མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སའི་དོགས་ཟོན།

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༥
Share on FacebookShare on TwitterShare on EmailShare on Whatsapp

པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་ཚུགས་རྒྱུར་བདུན་ཕྲག་གཉིས་ལས་མེད་པའི་སྐབས་འདིར། རྒྱ་ནག་གིས་པེ་ཅིན་ཙམ་མིན་པར་བོད་དང་ཞིན་ཅང་གི་ས་ཁུལ་བཅས་གང་སར་དམ་དྲག་བྱེད་ཀྱིན་ཡོད་ལ། བཞུགས་སྒར་ངྷ་སར་ཡང་བདེ་དོན་ལས་ཁུངས་ཀྱིས་མང་ཚོགས་ལ་བཀའ་ཁྱབ་བཏང་སྟེ། དགོང་མོ་ཆུ་ཚོད་ ༩ པའི་རྗེས་སུ་ཁྲོམ་ནས་མ་འཁྱམ་ཅེས་བཤད་ཡོད་པ་རེད།

གསང་བའི་ལས་ཁུངས་ནས། པེ་ཅིན་ཨོ་ལིམ་པིག་གི་སྔ་ཕྱི་འདིར་བོད་མི་གནས་སྡོད་བྱས་ཡོད་པའི་ས་གནས་གང་སར། བདེ་འཇགས་ཀྱི་ཐད་ལ་གཟབ་གཟབ་བྱེད་དགོས་པ་དང༌། ལྷག་པར་དུ་༧གོང་ས་མཆོག་གཞུགས་སའི་རྡ་རམ་ས་ལའི་བདེ་འཇགས་ལ་ཉེན་བརྡ་བཏང་ཡོད་འདུག

ཚེས་ ༢༡ ནས་བཟུང་བདེ་སྲུང་གིས་ཆུ་ཚོད་ ༢༤ རིང་རྡ་སའི་སྲང་བར་དུ་སྐོར་བསྐྱོད་བྱེད་རྒྱུ་མགོ་བརྩམས་ཡོད་ལ། ཟླ་༨ཚེས་༡ནས་བཟུང་བདེ་སྲུང་གིས་ཀྱང་རྡ་སར་མཚན་སྲུང་འཇོག་རྒྱུ་ཡིན་འདུག གནད་དོན་འདིའི་སྒང་ལ་བདེ་དོན་སྐུ་ངོ་ཚེ་རིང་ཕུན་ཚོགས་ལགས་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། དེ་ནི་གསང་བའི་ལས་ཁུངས་ནས་བདེ་སྲུང་བཀའ་བློན་ལགས་ལ། ཨོ་ལིམ་པིག་གི་སྔ་ཕྱི་འདིར་རྒྱ་ནག་གིས་འདི་སར་བཏང་ཡོད་པའི་ཉུལ་མ་དང༌། དོལ་རྒྱལ་ཤོག་ཁག་སོགས་ཀྱིས་༧གོང་ས་མཆོག་གི་མཛད་འཕྲིན་ལ་བར་ཆད་དང༌། བོད་དང་རྒྱ་གར་ཡུལ་མིའི་བར་དུ་རྙོག་དྲ་སློང་རྒྱུ་སོགས་ཀྱི་བྱེད་ལས་འདྲ་མིན་གྱི་གནས་ཚུལ་བྱུང་ངེས་པར་གཟབ་གཟབ་བྱེད་དགོས་པའི་བརྡ་འཕྲིན་འབྱོར་པ་གཞིར་བཟུང༌། ཚེས་ ༡༡ ཉིན་བདེ་སྲུང་བཀའ་བློན་གྱིས་གངས་རཱ་རྫོང་ཁོངས་དུ་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་གི་འགན་འཛིན་ ༤༢ མཉམ་འཛོམས་ཀྱིས། གོང་གི་གནད་དོན་དེའི་སྐོར་ལ་གང་གཟབ་དགོས་པའི་བཀའ་གནང་ཡོད་པ་རེད། དེ་བཞིན་དུ་རྡ་སའི་གླ་གཏོང་རླངས་འཁོར་གྱི་ཚོགས་པར་ཡང་དོན་དེ་ལ་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང༌། འདི་གའི་ཉེན་རྟོག་པ་ཚོར་ཡང་གནད་དོན་དེ་སྙན་སེང་ཞུས་ཡོད་པ་རེད། ང་ཚོའི་བདེ་དོན་ནས་ཀྱང་རྡ་སར་མཚན་སྲུང་གི་འགན་ཁུར་ཐུབ་པའི་མི་བཞི་ཆེད་དུ་འདེམས་སྒྲིག་བྱེད་བཞིན་ཡོད་ལ། ཚེས་༡ནས་མགོ་རྩོམ་རྒྱུ་ཡིན། ཞེས་་གསུངས་བྱུང༌། ཡང་ཁོང་གིས་མུ་མཐུད་དུ་གསུངས་དོན། སྤྱིར་བཏང་སྔོན་མ་ནས་རྡ་སའི་མགྲོན་ཁང་སོགས་སུ་བོད་མི་སུ་ཞིག་གནས་སྡོད་བྱེད་ཚེ་གང་ནས་ཡོང་བ་དང༌། གང་དུ་འགྲོ་མིན་གྱི་འགེངས་ཤོག་ཞིག་དང། རང་བཙན་ལག་དེབ་ངོ་བཤུས་སོགས་བདག་དམ་བྱེད་དགོས་པའི་སྒྲིག་ལམ་ལྟ་བུ་ཞིག་ཡོད་ཀྱང༌། བོད་མི་ཚོས་དེ་ལ་ཞེ་དྲག་དོ་སྣང་བྱེད་ཀྱིན་ཡོད་པ་མ་རེད། ད་རེས་ཡང་བསྐྱར་ང་ཚོས་འགེངས་ཤོག་དེ་ཚོགས་སྡེ་སོ་སོའི་འགན་འཛིན་ཚོའི་ལག་ཏུ་བཞག་ཡོད་ལ་དེ་ནང་བཞིན་ལག་ལེན་བསྟར་བའི་རེ་བ་ཡོད། ཞེས་གསུངས་བྱུང༌།

ཁ་ཉིན་ཚེས་ ༡༢ ཉིན་བཀའ་བློན་ཟམ་གདོང་རིན་པོ་ཆེ་མཆོག་གིས། རང་གཞུང་གི་ལས་བྱེད་ཡོངས་ཀྱི་ཚོགས་འདུའི་ཐོག་གསུང་བཤད་གནང་ཡོད་ལ། ཚོགས་འདུ་དེ་ཡང་ཧ་ཅང་གསང་བའིངང་ཚོགས་ཏེ་གསར་འགོད་པ་སོགས་ཕྱི་མི་སུ་ལ་ཡང་གནས་ཚུལ་དེ་ཤེས་རྟོགས་བྱུང་དུ་བཅུག་མེད། དེ་བཞིན་ཐོག་མར་བོད་མིའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གནད་དོན་འདིའི་སྐོར་གཞུང་མང་ཛ་དྲག་ཚོགས་ཆུང་གིས་རེ་ཞིག་གསང་བ་བྱས་ཡོད་པའི་གནས་ཚུལ་གྱི་སྐོར་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། བཀའ་འཁྲི་མཆོག་གིས་ལས་བྱེད་ཚོར་ཚོགས་འདུའི་ཐོག་ནས་གསུངས་བཤད་གནང་སྐབས། ་གནད་དོན་གཙོ་བོ་གཉིས་ཀྱི་ཐོག་ཡིན་ལ། གཅིག་ནི་ལས་བྱེད་ཚོའི་ཟླ་ཕོགས་ཀྱི་སྐོར་དང༌། དེ་ནས་ད་ཐེངས་ཀྱི་གནད་དོན་འདིའི་སྐོར་རེད། ཁོང་གིས་ལས་བྱེད་ཚོས་ནམ་རྒྱུན་མིག་གཉིས་བེད་སྤྱོད་གཏོང་གིན་ཡོད་ཀྱང༌། ཕྱིན་ཆད་མདུན་རྒྱབ་གཉིས་ནས་མིག་བཞི་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་ཞུས་སོང༌། དེ་བཞིན་ང་ཚོའི་གཞུང་མང་ཛ་དྲག་ཚོགས་ཆུང་གིས་ཀྱང༌། གནད་དོན་འདིའི་སྐོར་རེ་ཞིག་གསང་བའི་སྒོ་ནས་གནས་ཚུལ་མཁོ་སྤྲོད་བྱེད་ཐབས་ལྟ་བུ་ཞིག་བྱས་ཀྱང༌། གསང་བའི་སྒོ་ནས་ལས་འགུལ་ལམ་ཡང་ན་གནད་དོན་འདིར་ནུས་པ་ཆེན་པོ་འདོན་མི་ཐུབ་པར་དགོངས་ཏེ། སླར་ཡང་ཚེས་༢༣ཉིན་གཞུང་མང་ཛ་དྲག་ཚོགས་ཆུང་གི་ཚོགས་འདུ་ཞིག་སྐོངས་ཏེ་ཡོངས་ཁྱབ་གསལ་བསྒྲགས་ལྟ་བུ་བྱས་ཡོད་པ་རེད། ཅེས་གསུངས་བྱུང༌།

ངྷ་ས་བདེ་དོན་ལས་ཁུངས་ཀྱིས་མང་ཚོགས་ལ་བརྗོད་དོན། ད་སྐབས་ཨོ་ལིམ་པིག་ལ་སླེབས་ཉེར་ཡོད་སྐབས་འདིར་རྒྱ་ནག་གིས་བཞུགས་སྒར་ཁུལ་དུ་སོ་པ་དང་མྱུལ་མ་བཏང་ཡོད་ཚོད་འདུག་སྟབས། དགོང་མོ་འཕྱི་བོར་སྤྱི་ཚོགས་ནང་ཟིང་ཆ་སློང་གཞིའི་ལས་ཀ་རྩོམ་མི་སྲིད་པ་མིན་སྟབས། ལྷག་པར་དུ་ཕོ་གསར་ཚོ་དགོང་མོ་ཆུ་ཚོད་དགུ་བའི་རྗེས་ནས་ཁྲོམ་ལ་མ་འཁྱམ་ཅེས་གདམས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་ནང་དུ་པེ་ཅིན་གྱི་མགོ་ཁྲིད་ཚོས་ཨོ་ལིམ་པིག་རྩེད་འགྲན་གྱི་སྲོལ་རྒྱུན་རང་དབང་དང་གུ་ཡངས་ཀྱི་ཁོར་ཡུག་ཅིག་ནས་ཚུགས་དགོས་པའི་གླེང་སློང་བྱེད་ཀྱིན་ཡོད་ལ། ཕྱི་ཚེས་ ༢༣ ཉིན་པེ་ཅིན་གྱི་མགོ་ཁྲིད་ཚོས་པེ་ཅིན་གྱི་གླིང་ཀའི་ས་ཚིགས་གསུམ་ནས་མི་དམངས་ཀྱིས་ངོ་རྒོལ་བྱས་ཆོག་ཚུལ་བཤད་ཡོད། འདི་ནི་པེ་ཅིན་གྱིས་རྒྱལ་སྤྱིའི་སྟེང་ལ་ཨོ་ལིམ་པིག་འདི་རང་དབང་དང་གུ་ཡངས་ཀྱི་རྣམ་པའི་ཐོག་ཚུགས་ཀྱི་ཡོད་སྐོར་སྟོན་བྱེད་ཀྱི་འཁྲབ་སྟོན་ཞིག་ཡིན།

 

རྒྱལ་སྤྱིའི་བོད་དོན་ལྟ་ཞིབ་པ་ཁག་ཅིག་གིས་འདི་ནི་རྒྱ་ནག་གིས་མི་སྐོར་ཞིག་བསྡུས་ཏེ། ཏཱ་ལའི་བླ་མས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་ཚོར་ངོ་རྒོལ་དང་། དེ་མིན་ན་ནུབ་ཕྱོགས་ཀྱི་གསར་འགོད་པ་ཚོར་ངོ་རྒོལ་བྱེད་རྩེས་ཀྱི་ཇུས་ཡིན་པར་མཐོང་གི་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese