མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཐེངས་གཉིས་པའི་མི་མང་མདུན་སྐྱོད་ཆེན་མོ།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་བཙན་མ་ཐོབ་བར་རྒྱ་ནག་ལ་ཨོ་ལིམ་པིག་རྩེད་འགྲན་ཆེན་མོའི་མགྲོན་བདག་བྱ་རྒྱུའི་འོས་བབ་མེད། ཅེས་འཛམ་གླིང་གང་སར་ཡོད་པའི་ས་གནས་གཞོན་ནུ་ཚོགས་པས་མི་དམངས་མདུན་སྐྱོད་ཆེན་མོའི་ལས་འགུལ་ཐེངས་གཉིས་པ་སྤེལ་རྒྱུ་ཡིན་ཟེར།

ཁ་སང་གཟའ་ཟླ་བའི་སྔ་དྲོ་དྷ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། སྐབས་དེར་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་བརྗོད་པར། སྔ་ལོར་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་བོད་མི་བཅུ་བཞིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ཉིད་བློས་གཏོང་གིས་ཟས་བཅད་ངོ་རྒོལ་ཉིན་ ༣༣ རིང་བྱས་པར་འཛམ་གླིང་ཡོངས་སུ་བོད་མི་ཉིས་ཁྲི་ལྔ་སྟོང་ལས་བརྒལ་བ་ཞིག་གིས་ཁོང་རྣམས་ཀྱི་དགོས་འདུན་ཁག་ལ་གདུང་སེམས་མཉམ་སྐྱེད་དང་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་གནང་ཆེད། ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་འདུ་འཛོམས་གནང་ཡོད། དེའི་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་དུ་ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༩ བའི་ཚོགས་ཆེན་དང༌། ད་ལོ་མ་ན་ལིར་འགན་འཛིན་ལྷན་ཚོགས་ཐེངས་༣༤ པ་བཅས་སུ་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་སྐབས། བོད་མིའི་མདུན་སྐྱོད་ཆེན་མོ་གཉིས་པ་དེ་སྤེལ་རྒྱུ་གྲོས་ཆོད་བཞག་ཡོད།

རྒྱ་ནག་གིས་གཡོ་སྒྱུ་ཁྲམ་གསུམ་གྱིས་བོད་ནང་སིམ་འཛུལ་བྱས་ཏེ་བོད་ས་བཙན་འཕྲོག་བྱས་པ་དང༌། ༢༠༠༨ལོར་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཕྱིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་མིའི་མདུན་སྐྱོད་ཆེན་མོའི་ལས་འགུལ་གྱི་ཆ་ཤས་སུ། རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་ཕྱི་ལོ་ ༢༠༠༨ ཟླ་༧ཚེས་ ༢༨ཉིན་ནས་མགོ་འཛུགས་ཀྱིས་བཟའ་བཏུང་གཉིས་ཀ་མཐའ་གཅིག་ཏུ་བཀག་པའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱ་རྒྱུ་དང་ཆབས་ཅིག  གཤམ་གསལ་དགོས་འདུན་ཁག་དང་འབྲེལ་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་གྱི་དུས་ཡུན་རིང་ལས་འགུལ་སྣ་མང་སྤེལ་རྒྱུ་ཡིན་ཞེས་བརྗོད་སོང་ལ། ལས་འགུལ་དེའི་ཐད་དགོས་འདུན་དོན་ཚན་ ༥ བཏོན་འདུག་པ་ནི།

དང་པོ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་གདུག་རྩུབ་མནར་གཅོད་བྱེད་བཞིན་པ་རྣམས་འཕྲལ་དུ་མཚམས་འཇོག་དང༌། བོད་མི་ཆབ་སྲིད་བཙོན་མ་རྣམས་སྔོན་འགྲོའི་ཆ་རྐྱེན་མེད་པར་འཕྲལ་དུ་གློད་གྲོལ། གཉིས་པ། ༧པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་པ་དང༌། སྐུ་ཁམས་གསལ་ཐང་ཡིན་པའི་ཁུངས་སྐྱེལ་འདོད་བློ་ཁེངས་པ་དགོས་རྒྱུ། གསུམ་པ། བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་སླད། རྒྱལ་སྤྱིའི་དངོས་ཐོག་བདེན་འཚོལ་སྐུ་ཚབ་ཚོགས་པ་དང༌། རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་སོགས་བོད་ནང་རང་དབང་ངང་འགྲོ་སྐྱོད་ཆོག་རྒྱུ། བཞི་བ། བོད་དུ་རྡུལ་ཕྲན་མཚོན་ཆའི་སྙིགས་རོ་དང་གཞན་ཡང་ཁོར་ཡུག་ལ་གནོད་གཞིའི་རྫས་དུག་ཕུང་གསོག་བྱེད་པ་དང༌། བོད་ཀྱི་རང་བྱུང་གཏེར་ཁ་བསྔོགས་འདོན་དང་སྐྱེལ་འདྲེན་བྱེད་བཞིན་པ་སོགས་འཕྲལ་དུ་ཕྱིར་འཐེན་མཚམས་འཇོག ལྔ་བ། བོད་དུ་བཙན་ཐབས་ཀྱིས་རྒྱ་མིའི་མི་འབོར་སྤོ་སྡོད་བྱས་དང་བྱེད་མུས་འཕྲལ་དུ་ཕྱིར་འཐེན་མཚམས་འཇོག་དགོས་རྒྱུ་བཅས་བཏོན་འདུག་ལ། དགོས་འདུན་དེ་དག་དང་མཉམ་དུ་འབོད་སྐུལ་ཁག་ཅིག་ཞུས་འདུག་པ་ནི། དང་པོ། འཛམ་གླིང་གི་དཔོན་རིགས་ཡོངས་པེ་ཅིན་ཨོ་ལིམ་པིག་དབུ་འབྱེད་མཛད་སྒོར་མ་ཕེབས་རོགས། གཉིས་པ། བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་རྩེད་འགྲན་པ་ཡོངས་ནས་པེ་ཅིན་གྱི་ཁྲག་དྲི་བྲོ་བའི་ཨོ་ལིམ་པིག་གི་རྟགས་མ་ཕྱིར་སློག་དང༌། རྩེད་འགྲན་སྡིངས་ཆར་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་གསལ་སྟོན་གནང་རོགས། གསུམ་པ། རྒྱལ་སྤྱིའི་ཨོ་ལིམ་པིག་ཚོགས་ཆུང་གི་ཚོགས་གཙོའམ་ཡང་ན། ཁོང་གི་སྐུ་ཚབ་རྣམས་དང་ལྷན་དུ་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་གླེང་མོལ་གསལ་སྟོན་བྱ་རྒྱུའི་གོ་སྐབས་སྤྲོད་དགོས། བཞི་བ། རྒྱལ་སྤྱིའི་སྲིད་གཞུང་དང༌། ཚོགས་སྡེ་ཁག  མང་ཚོགས་བཅས་ནས་རྒྱ་ནག་ཏུ་འཚོགས་རྒྱུའི་ ༢༠༠༨ ལོའི་པེ་ཅིན་ཨོ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ་གནང་རོགས་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist