རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་མེད་སྟབས། འདི་ལྟའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་མཉམ་དུ་གོ་བསྡུར་མི་བྱེད་ཟེར་ལ། གལ་སྲིད་ཏཱ་ལའི་བླ་མས་ཕྱོགས་གཉིས་ཀྱི་སྐད་ཆ་འདི་མཇུག་སྐྱོང་འདོད་ཡོད་ན། ཨོ་ལིམ་པིག་ལ་གནོད་གཞིའི་ལས་ཀ་སྣ་གཅིག་སྤེལ་མི་ཆོག་ཟེར།
ཕྱི་ཚེས་ ༧ ཉིན་ཞིན་ཧྭ་གསར་ཁང་གིས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགྲིན་ཚབ་པར་བཅར་འདྲི་བྱས་པའི་གནས་ཚུལ་ཞིག་བཀོད་ཡོད་ལ། དེའི་ནང་ཁོས་ཁྲིམས་འགལ་ཅེས་པའི་ཚིག་འདི་བེད་སྤྱོད་བཏང་ཡོད་ལ། ང་ཚོས་བཙན་བྱོལ་བོད་གཞུང་ཟེར་བ་འདི་ལ་ངོས་འཛིན་བྱེད་ཀྱི་མེད་སྟབས། དབུས་གཞུང་གིས་འདི་ལྟའི་ཁྲིམས་འགལ་གྱི་སྒྲིག་འཛུགས་ཤིག་མཉམ་དུ་ནམ་ཡང་གོ་བསྡུར་བྱེད་གི་མ་རེད་ཟེར། ཞིན་ཧྭ་གསར་ཁང་གིས་གནས་ཚུལ་གཞན་ཞིག་གི་ནང་དུ་བཀོད་དོན། བོད་རྒྱ་ཞི་མོལ་ཟེར་བ་དང་། བོད་མི་རིགས་དང་རྒྱ་ནག་ཧན་མི་རིགས་བར་གྱི་འགལ་བ་ཟེར་བ་ཞིག་ཡོད་པ་མ་རེད། ང་ཚོས་བཤད་ཀྱིན་པ་ནི་ཏཱ་ལའི་བླ་མ་སྒེར་གྱི་མ་འོངས་པའི་གནས་བབ་སྐོར་ཡིན་ཟེར། ཀྲུང་དབྱང་གིས་ཏཱ་ལའི་བླ་མའི་སྒེར་གྱི་སྐུ་ཚབ་ཚོ་བརྒྱུད་ཁོང་ལ། མི་བྱེད་པ་གསུམ་དང་རྒྱབ་སྐྱོར་མི་བྱེད་པ་བཞི་ཡི་ཆ་རྐྱེན་བཏོན་ཡོད་ཟེར།
༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་ཕྱིར་ངྷ་སར་འཁོར་ཏེ་ཐེངས་འདིའི་གྲོས་མོལ་གྱི་རིམ་པ་དང་ནང་དོན་༧གོང་ས་མཆོག་ལ་སྙན་སེང་ཞུས་རྗེས་ཁོང་གིས་མཇུག་འབྲས་འདི་ལ་ཐུགས་ཕམ་བྱུང་ཅེས་གསུངས་ཚུལ་སྐུ་ཚབ་རྣམ་གཉིས་ནས་གསར་འགོད་འདུ་འཛོམས་ཀྱི་སྐབས་བརྗོད་ཡོད་ལ། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་བཀའ་ཁྲོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱིས་ཐེངས་འདིའི་གྲོས་མོལ་འདི་ནི་འདོད་བློ་ཚིམས་པ་ཞིག་མ་བྱུང་སྟབས་བློ་ཕམ་བྱུང་ཅེས་གསུངས་ཡོད་པ་རེད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
བློ་ཕམ་གྱིས་ཕན་གྱི་མ་རེད། བློ་གྲུང་པོ་ཞིག་ཡོད་རན་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་པ་སྐྱབས་བཅོལ་བ་ཚོར་སྐྱེ་ས་དང་རྒྱལ་ཁབ་ལ་བོད་ཅེས་ཐོ་འགོད་བྱེད་ཀྱིན་པ་ནི་བོད་དེ་མིག་སྔར་བཙན་བཟུང་གི་རྒྱལ་ཁབ་ཅིག་ཡིན་པ་ཞོར་དུ་ངོས་ལེན་གནང་གི་ཡོད། ཡིན་ནའང་། ངྷ་སའི་གྲ་སྒྲིག་བློ་མཐུན་ཁག་ཅིག་གིས་གྱོད་མ་འགྲིག་པའི་ཡར་སྔོན་ནས་དབུས་གཞུང་ཟེར་བ་ཞིག་འབོད་ཀྱིན་པར་ཕྱི་རྒྱལ་པ་མང་བོར་བློ་ཕམ་ཡོང་གི་འདུག ང་རང་འུ་ཐུག་ནས་བོད་པ་ཆ་ཚང་དེ་འདྲ་མ་རེད། ཁ་ཤས་ཁེ་བཟང་ལ་རྔམ་གྱིན་པ་མིན་འགྲོ་ཟེར་རྒྱུ་བྱུང་། འདིའི་ཐད་ཚང་མ་ལོས་བགྲོ་གླེང་ཡོང་བའི་རེ་བ་ཡོད།