མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཛམ་གླིང་གཞོན་སྐྱེས་ཀྱི་ཉིན་མོ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༨/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་མཆོག་གིས། གཞོན་སྐྱེས་ཚོ་ནི་འགྲོ་བ་མིའི་མ་འོངས་པ་རེད་ལ། ཡི་ཤུའི་བླ་ཆེན་པོབ་ཀྱིས་ཐེངས་འདིར་ཁོང་ཚོར་ཡིད་ཆེས་དང་ཀུན་སྤྱོད་ཀྱི་རིན་ཐང་དང་རྩ་དོན་བསྩལ་སོང་། གཞོན་སྐྱེས་ཀྱི་སྟོབས་ཤུགས་ཁོ་ནས་འགྲོ་བ་མིའི་མ་འོངས་པ་དེ་བཟང་ཕྱོགས་སུ་བསྒྱུར་ཐུབ་སྟབས་འདི་ནི་འགྲོ་བ་མིའི་མ་འོངས་པ་བསྒྱུར་བཅོས་ཀྱི་མགོ་འཛུགས་ས་ཡིན་ཆོག་ཅེས་གསུངས་ཡོད།

འཛམ་གླིང་གཞོན་སྐྱེས་ཀྱི་ཉིན་མོ་དེ་ལྡི་ལིར་ཚུགས་ཡོད་པ་དང་། དེར་འཛམ་གླིང་གང་ས་ནས་ཕེབས་པའི་གཞོན་སྐྱེས་ ༥༠༠༠༠ ལྷག་ཡོང་ཡོད་ཅིང་། ཡི་ཤུའི་བླ་ཆེན་པོབ་མཆོག་གིས་ཚོགས་ཐོག་དེར་གཞོན་སྐྱེས་ཚོར་འགྲོ་བ་མིའི་མ་འོངས་པ་འདི་ཇེ་ལེགས་སུ་གཏོང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད། བླ་ཆེན་པོབ་མཆོག་གིས་སྐུལ་དོན། འཛམ་གླིང་གི་གཞོན་སྐྱེས་ཡོངས་ཀྱིས་ད་སྐབས་འགྲོ་བ་མིའི་རིན་ཐང་དང་ཆེ་མཐོང་རྩ་གཏོར་གཏོང་གིན་པ་འདིར་འགོག་རྒོལ་བྱེད་དགོས་པ་དང་། ཁོང་གི་གསོལ་འདེབས་ནི་མི་རྣམས་ཀྱིས་ཁོང་གི་བསླབ་བྱ་ལ་གོ་རྟོགས་ཐུབ་ཅིང་ལག་ལེན་དུ་འདེབས་རྒྱུ་དེ་ཡིན་ལ། འདིས་འཇིག་རྟེན་འདི་མ་འདྲ་བ་ཞིག་ཏུ་སྐྲུན་ཐུབ་པ་དང་བརྩེ་སེམས་ཀྱི་རིག་གནས་ཤིག་འཁྱེར་ཡོང་ཐུབ་པའི་དབང་གིས་ཡིན་ཅེས་གསུངས་ཡོད།

བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པ་ཆེ་མཆོག་ཀྱང་དེར་ཕེབས་ཤིང་། ཁོང་གིས་བླ་ཆེན་པོབ་ནི་དོན་དམ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྩོད་ལེན་གནང་མཁན་ཞིག་རེད་ཅེས་རྗེས་སུ་ཡི་རངས་ཞུས་ཡོད། བཀའ་ཁྲི་མཆོག་གིས་གསུངས་དོན། ངས་གླིང་ཆེན་ཡོངས་ནས་གཞོན་སྐྱེས་ ༥༠༠༠༠ ལྷག་འཛམ་གླིང་གཞོན་སྐྱེས་ཀྱི་ཉིན་མོའི་ཚོགས་ཐོག་ལ་མཉམ་ཞུགས་བྱས་པར་གོ་རྟོགས་ཐུབ་ཀྱི་འདུག ང་ལ་མཚོན་ན་བླ་ཆེན་པོབ་ནི་འཛམ་གླིང་གཞོན་སྐྱེས་ཚོའི་ཀུན་སྤྱོད་ཀྱི་ལམ་སྟོན་པ་ཡིན་པའི་མངོན་རྟགས་གསལ་བོ་བྱུང་། གཞོན་སྐྱེས་ཚོ་ནི་འགྲོ་བ་མིའི་མ་འོངས་པ་རེད་ལ། ཡི་ཤུའི་བླ་ཆེན་པོབ་ཀྱིས་ཐེངས་འདིར་ཁོང་ཚོར་ཡིད་ཆེས་དང་ཀུན་སྤྱོད་ཀྱི་རིན་ཐང་དང་རྩ་དོན་བསྩལ་སོང་། གཞོན་སྐྱེས་ཀྱི་སྟོབས་ཤུགས་ཁོ་ནས་འགྲོ་བ་མིའི་མ་འོངས་པ་དེ་བཟང་ཕྱོགས་སུ་བསྒྱུར་ཐུབ་སྟབས་འདི་ནི་འགྲོ་བ་མིའི་མ་འོངས་པ་བསྒྱུར་བཅོས་ཀྱི་མགོ་འཛུགས་ས་ཡིན་ཆོག ངས་འཛམ་གླིང་གཞོན་སྐྱེས་ཀྱི་ཉིན་མོར་བླ་ཆེན་པོབ་མཆོག་ལ་འཚམས་འདྲི་ཞུ་གི་ཡོད། ཁོང་ནི་ཧ་ཅང་བརྩི་འཇོག་ཆེ་བའི་མི་ཞིག་རེད། དེའི་ཁར་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་བཅས་གོང་སྤེལ་དང་རྩོད་ལེན་གནང་མཁན་ཞིག་རེད་ཅེས་གསུངས་ཡོད་པ་རེད།

བཀའ་ཁྲི་མཆོག་ལྡི་ལི་ནས་ཨ་རིར་ཕེབས་ཀྱི་ཡོད་ལ། ཁོང་ཨ་རིར་ཕེབས་ནས་བོད་ཀྱི་རིག་གཞུང་དུས་སྟོན་ལ་མཉམ་ཞུགས་དང་ཁོང་གི་ཕྱག་རྩོམ་སྟེ། བོད་ཀྱི་ནང་ཆོས་དང་ད་ལྟའི་འཛམ་གླིང་། གཉིས་མོས་ཀྱི་འཛམ་གླིང་གི་དོན་དུ་གཉིས་མོས་མིན་པའི་བདེན་པ། ཞེས་པའི་སྐོར་ལ་གསུང་བཤད་དང་བགྲོ་གླེང་གནང་འཆར་ཡོད་པ་རེད།

བཀའ་ཁྲི་མཆོག་གིས་བོད་ཀྱི་རིག་གཞུང་དུས་སྟོན་གྱི་སྐོར་ལ། བོད་ནང་དུ་རིག་གཞུང་རྩ་གཏོར་གྱི་གནས་སྟངས་ཤིག་ཤར་གྱི་ཡོད་སྟབས་བོད་ཀྱི་རིག་གཞུང་དུས་སྟོན་འདི་ནི་ཆེས་གལ་འགངས་ཆེན་པོ་ཆགས་ཡོད། ང་ཚོའི་རིག་གཞུང་དེ་འཐབ་བྱུས་ཡོད་པའི་ཐོག་ནས་རྩ་མེད་བཟོས་པ་རེད། དེར་བརྟེན་ང་ཚོས་ཅི་ཡོང་གང་ཡོང་གིས་ང་ཚོའི་རིག་གཞུང་འདི་རྒྱུན་འཛིན་དང་འཛམ་གླིང་སྟེང་གི་བོད་མི་ཡོད་ཚད་ལ་བོད་ཀྱི་རིག་གཞུང་འདི་འཕྲོད་ཐབས་བྱེད་དགོས་པ་རེད། ང་ཚོས་བོད་མི་ཚོ་འཛམ་གླིང་གི་ཡུལ་ལུང་གང་ཞིག་ཏུ་ཡོད་ནའང་འདི་ལྟའི་ལམ་ཁ་བརྒྱུད་ནས་རིག་གཞུང་གོང་སྤེལ་བྱེད་པར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist