་ཤེས་གསལ་ལྟར་འབར་མ་ནི་ནང་པ་ཤིན་ཏུ་མང་པའི་རྒྱལ་ཁབ་ཞིག་ཡིན་ལ་ད་ལྟ་འབར་མའི་གནས་སྟངས་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་ནང་པའི་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་དང༌། གུས་བརྩི་་ཆེན་པོ་བྱེད་བཞིན་པའི་འགོ་ཁྲིད་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མའི་གནད་དོན་ཐད་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སམ། འབར་མའི་དམག་དཔུང་གི་སྲིད་གཞུང་ལ་གནོན་ཤུགས་མང་ཙམ་སྤྲོད་དགོས་སམ།
ལན། གནད་དོན་འདི་ལ་ལན་འདེབས་རྒྱུ་ཤིན་ཏུ་ཁག་པོ་ཞིག་རེད། ང་རང་ཉིད་ལ་མཚོན་ན་འབར་མའི་སྲིད་གཞུང་གིས་ནང་པའི་དགེ་འདུན་པ་རྣམས་ལ་དྲག་གནོན་བྱས་པར་ཕྱོགས་གཉིས་་ཡོད་པ་རེད། ཕྱོགས་གཅིག་ནི་ནང་པའི་དགེ་འདུན་པ་རྣམས་་ཀྱིས་མང་གཙོ་རྩོད་ལེན་ཆེད་ཡིན་པ་དང༌། ཁོ་ཚོ་ལ་མཚོན་ན་མང་གཙོའི་འཚོ་བ་ནི་གལ་ཆེན་པོ་ཡིན་ལ། མི་མང་ལ་མང་གཙོའི་དགོས་འདུན་ཡོད་པ་རེད། ང་རང་གིས་སྔོན་མ་ནས་མི་མང་གི་མང་གཙོའི་དགོས་འདུན་གྱི་རེ་བ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེར་བརྟེན་ངས་འབར་མའི་མང་གཙོ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཞན་གཅིག་ནས་ང་རང་ནང་པའི་དགེ་སློང་ཞིག་ཡིན་པ་དང༌། ཚང་མ་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་འཇུག་པ་ཡིན་པས་ང་རང་དགེ་འདུན་པ་འདི་ཚོ་ལ་དམིགས་བསལ་བརྩེ་བ་ཡོད་པ་དང༌། ཁོ་ཚོ་ལ་གདུང་སེམས་མཉམ་བསྐྱེད་དང་ཁོ་ཚོའི་ལས་འགུལ་ལ་བསྔགས་བརྗོད་བྱེད་ཀྱི་ཡོད།
འབར་མའི་སྲིད་གཞུང་གི་འགོ་ཁྲིད་ཚོའང་ནང་པ་ཡིན་ངེས་རེད། དེར་བརྟེན་ཁོང་ཚོས་ནང་ཆོས་ཀྱི་བསླབ་བྱ་བྱམས་དང་སྙིང་རྗེ་གཞི་ལ་བཞག་ནས་གནད་དོན་ཐག་གཅོད་གནང་བར་ངས་འབོད་སྐུལ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཕྱོགས་ནས་འབར་མའི་གནས་སྟངས་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས་ང་རང་གིས་དམིགས་བསལ་ཁ་གསབ་བྱ་རྒྱུ་མི་འདུག
དྲི་བ། པེ་ཅིང་དང་ལྷན་གྲོས་མོལ་གྱི་སྐོར་ལ། ད་ལྟ་བོད་རྒྱ་གཉིས་དབར་གྲོས་མོལ་ཐེངས་དྲུག་ལ་གནང་ཡོད་ན་ཡང་ཡར་རྒྱས་ཅི་ཡང་ཕྱིན་མེད་པ་དང༌། མི་མང་པོའི་ལྟ་ཚུལ་ལྟར་ན་པེ་ཅིང་ལ་གྲོས་མོལ་གྱི་འདོད་མོས་མེད་པར་བརྗོད། ཁྱེད་རང་ལྟར་ན་པེ་ཅིང་གིས་གྲོས་མོལ་བྱ་འདོད་མེད་པས་ལྟ་ཚུལ་དེ་ལ་དགོངས་ཚུལ་ཇི་འདྲ་ཡོད་དམ།
ལན། བོད་རྒྱའི་གྲོས་མོལ་གྱི་རྣམ་པའི་སྟེང་ནས་བལྟས་ན་ཁ་གསལ་བོའི་ཕྱོགས་སུ་འགྲོ་བཞིན་ཡོད་པའི་དེ་ནི་ཡར་རྒྱས་རེད། ལྷག་པར་དུ་གྲོས་མོལ་ཐེངས་གསུམ་པའི་སྐབས་རྒྱ་ཕྱོགས་ནས་དོགས་དྲི་མང་པོ་ཞིག་་བཏོན་པ་རེད། དེར་བརྟེན་གྲོས་མོལ་ཐེངས་བཞི་པའི་སྐབས་ཁོ་ཚོས་དོགས་འདྲི་རེ་རེ་ལ་ང་ཚོས་འགྲེལ་བརྗོད་ཞིབ་ཚགས་བྱས་ཡོད། ང་ཚོས་འདི་ནི་འགྲེལ་བརྗོད་ཀྱི་གོ་སྐབས་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་པ་ཡིན། ཐེངས་ལྔ་བའི་གྲོས་མོལ་སྐབས་ཁོ་ཚོས་ཏཱ་ལའི་བླ་མའི་བོད་རང་བཙན་རྩོད་ལེན་བྱེད་ཀྱི་མེད་པ་དེ་གསལ་བོ་ཆགས་སོང་ཅེས་བརྗོད། རྒྱ་ནག་ཕྱོགས་ནས་དེ་ངོས་ལེན་བྱེད་པ་རེད། ང་ཚོས་སྐུ་ཚབ་ཚོགས་པ་ཕྱིར་སླེབས་རྗེས་ང་ལ་གནས་ཚུལ་དེ་བརྗོད་པ་དང་ངས་བསམ་པར་མཐར་ང་ཚོ་ཕྱོགས་གཉིས་ཀྱི་ལངས་ཕྱོགས་གསལ་བོ་ཆགས་པའི་འབྲེལ་མོལ་ཞིག་བྱུང་བ་དང༌། དེ་ནི་ཡར་རྒྱས་ཡིན་པས་ང་རང་ཤིན་ཏུ་སྤྲོ་བྱུང༌། ཡིན་ནའང༌། དེའི་རྗེས་སུ་རྒྱ་ནག་ཕྱོགས་ནས་བོད་ཀྱི་སྲིད་ཇུས་ལ་དམ་དྲག་བྱེད་འགོ་བཙུགས་པ་དང༌། ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པ་རེད་ཅེས་སྐྱོན་བརྗོད་ཀྱི་ཁྱབ་བསྒྲགས་ཤུགས་ཆེན་བྱས། གྲོས་མོལ་ཐེངས་དྲུག་པའི་སྐབས་སུ་རྒྱ་ནག་ཕྱོགས་ཀྱི་ལངས་ཕྱོགས་སྔོན་མ་ལས་ཇེ་མཁྲེགས་སུ་སོང་ཡོད་པ་རེད། དེར་བརྟེན་ང་རང་གིས་རྒྱ་ནག་ཕྱོགས་ནས་ཅི་ཕྱིར་འདི་འདྲའི་འགྱུར་བ་བྱུང་བར་ཧ་ཅང་ཤེས་རྟོགས་དཀའ་བ་རེད།
ངས་བོད་རང་བཙན་རྩོད་ཀྱི་མེད་པ་ནི་ཕལ་ཆེར་འཛམ་གླིང་གིས་ཤེས་བའི་དོན་དག་ཞིག་རེད། དེ་མ་ཟད་བོད་པའི་ཁྲོད་དུའང་ངས་བོད་ལ་བདག་ངེས་པའི་ཐོབ་ཐང་རྩོད་ལེན་བྱེད་ཀྱི་མེད་པར་སྐྱོན་བརྗོད་བྱེད་མཁན་སྔོན་མ་ནས་ཡོད་པ་དང་ད་ལྟ་སྔོན་ཆད་ལས་མང་པ་རེད།  མང་པོ་ཞིག་གིས་ངས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་འབྲས་བུ་ཅི་འདྲ་ཞིག་ཡོང་བར་དོགས་པ་སྐྱེས་ཀྱི་ཡོད་པ་རེད།
་དེར་བརྟེན་ངས་བསམ་པར་གལ་སྲིད་ང་ཚོས་དྲང་མོའི་སྒོ་ནས་ངའི་ལངས་ཕྱོགས་བཏོན་མེད་ཚེ་བོད་མི་ནང་ཁུལ་དུ་སྐྱོན་བརྗོད་དེ་འདྲ་བྱེད་མཁན་མི་ཡོང་བ་རེད། ངས་ལངས་ཕྱོགས་ནི་རྒྱ་རིགས་ཀྱི་མདུན་ནས་དེ་ལྟར་ཡིན་པ་དང༌། ཕྱི་རྒྱལ་མི་དང་གླེང་སྐབས་ཀྱང་དེ་ལྟར་ཡིན་ལ། བོད་མི་ལ་བརྗོད་སྐབས་ཀྱང་དེ་ལྟར་ཡིན།  ང་རང་བོད་ཀྱི་གཞོན་ནུ་ཚོགས་པའི་མི་དང་ཐུག་སྐབས་ངས་རང་བཙན་རྩོད་ཀྱི་མེད། ཁྱེད་ཚོས་རང་བཙན་རྩོད་ཀྱི་ཡོད་པ་རེད། ང་དང་ཁྱེད་ཚོས་ལངས་ཕྱོགས་མི་གཅིག་པ་རེད་ཅེས་བརྗོད་པ་ཡིན། དེ་འདྲའི་གནས་སྟངས་འོག་བོད་མི་མང་པོ་ཞིག་བློ་ཕམ་སྐྱེས་ཀྱི་ཡོད་པ་དང༌། འདི་ལས་ཀྱང་ང་རང་བློ་གཅིག་སེམས་གཅིག་ཡིན་པ་མཚོན་ཐུབ།
དྲི་བ། ཕྱི་ཟླ་བདུན་པའི་ནང་རྒྱ་ནག་སྲིད་གཞུང་གིས་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་བ་ཁྱབ་བསྒྲགས་བྱས་པ་དང༌། སྤྲུལ་སྐུའི་ཡང་སྲིད་ཐད་ངེས་བར་ཏུ་ས་གནས་དང་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་ཐོབ་དགོས་ཅེས་གསལ་བོར་གཏན་འཁེལ་བྱས་ཡོད་པ་རེད། དེ་ནི་རྗེས་སུ་ཏཱ་ལའི་བླ་མའི་ཡང་སྲིད་བོད་དུ་མི་བྱོན་པའི་ཆེད་དུ་ཡིན་ནམ།
ལན། ངས་རྒྱ་ནག་སྲིད་གཞུང་གིས་ཏཱ་ལའི་བླ་མ་མགྱོགས་པོ་སྐུ་གྲོངས་ལ་ཉེ་བ་རེད་ཅེས་བརྗོད་ཀྱི་ཡོད་ཚུལ་གོ་ཐོས་བྱུང་བ་དང༌། ཏཱ་ལའི་སྐུ་ཕྲེང་བཅོ་ལྔ་བའི་ཡང་སྲིད་ཀྱི་གནད་དོན་ཆེད་ཁོ་ཚོས་ཆེད་དུ་ཚོགས་འདུ་ཞིག་ཀྱང་འཚོགས་ཡོད་ཚོད་རེད། སྤྱིར་བཏང་གནད་དོན་འདི་ངས་ལོ་མང་པོའི་གོང་དུ་གསལ་བོར་བརྗོད་ཡོད། ༡༩༦༩ ལོར་ངས་ཚོགས་ར་ཞིག་གི་སྟེང་ཡོངས་ཁྱབ་ཀྱིས་ད་ལྟའི་ཏཱ་ལའི་བླ་མའི་ལམ་ལུགས་འདི་མུ་མཐུད་དུ་དགོས་ཀྱི་ཡོད་མིན་ནི་བོད་རྒྱ་ཆེ་མི་མང་གིས་ཐག་གཅོད་བྱེད་དགོས་བ་རེད་ཅེས་བརྗོད་ཡོད། ཏཱ་ལའི་བླ་མ་ནི་ལོ་རྒྱུས་ཀྱི་ཐོན་དངོས་ཤིག་ཡིན་པ་དང༌། ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་གྲུབ་པ་དང༌། ལོ་རྒྱུས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཡལ་ཀྱང་སྲིད་པས། རྩ་བ་ནས་མི་འགྱུར་བ་ཞིག་མ་རེད། གལ་སྲིད་བོད་མི་མང་ཆེ་བའི་ཏཱ་ལའི་བླ་མའི་ལམ་ལུགས་འདི་མུ་མཐུད་གནས་དགོས་བ་གཟིགས་ཚེ་ཏཱ་ལའི་བླ་མ་ཅི་ལྟར་འབྱུང་བའི་ཐད་ཐབས་ལམ་མི་འདྲ་བ་ཁ་ཤས་ཡོད་པ་རེད། གཅིག་བྱས་ན་ཧཕན་དེ་ཀང་གི་བླ་ཆེན་འདེམས་པའི་འགྲོ་སྟངས་ལ་དཔེ་བལྟས་ནས་་བོད་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོའི་ཁྲོད་ནས་གཅིག་བདམས་པ་དང༌། དེ་ནི་འབྱུང་མི་སྲིད་པ་མ་རེད། ཐམས་ལམ་གཞན་ཞིག་ནི་སྐུ་མ་གྲོངས་སྔོན་གཅིག་བདམས་ཆོག་པ་དང༌། བླ་མ་སྐུ་གྲོངས་སྐབས་མི་ཞིག་གཏན་འཁེལ་བྱས་ཏེ་དེ་ནི་ངས་ཡང་སྲིད་ཡིན་ཅེས་བརྗོད་པ་རེད། གལ་སྲིད་བོད་མི་མང་གིས་ཐག་གཅོད་བྱས་ཏེ་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་ཡང་སྲིད་ངོས་འཛིན་དང་ཐུགས་ཐག་གཅོད་ཚེ་ཡང་སྲིད་འདེམས་དགོས་བའི་དམིགས་ཡུལ་ལ་བསམ་བློ་གཏོང་དགོས་བ་རེད། ཡང་སྲིད་འདེམས་དགོས་བའི་རྒྱུ་རྐྱེན་ནི་སྐུ་ཕྲེང་འདིས་སྒྲུབ་མ་ཚར་བའི་ལས་དོན་གྱི་མཇུག་མ་འོངས་པར་མུ་མཐུད་སྐྱོང་བའི་ཆེད་དུ་ཡིན་པ་རེད། གལ་སྲིད་སྐུ་ཕྲེང་འདིས་སྒྲུབ་མ་ཚར་བའི་ལས་དོན་ལ་བདམས་ཟིན་པའི་ཡང་སྲིད་ཀྱིས་གཏོར་བརླག་གཏོང་ཚེ་དེ་ནི་ཡང་སྲིད་ངོ་མ་ཞིག་གཏན་ནས་མིན་པ་རེད། གལ་སྲིད་ང་རང་བཙན་བྱོལ་ཁྲོད་སྐུ་འདས་ཚེ་ང་རང་གི་ཡང་སྲིད་དེ་ཡང་བོད་ཀྱི་ཕྱི་ལོགས་ནས་འབྱོན་ངེས་རེད། གནད་དོན་འདི་ངས་སྔོན་མ་ནས་གསལ་བོར་བརྗོད་ཡོད། ཡང་སྲིད་ལམ་ལུགས་འདི་ཆབ་སྲིད་རང་བཞིན་གྱི་གནད་དོན་ཞིག་མ་རེད། རྒྱ་ནག་སྲིད་གཞུང་གིས་ཡོད་ཚད་ཆབ་སྲིད་ཕྱོགས་ནས་བསམ་བློ་གཏོང་བ་ལས་ཆོས་ལུགས་ཕྱོགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་མི་གཏོང་བ་རེད།
དྲི་བ། དེ་ན་ཁྱེད་ཀྱིས་དགོངས་ཚུལ་ལྟར་ན་རྗེས་སུ་ཏཱ་ལའི་བླ་མ་གཉིས་བྱོན་རྒྱུ་ཡིན་ནམ། དཔེར་ན་ད་ལྟའི་པཎ་ཆེན་བླ་མ་གཉིས་ཡོད་པ་ལྟར།
ལན།  དེ་ནི་གཏན་ཁེལ་རེད། མི་མང་པོ་ཞིག་གིས་རྒྱ་ནག་ནང་གི་པཎ་ཆེན་དེ་རྫུན་མ་རེདཅེས་་བརྗོད་ཀྱི་ཡོད་པ་དང༌། མ་འོངས་པར་ཏཱ་ལའི་བླ་མ་དེ་ཡང་ཏཱ་ལའི་བླ་མ་རྫུན་མ་རུ་འགྱུར་འགྲོ་བ་རེད།་ རྫོགས་སོ།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

སྐར་མ ༥༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese