མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འཐབ་རྩོད་ནི་ཐོབ་ཐང་མིན་པར་ལས་འགན་ཡིན།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དང་བོད་ནང་གི་རྒྱ་ཆེའི་མི་མང་གིས་རང་སྲོག་བློས་གཏོང་ངང་འཐབ་རྩོད་བྱེད་བཞིན་པ་དེ་ཐོབཐང་གཉེར་བའི་འཐབ་རྩོད་ཅིག་ཡིན་པར་སྙམ་གྱིན་ཡོད་ཀྱང་དེ་ནི་ཐོབ་ཐང་གི་ཆེད་དུ་མ་ཡིན་པར་ལས་འགན་ཞིག་གི་ཆེད་དུ་ཡིན།
 
ཚེས་ ༡༣ ཉིན་བོད་ཀྱི་སློབ་མ་ ༨༠ མ་ཟིན་ཙམ་ལ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གངས་སྐྱིད་སྤྱི་ཐབ་དུ་ན་གཞོན་རྣམས་མ་འོངས་པའི་མགོ་ཁྲིད་ཡིན་པའི་དངོས་ཡོད་གནས་ཚུལ་དང༌། བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས།  ལེགས་བྱང་སོགས་གང་འདྲ་ཞིག་ཏུ་འགྱུར་མིན་དེ་སློབ་སྦྱོང་གནང་བཞིན་པའི་གཞོན་སྐྱེས་ཚོར་རག་ལས་ཡོད་པའི་གནད་དོན་གསུངས་ཞོར་མཐོ་རིམ་སློབ་མ་རྣམས་ལ་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་དང་རྒྱ་བོད་འབྲེལ་མོལ་གྱི་གནས་སྟངས། དེའི་བྱུང་རིམ་སོགས་ཀྱི་སྐོར་ལ་ཡང་བླང་དོར་བཀའ་སློབ་གནང་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཟབ་རྒྱས་ཀྱི་ཆོས་ཚུལ་ལ་གཞི་བཅོལ་བའི་ལེགས་བྱང་གི་སྲོལ་རྒྱུན་དྲི་མ་མེད་པ་དེ་ད་ལྟའི་གནས་སྐབས་ལ་ཆ་ཚང་བ་ཞིག་བོད་ལ་མ་གཏོགས་མེད་པའི་རྒྱུ་མཚན་གྱིས་དུས་རབས་ ༢༡ ནང་གི་འགྲོ་བ་མིའི་ཕན་བདེ་སྒྲུབ་པ་ལ་ང་ཚོའི་མི་རིགས་འདི་ལ་འགན་ཆེན་པོ་ཞིག་ཡོད། ང་ཚོའི་འཐབ་རྩོད་འདི་འགྲོ་བ་མི་སྤྱི་ཡོངས་ཀྱི་ཁེ་ཕན་དང་འབྲེལ་བའི་འཐབ་རྩོད་ཅིག་ཡིན་པ་མ་གཏོགས་བོད་མི་རྐྱང་བའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་མདུན་ལམ་བཙལ་བ་ཞིན་མིན་པ་དེ་ང་ཚོ་བོད་མི་རང་གིས་ཀྱང་ངོ་གསལ་པོ་ཤེས་དགོས་པ་ཡིན།  སྤྱིར་བཏང་མཐོ་སློབ་ཀྱི་སློབ་མ་ཚོ་མི་རིགས་འདྲ་མིན་དང་མཉམ་དུ་སློབ་གཉེར་བྱེད་ཀྱིན་ཡོད་ལ་སློབ་གསོའི་ཁ་ཕྱོགས་དེ་ནུབ་ཕྱོགས་པའི་ཤེས་ཡོན་ལམ་སྲོལ་ཅིག་ཡིན་སྟབས་ཁྱེད་ཚོའི་བསམ་བློའི་འཁྱེར་ཕྱོགས་ལའང་ནུབ་ཕྱོགས་པའི་ཤན་ཞུགས་ཡོད་པ་རེད་བསམ་གྱིན་ཡོད། ནུབ་ཕྱོགས་པས་ཐོབ་ཐང་ཟེར་བ་དེ་ལས་འགན་ལས་རྩ་ཆེ་བ་དང་སྔོན་ལ་བཤད་ཀྱིན་ཡོད། ལས་འགན་ཟེར་བའི་ཚིག་འདི་མཐོང་དཀོན་པོ་ཡིན་ལ་གལ་ཏེ་ཡོད་ཀྱང་ཐོབ་ཐང་གི་རྗེས་ནས་ཡོང་སྲིད།  དེ་བཞིན་འཛམ་གླིང་རྒྱལ་ཚོགས་ཀྱིས་ཀྱང་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་ལས་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ལས་འགན་ཞེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་མེད་པ་འདིས་ནུབ་ཕྱོགས་པའི་འཇིག་རྟེན་ལྟ་ཚུལ་དེ་རང་དོན་གཙོ་བོ་དང་གཞན་ལས་རང་གཙོ་བོ་ཡིན་པ།  ལས་འགན་ལས་ཐོབ་ཐང་གལ་ཆེན་པོ་ཡིན་པ་གསལ་པོ་བསྟན་ཡོད་པ་རེད།  དེའི་རྐྱེན་གྱིས་ཁྱེད་ཚོའི་བསམ་བློའི་ནང་ལ་ཡང་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དང་བོད་ནང་གི་རྒྱ་ཆེའི་མི་མང་གིས་རང་སྲོག་བློས་གཏོང་ངང་འཐབ་རྩོད་བྱེད་བཞིན་པ་དེ་ཐོབ་ཐང་གཉེར་བའི་འཐབ་རྩོད་ཅིག་ཡིན་པར་སྙམ་གྱིན་ཡོད་ཀྱང་དེ་ནི་ཐོབ་ཐང་གི་ཆེད་དུ་མ་ཡིན་པར་ལས་འགན་ཞིག་གི་ཆེད་དུ་ཡིན།  རྒྱ་ནག་གིས་བོད་ལ་ཆབ་སྲིད་ཀྱི་དབང་བསྒྱུར་བྱེད་སྟངས་འདིའི་འོག་ནས་བོད་མི་རིགས་ཀྱིས་གལ་གནད་ཆེ་བའི་ལས་འགན་མང་པོ་ཞིག་སྒྲུབ་པའི་གོ་སྐབས་འགག་ཡོད་པ་རེད་ལ།  དེའི་རྐྱེན་གྱིས་རྒྱ་ནག་གིས་ང་ཚོའི་སྒང་ལ་བེད་སྤྱོད་བྱེད་བཞིན་པའི་རིང་ལུགས་དེ་འགྲིག་གིན་མེད་པར་བརྗོད་ཀྱི་ཡོད་པ་ལས་གུང་ཁྲན་རིང་ལུགས་ལ་ངོ་རྒོལ་བྱེད་པ་མིན། གལ་ཏེ་གུང་ཁྲན་རིང་ལུགས་ཀྱིས་མི་དམངས་ཀྱི་མངོན་འདོད་སྒྲུབ་ཐུབ་ཀྱི་ཡོད་ན་ང་ཚོས་རིང་ལུགས་དེ་ལ་ངོ་རྒོལ་བྱེད་དགོས་པ་ཆགས་མེད་པ་རེད། དེའི་རྐྱེན་གྱིས་བོད་མི་རིགས་ལ་འཇིག་རྟེན་ཀུན་ལ་འཁྲི་བའི་ལས་འགན་ཆེན་པོ་ཞིག་ཡོད་པ་དེ་མ་འགྲུབ་པ་ཞིག་ཆགས་ཡོད་ཅེས་གསུངས་བྱུང༌།

ཡང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་ཐད་གསུངས་དོན། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་གྲོས་མོལ་བྱེད་སྐབས་དགྲ་གྲོགས་ཀྱི་ལྟ་སྟངས་གཅིག་པར་ཆགས་ཡོད་ཀྱང་རྒྱ་བོད་གཉིས་ལ་མཚོན་ན་རྒྱ་ཕྱོགས་ནས་ང་ཚོ་དགྲ་དང་ང་ཚོས་རྒྱ་ནག་མ་འོངས་པའི་གྲོགས་ལ་ལྟ་བཞིན་ཡོད་པས་རྒྱ་བོད་གཉིས་ལ་ཐུན་མོང་གི་སྡིངས་ཆ་ཞིག་ཡོད་རྒྱུ་ཁག་པོ་རེད། སྡིངས་ཆ་ཁག་པོ་འདིའི་སྒང་ནས་གྲོས་མོལ་བྱེད་སྐབས་གོ་བརྡ་སྤྲོད་རྒྱུ་དེ་དཀའ་ལས་ཡོད་པ་རང་བཞིན་གྱི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཡིན་ན་ཡང་ང་ཚོས་ད་ལྟ་བར་དུ་རྒྱ་ནག་དང་འབྲེལ་མོལ་བྱེད་པའི་རྒྱུད་རིམ་ཁྲོད་རྒྱ་ཕྱོགས་ཀྱི་དོགས་པ་སེལ་ཡོད་པ་དང་ང་ཚོའི་མངོན་འདོད་གསལ་བོ་བསྟན་ཐུབ་ཡོད་པ་རེད།  ང་ཚོར་དོན་དམ་གྱི་གྲུབ་འབྲས་ཐོབ་མེད་ཀྱང་སྤྱིར་བཏང་གི་ཆ་ནས་གནས་ཚུལ་མང་པོ་ཞིག་གསལ་བོར་ཕྱིན་ཡོད་པ་རེད།  དེའི་སྒང་ནས་ཕྱོགས་གཉིས་ལ་འགལ་ཟླ་ཆེན་པོ་གཉིས་ཡོད་པ་གསལ་བོར་གྱུར་ཡོད་པ་ལས་དང་པོ་དེ།  བོད་ཀྱི་འདས་པའི་བྱུང་རབས་ཀྱི་ལྟ་སྟངས་དེ་མཐུན་གྱི་མེད་པ་དང༌། གཉིས་པ་ནི་མ་འོངས་པར་བོད་མི་རིགས་ཡོངས་རྫོགས་གཅིག་སྒྲིལ་བྱེད་རྒྱུ་དེར་མཐུན་གྱི་མེད་པ་རེད། གལ་ཏེ་ང་ཚོས་བོད་ཀྱི་བྱུང་རབས་ལོ་རྒྱུས་དེ་རྒྱ་ནག་གི་ཁོངས་ཡིན་པ་ཁས་ལེན་མ་བྱས་ན་ ༡༩༥༡ ལོ་དེར་བཙན་འཛུལ་བྱས་པ་དང་མ་འོངས་པར་བཙན་བཟུང་བྱེད་པ་སོགས་ཀྱི་ཐད་ནས་ཁོ་ཚོ་ཁྲིམས་མཐུན་ཆགས་ཀྱི་མེད་པ་འགྲེལ་བརྗོད་གནང་བཞིན་ཡོད་པ་དང༌།  ཆོལ་གསུམ་བོད་ཡོངས་རྫོགས་གཅིག་གྱུར་བྱས་ཏེ་རྒྱ་ནག་གི་མངའ་ཁོངས་ནས་འདུག་རྒྱུ་བཤད་ཀྱང་རྒྱ་ནག་གིས་ཁས་མི་ལེན་པ་སོགས་རེད།   ད་ཐེངས་བོད་དུ་བྱུང་བའི་ཛ་དྲག་གནས་ཚུལ་ལ་གཞིགས་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་མགོ་ཁྲིད་ཚོ་དང་༧གོང་ས་མཆོག་གཙོས་རང་གཞུང་གི་སྐུ་ཚབ་གཉིས་མཇལ་ཏེ་ནང་མོལ་ཞིག་བྱུང་ཡོད་པ་དང་འབྲེལ་མོལ་ངོ་མ་དེ་ཟླ་ ༦ པའི་ཚེས་ ༡༡ ཉིན་གཏན་འཁེལ་བྱས་ཡོད་ཀྱང་རྒྱ་ནག་ནང་གི་ས་ཡོམ་གྱི་གནས་ཚུལ་ལ་བསྟེན་ནས་དུས་ཚོད་ཕྱིར་འགྱངས་བྱས་ཡོད་ལ།  རྗེས་ནས་ཁོ་ཚོས་དུས་ཚོད་ཅིག་གཏན་འཁེལ་བྱས་པ་དེར་ང་ཚོར་སྟབས་མ་བདེ་བས་གནས་སྐབས་དེ་ལྟར་རང་བཞག་ཡོད།  ཡིན་ན་ཡང་མི་རིང་བར་འབྲེལ་མོལ་མགོ་འཛུགས་རྒྱུ་དང་དེ་ལ་རེ་བ་བཅིངས་ཡོད། 

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

སྐར་མ ༢༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 1

  1. གནས་ཚང་། says:
    ལོ་ 18 སྔོན།

    འོ་ན། གུང་ཁྲན་འགྲིག་ཤག མི་འབོར་དུང་ཕྱུར་བཅུ་བཞིའི་ལྟོ་རྒྱབ་ཀྱི་ཆེད་དུ་བོད་དྲག་གནོན་བྱས་པ་རེད་ལ། དེ་ནི་འོས་འགན་རང་རེད། འདི་འདྲའི་མཁས་དབང་བཀའ་ཁྲི་ཞིག་བོད་ལ་མ་གཏོགས་བྱོན་སྲིད་ཀྱི་མ་རེད་དེ། གུང་ཁྲན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་འགྱུར་བར་གནང་དོགས་མི་འདུག བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese