མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མ། མ་ཁིན། ཁོང་གཉིས་ཀྱི་བོད།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉིན་འདི་དག་རིང་ཝིན་སི་ཁོན་དུ་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་འདིར་ཝིན་སི་ཁོན་ནང་གི་ཉིན་རེའི་གསར་འཕྲིན་དྲ་རྒྱ་རྒྱལ་སའི་དུས་བབ་ཅེས་པའི་རྩོམ་སྒྲིག་ལས་རོགས་རྗོན་ནེ་ཁོན་ཞུ་བས་ཕྱི་ཟླ་ ༡༡ པའི་ནང་འདེམ་རྒྱུའི་ཨ་རིའི་སྲིད་འཛིན་འོས་གཞི་ཨོ་བྷ་མ་དང་མ་ཁིན་གཉིས་ཀྱིས་བོད་དོན་ལ་ལྟ་སྟངས་སྐོར་ལ་འདི་ལྟར་རྩོམ་ཡིག་ཅིག་བྲིས་འདུག

བོད་ནང་གི་ངོ་རྒོལ་གྱི་སྟེང་རྒྱ་ནག་གིས་དྲག་པོའི་རྒོལ་དྲུང་བྱེད་ཀྱིན་པ་དང་འབར་མ་དང་སུ་ཌན་གྱི་ཡ་ང་བའི་སྲིད་དབང་སྒེར་འཛིན་པ་དག་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ཀྱིན་པར་མ་ལྟོས་པར། སྲིད་འཛིན་བྷུ་ཤུས་ཁོང་ཉིད་ཟླ་བ་རྗེས་མའི་པེ་ཅིན་གྱི་ཨོ་ལིམ་རྩེད་འགྲན་མཛད་སྒོར་ཞུགས་རྒྱུ་ཡིན་ཚུལ་གསལ་བསྒྲགས་བྱས་པ་རེད།

དེའི་ལན་དུ། བྷ་རག་ ཨོ་བྷ་མ་ ཡིས་རང་ཉིད་ནི་ཁོང་གིས་ཚབ་བྱེད་སའི་མི་དེ་དང་མི་འདྲ་བར་བསྟན།

གལ་སྲིད་ཁོང་ཉིད་སྲིད་འཛིན་ཡིན་ན་ཨོ་ལིམ་པིག་མཛད་སྒོར་ཕེབས་ཏེ་རྒྱ་ནག་གི་ཉེ་ཆར་གྱི་བྱེད་སྟངས་རིགས་ཁྲིམས་མཐུན་ཡིན་པར་སྟོན་གི་ཡིན་ནམ་ཞེས་དྲིས་སྐབས། ཨོ་བྷ་མས་བཤད་དོན། ཡར་རྒྱས་ཀྱི་རྣམ་པ་མ་མཐོང་བ་དང་། ཏཱ་ལའི་བླ་མའི་ཕྱོགས་ནས་ཀྱང་ཡར་རྒྱས་ཀྱི་རྣམ་པ་མཐོང་གི་མེད་པ་ཡིན་ན་ང་ནི་འགྲོ་ས་མ་རེད། ཟེར།

འདི་ནི་ཨོ་བྷ་མ་ཡིས་བོད་དོན་དང་བདུན་ཕྲག་འདིའི་ནང་ཨ་རིའི་ཝིན་སི་ཁོན་དུ་བཞུགས་པའི་ཏཱ་ལའི་བླ་མའི་ཐོག་ལ་སྐད་ཆ་བཤད་པ་ཐེངས་དང་པོ་མིན།

ཕྱི་ཟླ་ ༣ པའི་ནང་ཕྱི་སྲིད་ཀྱི་གནད་དོན་ཐད་སྐད་ཆ་བཤད་སྐབས། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་མི་ཡིན་པ་ཨོ་བྷ་མ་ཡིས་བཤད་དོན། འགྲོ་བ་མིའི་ཐོབ་ཐང་ནི་ངེས་པར་དུ་ཨ་རིའི་ལས་དོན་ལྟེ་བ་དེ་ཡིན་དགོས་ཟེར། ཁོང་གིས་གསལ་བོར་བསྒྲགས་དོན། ང་ཚོས་བོད་མི་རིགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སྟེ་ད་ལྟ་མགོ་འཛུགས་ཆོག་གི་རེད། ཟེར།

སྐབས་མཚམས་དེ་འདྲ་ཞིག་ལ་ཨོ་བྷ་མ་ཡིས་གསལ་བསྒྲགས་སྤེལ་དོན། གལ་སྲིད་བོད་མི་རིགས་ནི་རྒྱ་ནག་གི་མི་རིགས་ལྷག་འཕྲོས་རྣམས་དང་མཉམ་དུ་འཆམ་མཐུན་གྱིས་འདུག་དགོས་ན། ཁོང་ཚོའི་ཆོས་ལུགས་དང་རིག་གཞུང་ལ་ངེས་པར་དུ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་དགོས། བོད་ཀྱིས་ཚད་མཐོ་ཞིང་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དེ་ལོངས་སུ་སྤྱོད་དགོས་པ་རེད། ཟེར།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་ཐད་ནས་བཤད་ན། མ་ཁིན་གྱི་ཚོར་བ་ནི་བྷུ་ཤུ་ལས་རྣོ་བ་ནི་དོགས་པ་བྱེད་མི་དགོས་པ་ཞིག་རེད། ལོ་འདིའི་དཔྱིད་དུས་སུ། རྒྱ་ནག་གིས་བོད་ནང་གི་ངོ་རྒོལ་གནོན་པ་དེ་དྲག་པོའི་ངོ་བོར་འཕེལ་སྐབས། ཨ་རེ་ཛོ་ཎི་ནས་ཕེབས་པའི་འཐུས་མི་འདིས་ཁྱད་དུ་འཕགས་པའི་གསལ་བསྒྲགས་ཤིག་སྤེལ་བ་རེད།

ཁོང་གིས། བོད་མི་ཚོས་རང་གི་དད་འདུན་ཉམས་ལེན་དང་རིག་གཞུང་དང་ཁྱད་ནོར་དག་གཅེས་འཛིན་བྱེད་པའི་རེ་བ་ཁོ་ན་འདོན་པ་དེར་རྒྱ་ནག་གི་མགོ་ཁྲིད་ཚོས་དྲག་པོའི་རྒོལ་རྡུང་བྱེད་པ་དང་མུ་མཐུད་ནས་བཙན་གནོན་བྱེད་ཀྱིན་པའི་ཐད་ང་རང་གི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ངས་ཏཱ་ལའི་བླ་མ་མཆོག་ལ་གཟབ་ནན་གྱིས་ཉན་པ་ཡིན་ལ། ཁོང་ནི་ཞི་བདེའི་སྐྱེས་བུ་ཞིག་དང་བོད་མི་རིགས་ཀྱི་རེ་བ་དང་སེམས་ཀྱི་མངོན་འདོད་ཀྱི་ཚབ་མཚོན་ཡིན་པའི་ངེས་ཤེས་རྙེད། ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་དག་གིས་བོད་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་ཆེད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་དོན་ཕན་ཡོད་པའི་ཞི་མོལ་བྱས་པ་བརྒྱུད་བོད་ནང་གི་དཀའ་རྙོག་གི་རྩ་བ་གང་ཡིན་གསལ་བོ་བཤད་པའི་འབོད་སྐུལ་ཞུ་གི་ཡོད། ཅེས་གསུངས་ཡོད།

སྐབས་དེར། མ་ཁིན་གྱིས་པེ་ཅིན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་མཚོན་ཆེད་དུ་ཁོང་ཉིད་ཀྱང་ཨོ་ལིམ་པིག་མཛད་སྒོར་མི་ཞུགས་པའི་བསམ་ཚུལ་བཏོན་ཡོད།

དེ་ལྟར་ཡང་། ཉེ་བའི་ཟླ་ཤས་རིང་ནས། རྒྱལ་སྤྱིའི་ལས་དོན་ལ་ཐུག་དུས་མ་ཁིན་གྱིས་ཨོ་བྷ་མ་ཡིས་རྒྱལ་ཁབ་ཀྱི་འབྲེལ་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་སྟངས་ཐད་སྐྱོན་བརྗོད་བྱེད་པ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། བྷུ་ཤུས་ཁོང་ཉིད་ཨོ་ལིམ་པིག་མཛད་སྒོར་བཅར་རྒྱུ་ཡིན་སྐོར་གསལ་བསྒྲགས་སྤེལ་སྐབས། མ་ཁིན་གྱིས་གཞུང་འབྲེལ་གྱི་ཐོག་ནས་ཐག་གཅོད་འདི་ལ་སྐྱོན་བརྗོད་བྱས་མེད།

ཡིན་ནའང་ཨོ་བྷ་མ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་འཐམ་ནས་བསྡད་ཡོད་ལ། མ་ཁིན་གྱི་འདས་པའི་སྐད་ཆ་དེ་དག་གིས་བསྟན་པ་ནི། རྒྱ་ནག་གིས་བོད་ཀྱི་ཐོག་ལས་ཀ་བྱེད་སྟངས་དེ་ནི་བྷུ་ཤུ་དང་ཁི་ལིན་ཊོན་གྱི་སྲིད་འཛིན་ལས་འཁུར་སྐབས་ར་འཕྲོད་བྱུང་བ་ལས་ཀྱང་མངོན་གསལ་དུ་གྱུར་བའི་གནས་སྟངས་དེར་གོ་རྟོགས་ཐུབ་པ་དེ་ཡིན།

འདི་ལྟར། བྷུ་ཤུ་ཨོ་ལིམ་པིག་མཛད་སྒོ་ལ་ཞུགས་རྒྱུའི་ཐག་གཅོད་འདི་ནི་བློ་ཕམ་དང་གནོང་འགྱོད་གཉིས་ཀ་ཡིན་ནའང་། ༢༠༠༨ ལོ་ནི་ད་དུང་ཡང་ཨ་མི་རི་ཀ་འདི་ནོར་འཛོལ་གྱི་གྲིབ་ནག་འོག་ནས་ཆས་ཏེ་དོན་དམ་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཁག་འཁུར་བྱེད་པའི་ཉི་འོད་ཀྱི་ཕྱོགས་སུ་འགྲོ་བའི་ལོ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese