མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༦/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གྱི་རྟིང་རྩོད་འགྲན་སྡུར་ཁྲོད་མོན་གྷོ་འདོད་རྒུ་གླིང་རུ་ཁག་གིས་སྤོ་ལོ་ ༡ བླུགས་ནས་རུ་ཁག་དེར་རྒྱལ་ཁ་ཐོབ་སོང་།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦

ཟླ་འདིའི་ཕྱི་ཚེས་ ༥ ནས་ ༡༦ བར་ཉིན་གྲངས་ ༡༢ རིང་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་དུ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྩེད་འགྲན་ཐེངས་ ༣༡ པ་གོ་སྒྲིག་གནང་སྟེ། དེ་རིང་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་ལྷ་ས་རྐང་སྤོལ་རུ་ཁག་གཉིས་བར་མཐའ་མའི་རྟིང་རྩོད་འགྲན་སྡུར་བྱས་པའི་ཁྲོད། མོན་གྷོ་འདོད་རྒུ་གླིང་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས་འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པ་དང་། ཧིན་སྒོར་འབུམ་གཉིས་བཀྱགས་སོང་།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བྱང་ཆུབ་རྒྱལ་མཚན་ལགས་ཀྱིས། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་དེ་བོད་པའི་གཞིས་ཆགས་ཁག་ཏུ་རེས་མོས་བཞིན་འཚོག་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། དེ་ཡང་རྒྱ་གར་ལྷོ་ཕྱོགས་ནས་བྱང་ཕྱོགས་དང་། དེ་ནས་དྷ་རམ་ས་ལའི་ས་གནས་བཅས་སུ་རེས་མོས་བྱས་ཏེ་འཚོག་གི་ཡོད་པ་ལྟར། ལོ་རྗེས་མའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་དེ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་འཚོག་རྒྱུ་ཡིན། འདི་ལོའི་རྐང་སྤོལ་རྩེད་འགྲན་ནང་ནམ་རྒྱུན་ལས་མཉམ་ཞུགས་བྱེད་མཁན་རུ་ཁག་ཉུང་བ་ཆགས་ཡོད། འགྲོ་ལམ་བདེ་བོ་མེད་པའི་ས་གནས་སུ་འགྲན་ཞུགས་མ་བྱས་པ་དང་། ས་གནས་ཡག་པོར་རུ་ཁག་མང་པོ་འཚང་ཁ་རྒྱག་པ་དེ་བློ་ཕམ་པོ་རེད་བསམ་གྱི་འདུག རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གྱི་རྐང་སྤོལ་རྩེད་འགྲན་ས་གནས་གང་དུ་འཚོགས་ཀྱང་། རུ་ཁག་ཚང་མས་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་རེད། ང་ཚོའི་དམིགས་ཡུལ་ནི་གཞིས་ཆགས་ནང་ཁུལ་དང་རྩེད་འགྲན་རུ་ཁག་ཕན་ཚུན་མཐུན་སྒྲིལ་ཡོང་ཆེད་གོ་སྒྲིག་བྱེད་བཞིན་ཡོད། ཅེས་བརྗོད་སོང་།

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གོ་རིམ་ཁྲོད། མོན་གྷོ་རུ་ཁག་གི་རྩེད་འགྲན་པ་ཀརྨ་ཤེས་རབ་ལ་རྩེད་འགྲན་པ་ལེགས་ཤོས་ཀྱི་གཟེངས་རྟགས་ཐོབ། ཤ་བ་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཡོན་ཏན་ལ་སྤོ་ལོ་མང་ཤོས་བླུག་མཁན་གྱི་བྱ་དགའ་ཐོབ། ལྷ་ས་རྐང་སྤོལ་རུ་ཁག་གི་སྒོ་ར་བ་བསྟན་འཛིན་ངག་དབང་ལ་སྒོ་ར་བ་ཡག་ཤོས་ཀྱི་བྱ་དགའ་ཐོབ་སོང་།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་སྡུར་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་པ་ཇོ་བོ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་སྟེ། རྩེད་འགྲན་འདི་ལོ་ལྟར་ཚོགས་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་སྡུར་འཚོགས་ཐུབ་མེད་པ་རེད།

རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་བུམ་པའི་རྩེད་འགྲན་དེ་ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་། ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་དོན་གྲུབ་གླིང་ (Clementown)། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་དང་། ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས། ༢༠༢༣ ལོར་དྷ་རམ་ས་ལ། ༢༠༢༤ ལོར་ཧོན་སུར་རབ་རྒྱས་གླིང་། འདས་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྩེད་འགྲན་དེ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་འཚོགས་ཡོད་པ་རེད།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲ་རྒྱར་གཞིགས་ན། ད་བར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༠  རྩེད་འགྲན་བྱས་པའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། ཕྱི་ལོ་ ༢༠༡༦ ལོར་ཊི་ཌི་ཨེལ་སྦེལ་ཀོབ་རུ་ཁག ༢༠༡༧ ལོར་བཀྲིས་གླིང་ཧི་མ་ལ་ཡ་རུ་ཁག ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག ཕྱི་ལོ་ ༢༠༢༡ ལོར་སིམ་ལ་རུ་ཁག ཕྱི་ལོ་ ༢༠༢༢ ལོར་དོན་གྲུབ་གླིང་རུ་ཁག ཕྱི་ལོ་ ༢༠༢༣ ལོར་དྷ་ས་གཅིག་སྒྲིལ་རུ་ཁག ཕྱི་ལོ་ ༢༠༢༤ དང་ ༢༠༢༥ མོན་གྷོ་འདོད་རྒུ་གླིང་རུ་ཁག་བཅས་ལ་རྒྱལ་ཁ་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༩ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese