མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་ཡུལ་གྱི་ས་གནས་གསར་འགོད་པ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

གངས་སྐྱིད་ནས་ངྷ་ས་མེག་གྷན་དུ་ཡོད་པའི་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་གསར་འགོད་དུ་བསྐྱོད་པ་དང་། དེ་འབྲེལ་གྱི་འཆར་ཡན་ཐོར་བུ།

རྡོ་ལ་བརྡར་རི་འདབ་ཀྱི་དབྱར་གྱི་ཆར་ཤོད་དང་ཀང་ར་ལུང་ཁོག་གི་སྨུག་ལོང་འདིས་ངའི་སེམས་ངལ་ཞིང་ལུས་དུབ་པར་བྱེད་ལ། ཉིན་འདི་ཚོར་སུན་སྣང་ཞིག་གིས་རྟག་ཏུ་བསྡམས་འདུག འཛང་གླིང་སྤྱི་བསང་ཉིན་ཡང་དགའ་སྐྱོ་འདྲེས་མའི་མིག་ཆུ་བར་མེད་དུ་གཏོང་བ་ལྟ་བུའི་གནམ་རྒན་མས་སྤྱི་ལེ་གཅིག་ཙམ་ཡོད་པའི་གངས་སྐྱིད་ནས་མེག་གྷན་བར་གྱི་ངའི་འགྲུལ་བཞུད་དེ་ཆར་ཆུའི་ཁྲོད་བསྟིམས་སོང་། མེག་གྷན་དུ་འབྱོར་སྐབས་ང་ཁ་ཐུག་ཏུ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཚེ་རིང་ལགས་འཚོལ་དུ་ཕྱིན། ཁོང་ནི་འདི་ལོའི་གསུམ་བཅུའི་དུས་དྲན་རྗེས་ནས་བོད་ནང་གི་གནས་ཚུལ་དང་ལྷག་པར་ཁོང་གི་ཕ་ཡུལ་མདོ་སྨད་རྔ་པའི་ཕྱོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ལ། ནམ་རྒྱུན་ང་ཁོང་གི་སར་གནས་ཚུལ་རེའི་ཆེད་དུ་བསྐྱོད་ཐེངས་རེར་ཁོང་གིས་ཤོག་གྲངས་བཞི་ནས་ལྔ་ཡོད་པའི་ཉམས་ཞིབ་ཟིན་བྲིས་རེ་གྲ་སྒྲིག་བྱས་ཡོད། ཁོང་མཐོང་ཐེངས་རེར་ངའི་བསམ་པར། ང་ཚོ་བྱེས་གྱར་བོད་མི་ཡིན་ཚུལ་གྱིས་བོད་ཆོལ་ཁ་གསུམ་གྱི་གནས་ཚུལ་ལ་ཉམས་ཞིབ་བྱེད་མི་ཐུབ་ནའང་། རང་ཉིད་ཀྱི་ཞང་དང་རྫོང་། ཁུལ་རིམ་པ་བཅས་ཀྱི་ས་གནས་གསར་འགོད་པ་ངེས་པར་དུ་ཉན་དགོས་སྙམ། གསར་ཁང་ཞིག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་སྡེ་ཞིག བོད་གནས་ཉམས་ཞིབ་ཁང་ལྟ་བུ་ཞིག་གིས་བོད་ནང་གི་ས་གནས་རེ་རེ་བཞིན་དུས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱེད་དགོས་ན་མི་རྒྱུའི་འགྲོ་གྲོན་དང་དུས་ཚོད། ས་གནས་རེ་རེ་བཞིན་འབྲེལ་ལམ་མེད་པའི་དཀའ་ཁག་འཕྲད་ཀྱིན་ཡོད་ལ། བྱེས་གྱར་བོད་མི་མི་རེ་ངོ་རེས་རང་ཉིད་ཀྱི་ཞང་དང་རྫོང་།   ཁུལ་རིམ་པ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་ཐུབ་པ་བྱུང་ཚེ་བོད་ནང་གི་གནས་ཚུལ་རྣམས་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཆད་ལྷག་མེད་པར་ང་ཚོས་ཤེས་རྟོགས་ཐུབ་རྒྱུ་ནི་ཁག་པོ་ཞིག་མ་རེད།

འདི་ལྟ་བུའི་བསམ་གཞིགས་ཤིག་དང་ལྷན་དུ་ངས་ཀིརྟི་བྱེས་པ་གྲྭ་ཚང་གི་རྒྱལ་སྒོ་ནས་ཅུང་ཙམ་བསྒུགས་རྗེས་གྲྭ་ཚེ་རིང་ལགས་ཀྱིས་ཤོག་ངོས་གཉིས་ཅན་གྱི་བོད་གནས་ཉམས་ཞིབ་ཀྱི་ཡིག་ཆ་ཞིག་ཁྱེར་ཡོང་ནས་ང་ལ་སྤྲད་སོང་། ཡིག་ཆ་དེའི་ནང་གསལ་བ་ལྟར་ན། རྔ་པ་རྫོང་རྔ་སྨད་བློ་རྟ་ཞང་གི་རང་ལོ་ ༢༧ ཡིན་པའི་གོང་མ་ཚང་གི་ཚེ་ཁོ་འབོད་པར་རྒྱ་གཞུང་གིས་ལོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། རང་ལོ་ ༢༥ ཡིན་པའི་གྲོང་སྟོད་ཚང་གི་གཏེར་མཛོད་ལོ་ ༡༨ བཙོན་འཇུག རང་ལོ་ ༢༣ ཡིན་པའི་ཁེར་ཁང་ཚང་གི་སྐལ་བྷར་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ཚོར་རྡུང་གཅོག་འཕྲོག་སྲེག་གི་ཉེས་མིང་བཙུགས་ཏེ་རྔ་པ་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་པ་ཡིན་ཚུལ་ས་གནས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག རྒྱ་ནག་གི་བཅའ་ཁྲིམས་ནང་ཉེས་དོན་ཅི་ཞིག་ཡིན་ཡང་ཁྲིམས་བཤེར་བྱེད་པའི་བརྒྱུད་རིམ་ནང་རང་ཕྱོགས་ནས་ཁྲིམས་རྩོད་པ་གླས་ཏེ་དག་འབུལ་བྱེད་རྒྱུའི་དབང་ཚད་སྤྱི་འབངས་སུ་ལའང་ཡོད་སྐོར་འཁོད་ཡོད་མོད། དེང་སྐབས་བོད་ས་སྟོད་སྨད་བར་གསུམ་དུ་བོད་མི་མང་བོར་ཁྲིམས་ཐག་གཅོད་ཀྱིན་ཡོད་ནའང་། བཅའ་ཁྲིམས་འདི་ལག་ལེན་ཟུར་ཙམ་ཡང་བསྟར་གྱི་མེད་པ་ས་རིས་ཐང་གསལ་ཡིན་པ་ལྟར། གོང་གསལ་བོད་མི་གསུམ་ལ་ཡང་ཐོབ་ཐང་འདི་ཟུར་ཙམ་ཡང་སྤྲད་མེད་པ་དང་། གནད་དོན་གཞན་ཞིག་ནི། ཁོང་ཚོ་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་པར་རྡུང་གཅོག་འཕྲོག་སྲེག་གི་ཉེས་དོན་ཁོ་ན་ཡིན་ཚུལ་བཤད་པ་ནི་རྒྱལ་སྤྱིའི་གནོན་ཤུགས་ལ་གཡོལ་ཆེད་ཙམ་ལས། དོན་དངོས་ཐོག་ཁོང་ཚོས་བོད་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་། མི་རང་རང་གི་མངོན་འདོད་བཅས་ཀྱི་འབོད་ཚིག་བསྒྲགས་ནས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པའི་དོན་དག་ཉག་ཅིག་གིས་འདི་ལྟར་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་རེད་ཅེས་དང་། ཡིག་ཆ་དེའི་ནང་མུ་མཐུད་བཀོད་དོན། བློ་རྟ་ཞང་གི་མི་ ༡༨ ཙམ་བཀག་ཉར་བྱས་ཏེ་ད་བར་ཟླ་ཕྱེད་ཙམ་སོང་འདུག་ཀྱང་ཁོང་ཚོའི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མེད། རྔ་སྨད་ཨ་ཁམས་ཞང་གི་མི་ ༥ དེ་སྔོན་ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་བཟུང་འདུག་ཀྱང་ད་བར་གནས་ཚུལ་གང་ཡང་བྱུང་མེད་པར་ལྷག་འདུག དེང་སྐབས་རྔ་པ་རྫོང་ཁོངས་ཀྱི་དགོན་པ་ཁག་གི་འདུ་འཛོམས་བྱེད་སར་གློག་བརྙན་ལེན་བྱེད་ཀྱི་ཡོ་ཆས་མང་བོ་གསར་དུ་བཙུགས་ཡོད་འདུག་ལ། གྲྭ་པ་ཚོས་དེ་ཅི་ཡིན་སྐོར་དྲིས་པར་ཁ་པར་གྱི་གློག་ལམ་ཡིན་ཚུལ་ལན་འདེབས་བྱས་ཡོད་མོད། རྗེས་སུ་གློག་བརྙན་ལེན་པར་བེད་སྤྱོད་བྱས་འདུག་ལ། ཆོས་རྒྱུད་བོན་པོ་ཡིན་པའི་རྔ་པ་རྟོགས་ལྡན་དགོན་པའི་གྲྭ་པ་རྣམས་དེ་སྔོན་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་མགོ་སྒུར་མ་ཐུབ་པར་དགོན་པ་ནས་བྲོས་བྱོལ་གྱིས་སོང་ཡོད་པ་ད་ལྟའང་ཚུར་དགོན་པར་ཡོང་མེད་པར་དགོན་པ་མུ་མཐུད་ལྷག་ཡོད་འདུག་ཅེས་གསལ་འདུག་ལ། མཇུག་ཏུ་ཀིརྟི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས། ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༡༨ ལ། ཞེས་བྲིས་འདུག ཡང་ཤོག་བུ་གཞན་ཞིག་ཏུ་ཟླ་ ༧ ཚེས་ ༣ ཉིན་རྔ་པ་རྫོང་རྨེའུ་རུ་མ་ནས་ཡིན་ཞིང་རང་ལོ་ ༡༦ ཡིན་པའི་ཀིརྟི་གདོང་རི་དགོན་གྱི་གྲྭ་བློ་བཟང་ཚུལ་ཁྲིམས་འབོད་པས་རང་སྲོག་བཅད་ཡོད་འདུག ཁོང་གིས་རང་སྲོག་མ་བཅད་པའི་སྔོན་དེར་ཡང་དགོན་པའི་ནང་རྒྱ་གཞུང་གི་མགོ་ཁྲིད་ཚོ་ཐོན་ཏེ་ཚོགས་འདུ་འཚོགས་ཟེར་གྱིན་འདུག ད་ཡང་སྡོད་བཅུག་མ་སོང་ཞེས་བརྗོད་འདུག ཁོང་ཉལ་ཁང་ནས་ཐོན་ཏེ་སྐར་མ་ ༡༥ ཙམ་སོང་མཚམས་ཁོང་གི་སྤུན་ཆེ་བ་ཕྱི་ནས་ཐོན་དུས་ཁོང་ར་ནང་གི་འབུད་ཤིང་ཁང་དུ་སྐེར་ཐག་པ་བསྐོན་ནས་དཔྱངས་ཡོད་པ་དང་སྐབས་དེར་དབུགས་ཆད་ཡོད་འདུག་ཅེས་དོན་ཚན་ཞིག་ཏུ་འཁོད་འདུག

ངའི་སེམས་པར་རང་དབང་མེད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སུ་རང་ལོ་བཅོ་བརྒྱད་མ་ལོན་པའི་བྱིེས་པ་ཞིག་ལའང་བཟོད་དུ་མེད་པའི་བསུན་བཙུར་དང་། ཐེག་པར་དཀའ་བའི་སྡུག་བསྔལ་སྤྲད་དེ་ཨུ་ཐུག་ཐབས་སད་ངང་མཐར་རང་སྲོག་གཅོད་དགོས་ཐུག་པའི་ཡིད་སྐྱོ་བའི་བཅོས་སྒྲུང་ཐུང་ཐུང་ཞིག་རྟོགས་བཟོ་བྱས་པ་ཡིན།

ཡང་ཟླ་ ༧ ཚེས་ ༦ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༡ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་དགུང་ལོ་ ༧༠ ཙམ་ཡིན་པའི་དགེ་བཤེས་འཇམ་དཔལ་རྒྱ་མཚོ་སྐུ་གཤེགས་འདུག་ལ། ཁོང་ནམ་རྒྱུན་སྐུ་གཟུགས་བདེ་ཐང་ཡིན་ནའང་། ཟླ་ ༦ པའི་ནང་དགོན་པའི་གྲྭ་པ་རྣམས་ཕྱི་ལ་ཐོན་པ་ནས་བཟུར་རླུང་ནད་བྱུང་ཡོད་པ་དང་། སྨན་པས་བརྟག་དཔྱད་བྱས་པར་ན་ཚ་ཁྲག་རླུང་ཡིན་པའི་ངོས་འཛིན་བྱས་འདུག སྐབས་དེར་རྒྱ་གཞུང་གིས་ཟླ་ ༧ ཚེས་ ༥ ཚུན་ལ་གྲྭ་པ་རྣམས་ཕྱིར་དགོན་པར་མ་འབྱོར་ཚེ་ས་གནས་སོ་སོར་དམག་མི་བཏང་སྟེ། འཛིན་བཟུང་བྱ་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་བ་ཁོང་གིས་ཐོིས་འཕྲལ་ནད་གཞི་ཚབས་ཆེ་རུ་སོང་ནས་སྐུ་གཤེགས་ཡོད་འདུག

ཁོང་གི་ས་ནས་ཤོག་ངོས་དེ་གཉིས་ཁྱེར་ཏེ་ཕྱིར་ཡོང་བའི་ལམ་ལ་ཆས་ནའང་། ཆར་བ་སྔར་བཞིན་ཤག་ཤག་གིས་འབབ་ཀྱིན་འདུག་ལ། ངྷ་སའི་ཁོར་ཡུག་ཡོངས་སྨུག་སྤྲིན་བན་བུན་ཞིག་གིས་བཏུམས་ཏེ། རྒྱང་ཐག་རིང་བོ་མཐོང་དཀའ་བར་གྱུར་བས། ངས་བོད་གནས་གསར་འགྱུར་འཚོལ་རྒྱུར་རྒྱ་ནག་གིས་འགྲུལ་ལམ་བཅད་པ་དང་། ཁ་པར་དང་དྲ་རྒྱ། གློག་འཕྲིན་བཅས་ལ་བཀག་སྡོམ་ནན་མོ་བྱས་ཏེ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་བོད་ནང་གི་གནས་ཚུལ་ཕྱི་ཕྱོགས་སུ་གཏོང་ཐབས་བྲལ་བའི་ད་ལྟའི་བོད་ནང་གི་གནས་སྟངས་རིགས་ཤིག་དེ་རིང་གི་གནམ་གཤིས་འདིས་འགྲེལ་གྱིན་འདུག་ཨང་བསམ་པའི་འཆར་ཡན་ཞིག་གི་ཀློང་དུ་ཚུད།
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese