མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་སྐུ་མདུན་གྱི་གསུང་ཐོས་ཀྱི་མི་འདུག

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་ཚོང་ཁང་བདག་པོ་ཚོས་བོད་མིར་མཐོང་ཆུང་གིས་དེ་ཁྱོད་ཀྱིས་ཉོ་ཐུབ་ པ་ ཞིག་མ་རེད། རིན་གོང་གཏམ་རྒྱུ་མེད། ཉོ་ན་ཉོས། མི་ཉོ་ན་སོང་ཞེས་བརྗོད་གི་འདུག བོད་མི་རྣམས་སྲིད་གཞུང་གིས་མཐོང་ས་མེད་པའི་སྒང་ལ་རྒྱ་རིགས་མི་མང་གིས་ཀྱང་ མཐོང་ས་མི་འདུག་ལ། རྒྱ་དང་ཁ་ཆེ་གང་ཡིན་ཡང་བོད་མི་ཚོ་མཐོང་སྐབས་འདྲེ་མཐོང་བ་ནང་བཞིན་བྱེད་ཀྱིན་འདུག

 

ཉེ་ཆར་མདོ་སྨད་རེབ་གོང་རོང་བོ་དགོན་པ་ནས་འདིར་འབྱོར་ཞིང་མིང་བརྗོད་འདོད་མེད་པའི་གྲྭ་པ་ཞིག་གིས་འདི་གའི་གསར་འགོད་པར་འདི་ལོའི་ཟླ་ ༢ པར་རེབ་གོང་མི་མང་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཇི་ལྟར་བྱས་པ་དང་། དེ་རྗེས་བོད་ས་སྟོད་སྨད་བར་གསུམ་དུ་ཞི་བའི་ངོ་རྒོལ་བྱས་རྗེས་རེབ་གོང་མི་མང་གིས་བསྐྱར་དུ་ཞི་བའི་ངོ་རྒོལ་བྱས་པའི་སྐོར་བརྗོད་དོན། འདི་ལོའི་ཧོར་ཟླ་དང་པོའི་ཚེས་ ༡༥ རྗེས་ནས་མདོ་སྨད་རེབ་གོང་གི་གཞིས་ལུས་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྐྱེན་རྩ་ནི་འབྲོག་པ་རྒད་པོ་ཞིག་གིས་ཁ་ཆེ་ལྒང་ཕུག་འཚོང་མཁན་ཞིག་གི་ལག་ནས་རང་གི་བྱིས་པར་ལྒང་ཕུག་ཉོ་སྐབས་ཁ་ཆེའི་དེའི་ལག་ནས་ལྒང་ཕུག་གཅིག་གནམ་ལ་ཤོར་བར། ཁོས་འབྲོག་པ་དེར་གནམ་ལ་ཤོར་བའི་ལྒང་ཕུག་གི་རིན་ཡང་ཁྱོད་ཀྱིས་སྟེར་དགོས་ཞེས་བརྗོད་སྟབས་ཁོང་གཉིས་འཁྲུག་འཛིང་ཤོར་བ་རེད། ཡིན་ནའང་། ཉེན་རྟོག་པས་མི་རིགས་དབྱེ་འབྱེད་བྱས་ཏེ་འབྲོག་པ་དེར་ཚད་ལས་བརྒལ་བའི་ཉེས་རྡུང་བཏང་སྟེ་ཡར་ལངས་མི་ཐུབ་པ་བཟོས་པ་དང་ཁ་ཆེ་དེ་གུ་ཡངས་སུ་བཏང་བར་བརྟེན། གྲྭ་པ་རྣམས་འབྲོག་པ་དེའི་རྒྱབ་རྩར་ལངས་ཏེ་ཉེན་རྟོག་པ་མཉམ་དུ་ལག་འཛིང་ཤོར་ཏེ་ཉེན་རྟོག་པའང་བདུན་བརྒྱད་ཅིག་ལ་རྨས་ཡོད་པ་རེད། སྤྱིར་དོན་རྐྱེན་འདིའི་འབྱུང་རྐྱེན་ཆུང་ཆུང་ཡིན་ནའང་། བོད་རྒྱ་མི་རིགས་གཉིས་ཀྱི་གང་ཡིན་ཡང་། སེམས་ནང་དུ་ཕན་ཚུན་ལ་གཏིང་ནད་ལྟ་བུ་ཞིག་བཟུང་ཡོད་པས་རེད་ལ། དེ་རྗེས་གྲྭ་པ་དང་མི་མང་སུམ་ཁྲི་བརྒལ་བས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟབས། ཉིན་དེའི་དགོང་མོར་རེབ་གོང་ཁུལ་དུ་དེའི་སྔོན་ནས་གཏན་སྡོད་བྱས་པའི་དམག་མི་སུམ་སྟོང་ཡོད་པའི་སྟེང་དམག་མི་འབོར་ཆེན་སླེབས་ཏེ། ཞི་རྒོལ་བའི་ཁྲོད་དུ་མིག་ཆུ་འཆོར་བྱེད་ཀྱི་དུག་ཆུ་གཏོར་ཏེ་མི་ཉི་ཤུ་ལྷག་བཟུང་བ་རེད། ཡིན་ནའང་། ལས་འགུལ་སྤེལ་མཚམས་ཆད་རྗེས་ཉེན་རྟོག་པས་ནག་ཉེས་ཡོད་མེད་ལ་མ་ལྟོས་པར་བོད་མི་མིག་གིས་མཐོང་ཚད་བཟུང་བ་དང་། ཉེས་རྡུང་བཏང་བ་རེད། ཉེས་རྡུང་གཏོང་སྐབས་རྐང་ལག་བཅག་བཞག་པ་མང་བོ་འདུག དེར་བརྟེན་ཚེས་ ༡༦ ཉིན་ཡང་བསྐྱར་ཡར་ལངས་པ་རེད། སྐབས་དེར་དགོན་པའི་ཚོགས་སུ་རེབ་གོང་ཤོག་ཁག་བཅུ་གཉིས་ཀྱི་གྲྭ་པ་ཉིས་སྟོང་བརྒལ་བ་ཡོད་པ་རེད་ལ། གྲྭ་མང་དང་མང་ཚོགས་ཁྱོན་སྡོམ་ལྔ་ཁྲི་ཙམ་གྱིས་ཞི་བའི་ངོ་རྒོལ་བྱས་པ་དང་། རྫོང་སྲིད་གཞུང་དུ་སོང་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་དགོས་པའི་དགོས་འདུན་བཏོན་སྐབས། ཉེན་རྟོག་པས་གཏོང་རྒྱུ་ཁས་ལེན་བྱས་ནའང་ཁོང་ཚོས་བཟུང་བའི་བོད་མི་ཚོར་ཚད་ལས་བརྒལ་བའི་ཉེས་རྡུང་ཕོག་ཡོད་སྟབས། ལམ་སེང་གློད་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཀྱིན་འདུག་ལ། དོན་དངོས་ཐོག་ནས་ཀྱང་བོད་མི་དེ་ཚོའི་ཁྲོད་ན་ཡར་ལངས་ཐུབ་མཁན་ཞིག་མེད་པར་མི་ངོས་མི་ཟིན་པར་གྱུར་འདུག

གང་ལྟར་ཉིན་དེར་བཟུང་བའི་བོད་མི་ཚོ་གློད་ནའང་དགོང་མོ་མར་ཉལ་རྗེས་ཡང་བསྐྱར་རེ་ཟུང་གསང་སྟབས་ཀྱིས་བཟུང་འདུག ཡིན་ནའང་། མང་ཚོགས་ཕྱོགས་སོ་སོར་འཐོར་ཚར་སྟབས་བྱ་ཐབས་བྲལ་བ་རེད་ཅེས་བརྗོད་པ་དང་། ཁོང་གིས་མུ་མཐུད་གསུམ་བཅུའི་དུས་དྲན་རྗེས་རེབ་གོང་ཁུལ་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་བརྒྱུད་རིམ་སྐོར་གསུངས་དོན། དེའི་རྗེས་བོད་ཆོལ་ཁ་གསུམ་གྱི་གཞིས་ལུས་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སྟབས། རེབ་གོང་ནས་སླར་ཡང་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༡༩ ཉིན་གསུམ་རིང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་རེད། སྐབས་དེར་དམར་གསོད་བཏང་རིགས་བྱུང་མེད་ནའང་། རོང་བོ་དགོན་དུ་གྲྭ་པ་ ༥༠༠ ལྷག་ཡོད་པའི་ཁྲོད་ནས་ཉུང་ཤས་ཤིག་མ་གཏོགས་ཚང་མར་ཉེས་རྡུང་ཕོག་པ་དང་དུས་ཡུན་རིང་བོར་སྨན་ཁང་དུ་འདུག་དགོས་བྱུང་བ་སོགས་རྨས་སྐྱོན་ཕོག་མེད་མཁན་ཞིག་མ་ལྷག་པ་རེད། སྐབས་དེར་བཟུང་བའི་གྲྭ་པ་རྣམས་ལ་ལག་ལྕགས་ཀྱིས་མ་འདང་བར་ལག་པར་ལྕགས་སྐུད་ཕྲ་མོ་སྐམ་པས་བསྡམས་པ་དང་། བྱེད་སྟངས་དེ་དག་ནི་འགྲོ་བ་མི་ཞིག་གིས་སེམས་ལྡན་ཞིག་གི་ལག་པ་འཁྱིག་གིན་པའི་སྣང་བ་མེད་པར་ཅ་ལག་རིགས་ཤིག་སྡོམ་པ་ལྟ་བུའི་གདུག་རྩུབ་བཀོད་ཀྱིན་འདུག བོད་ཟླ་གསུམ་པ་ཡོལ་རྗེས་ཞིང་འབྲོག་ས་ཁུལ་གྱི་གསར་བུ་མང་ཆེ་བ་དབྱར་རྩྭ་དགུན་འབུ་བརྐོ་རུ་སོང་བར་བརྟེན་དམག་ཕྱིར་འཐེན་བྱས་ཡོད་ནའང་། ཟླ་སྔོན་མའི་ནང་ང་ལམ་ལ་ཆས་སྐབས་སླར་ཡང་དམག་མི་འཕར་སྣོན་གྱིས་འཛིན་བཟུང་བྱེད་མགོ་བརྩམས་སོང་། དེང་སྐབས་ལྷ་སར་བལྟས་ནའང་རེབ་གོང་དུ་དམག་མིས་ཤུགས་ཆེར་མནན་འདུག་ཅེས་དང་། ཡང་ཁོང་གིས་རྒྱ་རིགས་ཚོས་བོད་མི་ཚོར་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐོར་བརྗོད་དོན། དེང་སྐབས་རྒྱ་བོད་མི་རིགས་གཉིས་ཕྱོགས་གཅིག་ཏུ་བསྡུ་མི་ཐུབ་པའི་ཚོད་དུ་འདུག་ལ། སྔོན་ཆད་ངོ་ཤེས་ཕན་ཚུན་ཐུག་སྐབས་འཚམས་འདྲི་བྱེད་ཀྱིན་ཡོད་ནའང་། དེང་སྐབས་རང་རང་ས་ནས་ཐང་ཆད་དེ་ཅི་ཡང་བཤད་མི་འདོད་པར་གྱུར་འདུག ལྷག་པར་དེང་སྐབས་རྒྱ་རིགས་ཚོ་སྣང་བ་མཐོ་རུ་ཕྱིན་པ་དང་། སྔོན་ཆད་རྒྱ་རིགས་ཚོའི་ཚོང་ཁང་དུ་སོང་ནས་ཅ་ལག་ཅིག་ཉོ་སྐབས་རིན་གོང་གཏམ་ཆོག་ནའང་། དེང་སྐབས་ཚོང་ཁང་བདག་པོ་ཚོས་བོད་མིར་མཐོང་ཆུང་གིས་དེ་ཁྱོད་ཀྱིས་ཉོ་ཐུབ་པ་ཞིག་མ་རེད། རིན་གོང་གཏམ་རྒྱུ་མེད། ཉོ་ན་ཉོས། མི་ཉོ་ན་སོང་ཞེས་བརྗོད་གི་འདུག བོད་མི་རྣམས་སྲིད་གཞུང་གིས་མཐོང་ས་མེད་པའི་སྒང་ལ་རྒྱ་རིགས་མི་མང་གིས་ཀྱང་མཐོང་ས་མི་འདུག་ལ། རྒྱ་དང་ཁ་ཆེ་གང་ཡིན་ཡང་བོད་མི་ཚོ་མཐོང་སྐབས་འདྲེ་མཐོང་བ་ནང་བཞིན་བྱེད་ཀྱིན་འདུག འདི་ལྟར་གཞིས་ལུས་བོད་མི་ཚོས་རང་སྲོག་ལ་མ་འཛེམས་པར་ཞི་བའི་ངོ་རྒོལ་བྱེད་པའི་རྐྱེན་རྩྭ་ཡང་འདི་རེད་ལ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཐུབ་རྒྱུ་ནི་བོད་མི་ས་ཡ་དྲུག་གི་སེམས་ཁོང་གི་མངོན་འདོད་དང་པོ་དེ་རེད། ཡིན་ནའང་། ང་ཚོས་བོད་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལ་ཉན་སྐབས། བོད་ནང་དུ་ཞི་བའི་ངོ་རྒོལ་བྱས་སྐོར་དང་འཛིན་བཟུང་བཙོན་འཇུག་བྱས་པ། དམར་གསོད་བཏང་བ་སོགས་ཀྱི་གནས་ཚུལ་མང་བོ་རྒྱང་སྲིང་བྱེད་པ་ལས། བོད་དོན་འདི་དངོས་གནས་ཐག་གཅོད་ཐུབ་ཀྱི་ཡོད་མེད་སྐོར་དང་། ༧གོང་ས་མཆོག་གིས་གཞིས་ལུས་བོད་མིར་བསྩལ་བའི་གསུང་འཕྲིན། བོད་དོན་ཆེད་ང་ཚོ་ཤི་ནའང་ཤི་གོབ་ཆོད་ཀྱི་ཡོད་མེད་སྐོར་རྒྱང་སྲིང་བྱེད་ཀྱིན་མི་འདུག དེར་བརྟེན། ང་ཚོའི་བསམ་པར་ད་ང་ཚོ་ཤི་མ་ཤི་མི་འདུག འཆི་བཞིན་པའི་ང་ཚོའི་སྐོར་མ་གཏོགས་ཕྱི་ཕྱོགས་ཀྱི་བོད་དོན་སྐོར་ཤེས་ཀྱི་མི་འདུག་བསམ་སྟེ་ཐང་ཆད་འདུག་ཅེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་དུས་ཐོག་ལ་ཉན་བཞིན་པའི་སྐོར་དང་། དེར་རེ་བ་ཆེན་པོ་བཅངས་ཡོད་ནའང་། གཞིས་ལུས་བོད་མིའི་འཆི་སྟངས་ལས་འཆི་བཞིན་པའི་བོད་མིའི་ཚེ་སྲོག་གིས་བོད་དོན་ལ་ཕན་ཐོག་ཡོད་མེད་སྐོར་ཤེས་ཀྱི་མི་འདུག་པས་དེ་ཁོང་གི་བསམ་ཚུལ་ཡིན་ཞེས་བརྗོད་སོང་།

ཁོང་ནི་ཟླ་འདིའི་༧གོང་ས་མཆོག་གི་འཁྲུངས་སྐར་སྔ་ཉིན་དེར་བལ་ཡུལ་དུ་འབྱོར་བ་དང་རྒྱ་གར་དུ་ནད་ཀྱིས་མནར་བཞིན་པའི་གཉེན་ཉེ་ཞིག་ལེན་དུ་ཡོང་བ་ཡིན་ནའང་། མི་རིང་བར་ཕྱིར་ལོག་རྒྱུ་ཡིན་སྟབས་ཁོང་གི་མིང་དང་ལོ་རྒྱུས་སོགས་གསལ་བོར་འཁོད་མེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese