མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་ལིམ་པིག་སྔ་ནུབ་ཀྱི་རྒྱ་ནག

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

༢༠༠༨ ལོའི་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་སྒུག་པའི་རྒྱང་བསྐྱོད་རིང་མོ་དེ་ཕལ་ཆེར་རྫོགས་ལ་ཉེ། ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་ཚུགས་རྒྱུར་ཟླ་བ་ཧྲིལ་བོ་གཅིག་ཀྱང་མེད། ད་ནི་ཁོང་ཚོའི་རླབས་ཆེ་བའི་ངོམ་སྟོན་གྱི་སྔ་ནུབ་དེར་ང་ཚོས་རྒྱ་ནག་འདི་གང་ཞིག་ཏུ་ལངས་ཡོད་མེད་དང་། རྒྱ་ནག་གི་འཛམ་གླིང་འབྲེལ་བར་ཤུགས་རྐྱེན་ཆེ་ཞིང་ཟིང་ཆེ་བའི་ལོ་འདིའི་དོན་རྐྱེན་སྣ་ཚོགས་ཀྱི་ཁྲོད་ནས་རྒྱས་སྟོན་ཆེན་མོ་འདིས་ཆ་ཤས་ཇི་ལྟ་བུ་ཞིག་ལེན་མིན་ལ་ལྟ་བའི་དུས་ཚོད་ཡག་ཤོས་དེ་རེད།

༢༠༠༨ ལོར་རྒྱ་ནག་གིས་གློ་བུར་ཐོལ་རྒྱག་དང་། ཆག་སྒོ། བསམ་ཡུལ་ལས་འདས་པ་བཅས་རྒྱུན་ལྡན་མིན་པའི་དོན་རྐྱེན་ཁག་ཅིག་བརྒྱུད་ཚར་བ་རེད། མི་སུ་ཞིག་གིས་ཀྱང་ཕྱི་ཟླ་ ༣ དང་ ༤ པའི་ནང་ལྷ་ས་དང་མདོ་ཁམས་ས་ཁུལ་ཁག་གི་བོད་མི་རྣམས་ཀྱི་ཞེ་སྡང་གི་རྣག་ཁྲག་ཕྱིར་བརྡོལ་གི་རེད་བསམ་མེད་ལ། མ་མཐར་ཡང་རྒྱ་ནག་དབུས་གཞུང་གིས་དེ་འདྲ་ཞིག་བསམ་མེད་ཚོད་ཡིན། མི་སུ་ཞིག་གིས་ཀྱང་ཕྱི་ཟླ་  ༥ པའི་ཚེས་ ༡༢ ཉིན་རྒྱ་ནག་ལྷོ་ནུབ་ཁུལ་དུ་མི་ ༦༠༠༠༠ ལྷག་གི་ཚེ་སྲོག་ཤོར་བའི་ས་ཡོམ་འདི་འདྲ་ཞིག་ཡོང་བར་སྔོན་དཔག་བྱས་མེད།
དོན་རྐྱེན་འདི་གཉིས་ཀྱིས་གཏན་ནས་མི་འདྲ་སའི་ལམ་ཁ་གཉིས་ནས་འཐོར་སླ་བའི་དེང་རབས་ཀྱི་རྒྱ་ནག་དེ་བསྟན་ཡོད། རྒྱ་ནག་ཕྱི་ལོགས་ཀྱི་མི་མང་པོ་ཞིག་ལ་འཇིགས་སྐྲག་དང་སེམས་ཁྲལ་སྟེར་གྱིན་པའི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་ནུས་ཤུགས་འདིའི་གཏིང་དུ་ཉམ་ཞན་དང་དཀའ་རྙོག་གིས་ཁེངས་འདུག་ཅིང་། བོད་ནང་གི་ངོ་རྒོལ་དེས་ད་ལྟའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་ནང་ཡོད་པའི་མི་རིགས་མི་འདྲ་བ་འདི་དག་ལ་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་རིམ་མི་འདྲ་བ་ནས་སྐད་འབོད་ཀྱི་རྣམ་འགྱུར་སྟོན་ཆོག་ཆོག་ལྟ་བུའི་ཆིངས་དོན་ཁག་པོ་དག་གི་འོག་ཡོད་པ་བསྟན་ཡོད།

ལོ་རྒྱུས་ཀྱི་འཁོར་ལོ།

༡༩༤༩ ལོར་གྲུབ་པའི་དེང་རབས་ཀྱི་རྒྱ་ནག་འདི་ནི་སྔོན་མའི་རྒྱ་ནག་གི་མིང་འཛིན་མཁན་དག་གི་གྲིབ་ནག་ཅིག་གིས་གཡོགས་ཡོད་ལ། དེ་དག་སྡོམ་ནས་ད་ལྟའི་འདི་དང་བསྡུར་ན་ཆེ་ཆུང་དང་མི་རིགས་མཉམ་འདྲེས། བརྟན་ལྷིང་བཅས་ཕྱོགས་ཀུན་ནས་རྦད་དེ་ཐ་དད་ཡིན། རྒྱ་ནག་དེ་དག་གིས་གཏིང་ཟབ་པའི་ཕྱིར་དྲན་གྱི་ཤུལ་རྗེས་རེ་བཞག་ཡོད་ཅིང་། བོད་ནི་དེ་དག་གི་ནང་ནས་ཆེས་གཏན་འཇགས་རང་བཞིན་དེ་ཡིན། ཞིན་ཅང་དང་ནང་སོག ཐ་ན་ཡུན་ནན་དང་ད་དུང་མངའ་སྡེ་གཞན་པ་མང་པོ་ཞིག་ནི་མངོན་གསལ་དོད་པོའི་གྲས་ཡིན་པ་མ་ཟད། ལོ་རྒྱུས་མི་གཅིག་པ་དང་སྣ་འདུས་རང་བཞིན་གྱི་གྲགས་མགོ་ཆེ་བའི་རིགས་ཡིན། བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་ནས་ངོ་རྒོལ་དོན་རྐྱེན་བྱུང་བ་ནི་རྒྱ་ནག་གི་ཕྱི་ནང་གཉིས་ཀར་ཡོད་པའི་མི་རྣམས་ལ་དེང་རབས་རྒྱལ་ཁབ་འདིའི་གཅིག་གྱུར་ལ་གོ་བ་ཡངས་མོ་རེ་ལེན་པ་ནི་རང་རང་གི་ཉེན་ཁ་ཡིན་པའི་དྲན་སྐུལ་རྣོན་པོ་ཞིག་ཡིན། འདས་པའི་སྟོང་ལོ་གཉིས་རིང་གི་རྒྱ་ནག་གི་གོང་མའི་རྒྱལ་བརྒྱུད་དག་གི་ལོ་རྒྱུས་ནི་འཐོར་ཞིག་དང་གྱེས་བྲལ་གྱི་བརྒྱུད་རིམ་ཞིག་ཡིན་ལ། མཐའ་མ་དེར་གཅིག་སྡུད་དང་བཙན་དབང་གི་རིམ་པར་སླེབས་པ་རེད། ལོ་རྒྱུས་འདི་ཁུ་སིམ་པོའི་ངང་ནས་ཡོང་སྲིད། འོན་ཀྱང་འདི་ཐག་རིང་ལ་ནམ་ཡང་འགྲོ་མི་སྲིད། པེ་ཅིན་གྱི་མི་རབས་མཐའ་མའི་མགོ་ཁྲིད་དག་གིས་བོད་ནང་གི་དཀའ་རྙོག་ལ་རྣམ་འགྱུར་སྟོན་སྟངས་དེས། རྒྱ་ནག་གིས་རྒྱལ་ཁབ་གཅིག་གྱུར་གྱི་གནད་དོན་ཐག་གཅོད་པའི་དོན་དུ་ཞི་འགྲིག་བྱེད་པ་ནི་ཁོང་ཚོའི་ལས་སྐལ་དུ་གྱུར་མེད་པ་དེ་ཡིན།
ས་ཡོམ་དེས་རྙོག་འཛིང་གི་གནད་དོན་དེ་བས་མང་བ་དག་བསླངས། རྒྱ་ནག་ལ་མཚོན་ན་རང་བྱུང་གནོད་འཚེའི་གོད་ཆག་གི་ལོ་རྒྱུས་ནི་རྒྱུན་རིང་པོ་དང་ཡ་ང་བ་ཞིག་ཡིན། མིན་རྒྱལ་རབས་ ༼༡༣༦༨ ནས་ ༡༦༤༤༽ སྐབས་ཀྱི་ས་ཡོམ་གྱིས་གྲོང་ཁྱེར་དང་མངའ་ཁུལ་ཚང་མ་གཏོར་ཞིང་། མི་ཁྲི་སྐོར་མང་པོ་བསད་མྱོང་། ཆུ་ལོགས་ཀྱིས་བསྣུབས་པའི་གོད་ཆག་ནི་དེ་ལས་སྡུག རྨ་ཆུ་ཡིས་དུས་རབས་མང་པོར་ཁོང་ཚོའི་ཡུལ་སྡེ་མང་པོ་ཁུར་ཞིང་བསྣུབས་པར་བརྟེན་ཐ་ན་རྒྱ་ནག་གི་སྡུག་བསྔལ་ཞེས་མིང་བཏགས་ཡོད། ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་དང་ཧིན་རྡུ་རྒྱ་མཚོ་ནས་ཡོང་བའི་ཆར་རླུང་སྟེ། རྒྱ་ནག་གིས་ཐའེ་ཧྥིན་ཞེས་འབོད་པ་དེ་དང་། ཐན་པ། མཚོ་རླབས་སོགས་ནི་ཁོང་ཚོའི་གཤེད་མ་དག་ཡིན། དོན་རྐྱེན་འདི་དག་གི་སྐབས་ཀྱི་ཆབ་སྲིད་ཀྱི་འགྲོ་སྟངས་ནི་མཚམས་རེར་འཁྲབ་གཞུང་ལྟ་བུར་འགྱུར་ལ། རྒྱལ་ཁང་དང་སྲིད་གཞུང་དེ་དག་མིའི་ཕར་རྒོལ་གྱིས་བསྣུབས་པ་མིན་པར། རང་བྱུང་གནོད་འཚེ་ལ་བརྟེན་ནས་མཇུག་སྒྲིལ་གི་ཡོད།

ལྷ་མེད་སྨྲ་མཁན་རྒྱ་ནག་དབུས་གཞུང་ནི་མི་སྒེར་བ་ཞིག་ཡིན་པའི་དབང་དུ་བཏང་ན་རྗེས་དཔག་རིང་ལུགས་ཀྱི་ཚན་རིག་པ་ཞིག་ཡིན་ལ། འདིས་རྨོངས་དད་དང་གྲུབ་མཐའ་འཛིན་མཁན་དག་ལ་ནུས་པ་ཡོད་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཡིན་ནའང་དྲི་བ་ཞིག་ཡོད་པ་ནི། ཁོང་ཚོའི་ལས་འགུལ་དེ་གང་བར་དུ་སླེབས་གི་རེད། ཡང་ན། དེ་རིང་གི་རྒྱ་ནག་གི་མི་འབོར་འདིའི་སེམས་ཁམས་ལ་སྙོབས་གི་རེད་དམ་མ་རེད། མི་དང་རང་བྱུང་གང་གིས་རྐྱེན་བྱས་རུང་ཉེ་ལམ་གྱི་གོད་ཆག་དེ་དག་ནི་མི་མང་པོ་ཞིག་གིས་རྟགས་དང་ལྟས་ངན་པ་ཞིག་ལ་ཚོར་ཡོད། ཆབ་སྲིད་རྒྱུན་ལས་ཀྱི་ཚོགས་མི་ཚོས་གོ་སྐབས་འདིར་བརྟེན་ནས་རང་གི་ནུས་ཤུགས་ཕྱི་ལ་སྟོན་པའི་ལས་འཆར་རེ་རྩོམ་སྲིད་པ་རེད། འོན་ཀྱང་། ལམ་ཁ་མང་པོ་ཞིག་ཏུ་ཁོང་ཚོས་ཆབ་སྲིད་ཀྱི་ཉི་མ་རེ་རེ་དེ་རང་གི་མཐའ་མཇུག་གི་ཉི་མ་རེ་རེ་ཡིན་པ་ལྟར་སྐྱེལ་དགོས་པ་རེད། དེ་མིན་ན་སྲིད་བློན་ཝན་ཅ་པོ་ཡིས་ཁོ་རང་འཛམ་གླིང་སྟེང་སེམས་ཁྲལ་ཆེ་ཤོས་ཀྱི་སྲིད་བློན་དེ་ཡིན་ཅེས་ཁ་ཁོག་དྲང་པོའི་སྒོ་ནས་ག་ལ་བཤད་གི་རེད། ཁོང་ལ་སེམས་ཁྲལ་ཡོད་ཅེས་པ་བདེན་པ་རེད། ཁོང་ལ་སེམས་ཁྲལ་བྱེད་ས་མང་པོ་ཡོད་པ་རེད།

གོ་ལ་རང་བཞིན་གྱི་འཇིགས་སྐུལ།

རྗོན་ཁེ་ཡིས་རྒྱ་ནག་སྐོར་གྱི་ལོ་རྒྱུས་ཤིག་བྲིས་པའི་ནང་བསྟན་པ་ལྟར། དུས་རབས་བཅུ་གཅིག་པ་སྟེ། སུང་རྒྱལ་རབས་ཀྱི་མཇུག་ཏུ་སྲིད་དབང་སྒེར་གཅོད་རིང་ལུགས་གཏོར་ཏེ་སྲིད་དོན་གྱི་ཚོགས་པ་རྩ་འཛུགས་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་བསམ་བློ་ཞིག་ཁྱེར་ཡོང་ཡོད་ལ། སྐབས་དེའི་ཤེས་ཡོན་པ་མིང་ལ་ཆུའུ་ཡེན་ཞུག་ཅེས་པ་དེས་གོང་མ་ལ་སྲིད་དོན་ཚོགས་པ་དང་སྐྱིད་སྡུག་གི་རྩ་འཛུགས་ཡོང་ཆོག་པའི་དགོངས་སྐོར་ཞུས་ནའང་། ཁོའི་བསམ་ཚུལ་དེ་དང་ལེན་བྱས་མེད་པ་རེད། རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལ་མཁས་པའི་དེང་རབས་ཀྱི་ཤེས་ཡོན་པ་ཞིག་གིས་བཤད་དོན། རྒྱ་ནག་གིས་ད་དུང་ཡང་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་སྲིད་དོན་གྱི་ནོར་འཛོལ་དེ་རྒྱུན་འཛིན་བྱས་ཡོད་པ་རེད་ཟེར།
འདིས་བསྟན་པ་ནི། རྒྱ་ནག་གི་ཐག་མ་ཆོད་ཅིང་གཏིང་ཟབ་པའི་དཀའ་རྙོག་གི་སྣང་ཚུལ་དེ་དག་ ༢༠༠༨ ལོ་ལའང་རྙེད་རྒྱུ་ཡོད་ལ། འདི་ཤེས་པར་བརྟེན་ནས་དོན་རྐྱེན་གང་ཡིན་རུང་དེ་དཔྱད་ཞིབ་ཀྱི་ཡུལ་དུ་འཇོག་པ་དང་། དོ་མཉམ་པའི་ཚད་གཞི་ཞིག་གི་སྟེང་ནས་དེ་དག་ལ་འགྲེལ་བཤད་རྒྱག་ཐུབ་རྒྱུ་དེ་རེད།

ཆུའུ་ཡེན་ཞུག་གིས་བཏོན་པའི་བསམ་ཚུལ་དེ་ངོས་ལེན་མ་བྱས་པའི་གནོང་འགྱོད་དེ་རྗེས་ནས་ཚོར་ཡོད་ཚོད་ལྟར། རྒྱ་ནག་གི་མི་སེར་དང་པོད་ཁུག་འབྲི་མཁན་དག་གིས་གཞུང་དང་ལས་ཁུངས་ཁག་གི་ལྐོག་ཟ་རུལ་སུངས་སོགས་ལ་འཁང་ར་དང་ཁོང་ཁྲོའི་རྣམ་འགྱུར་སྟོན་བཞིན་པ་ནི། འཛམ་གླིང་ཡུལ་གྲུ་གཞན་དག་གི་གནས་སྟངས་དང་གཅིག་མཚུངས་ཆགས་ཡོད་པ་རེད། ཨ་རི་དང་རྒྱ་གར། ཡུ་རོབ། དབུས་ཤར། རྒྱ་ནག་བཅས་ཀྱི་མང་ཚོགས་ཚང་མར་ང་ཚོའི་སྲིད་དོན་པ་དག་གིས་སུན་སྣང་དང་ཁོང་ཁྲོ་བསླངས་ཡོད་པ་རེད། ལྷག་པར་དུ་འདི་ལྟའི་དཔལ་འབྱོར་མར་འགྲིབ་ཀྱི་ཁ་ཐུག་ལ་ང་ཚོས་ཁོང་ཚོར་བཟོད་སྒོམ་བྱེད་མི་ཐུབ་པ་དང་། དོན་དག་སླ་ཤོས་ཀྱི་རིགས་ཀྱང་སེལ་མི་ཐུབ་པའི་གནས་སྟངས་འདིར་ཁོང་ཁྲོ་ལངས་ཀྱིན་ཡོད། གལ་སྲིད་རྒྱ་ནག་གི་འདས་པ་དང་ད་ལྟ་གཉིས་བརྒྱུད་ལམ་སྣ་མང་ཞིག་ནས་མཐུད་ཐུབ་ཀྱི་ཡོད་ན། གོ་བ་གཅིག་མཚུངས་ལྟར་ད་ལྟའི་རྒྱ་ནག་གི་གནས་སྟངས་འདི་འཛམ་གླིང་ཡོངས་ལ་མཐུད་ཐུབ་ཀྱི་ཡོད།

འདི་ལ་གོ་ལ་རང་བཞིན་གྱི་མཐོང་ཚུལ་ཞེས་བཏགས་ཆོག་པར་འདོད་ལ། འདིའང་ཨོ་ལིམ་པིག་སྔ་ནུབ་ཀྱི་དངོས་ཡོད་གནས་ཚུལ་དག་གི་ཆ་ཤས་ཤིག་ཏུ་གྱུར་ཡོད། གལ་སྲིད་མི་རྣམས་ཀྱིས་ཉམས་མྱོང་འདིས་ང་ཚོ་ཁ་བཀར་བ་ལས་ཀྱང་ཅི་ཙམ་ཞིག་མཉམ་དུ་བསྡམས་ཡོད་པ་གོ་རྟོགས་ཐུབ་ཚེ། ཨོ་ལིམ་པིག་རྩེད་འགྲན་གྱི་འབོད་ཚིག འཛམ་གླིང་གཅིག རྨི་ལམ་གཅིག ཅེས་པ་འདིས་ཁོའི་རང་སྟེང་གི་དངོས་ཡོད་དེ་མངོན་འགྱུར་ཡོང་བར་རྩོམ་གི་རེད། ད་ནི་ང་ཚོའི་མིག་ཐོག་ལ་ཤར་ལ་ཉེ་ཞིང་། རྒྱ་ནག་གི་ལོ་འདི་དེ་བས་ཀྱང་ཤེས་འདོད་ཆེན་པོ་དང་སྔར་བས་ཀྱང་གོ་ལ་རང་བཞིན། ལྷག་པར་དུ་ཡ་མཚན་ཞིག་ཏུ་འགྱུར་མགོ་རྩོམ་གི་ཡོད།

ཁེ་རེ་ བྷུ་རོན། ཧིམ་བུས་བསྒྱུར།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༨ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese