མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པེ་ཅིན་གྱི་གནམ་སྔོན་པོ་མཐོང་རྒྱུ་མི་འདུག

བོད་ཀྱི་དུས་བབ།
༢༠༠༨/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨོ་ལིམ་པིག་འཚོགས་རྒྱུར་བདུན་ཕྲག་གཅིག་ལྷག་ལས་མེད་པའི་སྐབས་འདིར། པེ་ཅིན་གྱི་གནམ་སྡེ་སྒོ་མོ་ཆེ་ནས་ཡར་བལྟས་ན་གནམ་སྔོན་པོ་མཐོང་རྒྱུ་མི་འདུག་ལ། འདིས་ལུས་རྩལ་འགྲན་ཚོགས་སྐབས་པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་ཀྱི་སྙིགས་རོ་དེ་མུ་མཐུད་གནས་རྒྱུ་ཡིན་པར་བསྟན་ཡོད་པ་རེད།

ཕྱི་ཟླ་ ༧ པའི་ཚེས་ ༢༠ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་པེ་ཅིན་གྱི་མཁའ་དབུགས་སྙིགས་རོ་གནས་སྐབས་རིང་གཙང་མར་ཉར་རྒྱུའི་འཆར་གཞི་བཏིངས་ཤིང་། རླངས་འཁོར་བཀག་འགོག་དང་པེ་ཅིན་ཉེ་འཁྲིས་ཀྱི་བཟོ་གྲྭ་ཁག་སྒོ་རྒྱག་ཏུ་བཅུག་ཡོད་པ་རེད། ཡིན་ནའང་བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ཉིན་ནས་གཟའ་ཟླ་བ་བར་དུ་པེ་ཅིན་གྱི་བར་སྣང་དེ་མུ་མཐུད་སྐྱ་ཐལ་དུ་གནས་ཤིང་། ཚ་སྨུག་འཐིབ་པ་སོགས་ལ་བལྟས་ན་པེ་ཅིན་གྱི་མཁའ་དབུགས་སྙིགས་རོ་ནི་རྒྱ་ནག་གཞུང་གི་སྟངས་འཛིན་ལས་བརྒལ་ཡོད་སྐོར་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་དུ་བཤད་ཡོད་པ་རེད།

པེ་ཅིན་གྱི་དབུ་ཁྲིད་ཚོས་ཨོ་ལིམ་པིག་རྩེད་འགྲན་གྱི་སྔ་གཞུག་ཏུ་པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་སྙིགས་རོ་གཙང་ཕྱག་བྱེད་པའི་ཆེད་དུ་རླངས་འཁོར་ཆུང་བ་ས་ཡ་གཉིས་ཀྱི་འགྲོ་རྒྱུགས་ལ་ཚད་འཛིན་བྱས་ཡོད་ལ། འདི་ནི་པེ་ཅིན་གྱི་རླངས་འཁོར་ཆུང་བའི་སྤྱིའི་གྲངས་འབོར་གྱི་ཕྱེད་ཀ་ཙམ་ལ་སྟངས་འཛིན་བྱས་པ་ཡིན་འདུག དེའི་ཁར་བཟོ་གྲྭ་ཁག་ཅིག་གི་ཐོན་སྐྱེད་སྐོར་ཞིག་སྒོ་བརྒྱབས་ཡོད་པ་རེད། འོན་ཀྱང་འདི་དག་གིས་པེ་ཅིན་གྱི་མཁའ་དབུགས་གཙང་མ་བཟོ་ཐུབ་ཀྱི་མེད་བརྟེན། གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་ཚགས་ཤོག་གི་སྟེང་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་གཞུང་གིས་པེ་ཅིན་མཁར་གྲོང་གི་རླངས་འཁོར་འདི་ལས་མང་བ་ཞིག་བཀག་འགོག་བྱེད་རྒྱུའི་ཉེན་བརྡ་བཏང་ཡོད་པ་ཅིང་། ཕལ་ཆེར་གྲོང་ཁྱེར་གྱི་རླངས་འཁོར་ཆུང་བ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ ༩༠ འགོག་རྒྱུ་ཡིན་ཚུལ་འདུག

པེ་ཅིན་གྱི་མགོ་ཁྲིད་ཚོས་ལས་འགུལ་འདི་དུས་ནམ་ཞིག་ལ་སྤེལ་རྒྱུའི་དུས་ཚོད་གཏན་འབེབས་བྱས་མེད་ནའང་། གྲོང་ཁྱེར་དེའི་ལག་རྩལ་བ་ཞིག་གིས་གོང་གསལ་ཚགས་པར་ཁང་ལ་བརྗོད་དོན། གཞུང་གིས་ལས་འགུལ་འདིའི་ཞིབ་ཆ་གང་སྔ་ཅི་མགྱོགས་སྒོས་མང་ཚོགས་ལ་བརྡ་ཁྱབ་གཏོང་གི་ཡིན་ཚུལ་བརྗོད་འདུག་ལ། ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་དེ་བདུན་ཕྲག་རྗེས་མའི་གཟའ་པ་སངས་ཏེ། ཚེས་ ༨ ཉིན་ཚུགས་རྒྱུ་ཡིན་པ་རེད།

སྙིགས་རོ་ནི་རྩེད་འགྲན་འདིའི་གནོན་ཤུགས་སུ་གྱུར་ཡོད་འདུག་ལ། པེ་ཅིན་གྲོང་ཁྱེར་གྱི་མཁའ་དབུགས་སྙིགས་རོ་ནི་འཛམ་གླིང་སྟེང་གི་སྙིགས་རོ་ཚབས་ཆེའི་གྲས་ཀྱི་རིམ་པ་མཐོ་ཤོས་གྲས་ཡིན་མོད། འོན་ཀྱང་རྒྱ་ནག་གིས་དབྱར་ཁའི་རྩེད་འགྲན་འདི་ནི་ལྗང་མདོག་གི་ཨོ་ལིམ་པིག་དང་མཁའ་དབུགས་དྭངས་མོ་ཞིག་གི་འོག་ནས་ཚུགས་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ཨ་རི་སོགས་ཨོ་ལིམ་པིག་རུ་ཁག་འགའ་ཤས་ཀྱིས་ལུས་རྩལ་བ་ཚོར་དབུགས་ཀྱི་དཀའ་རྙོག་མི་འཕྲད་ཆེད་དབུགས་རྔུབ་གདོང་ཁེབས་བསྣམས་ཡོད་འདུག

གཟའ་ཟླ་བ་བར་དུ་པེ་ཅིན་གྱི་མགོ་ཁྲིད་ཚོས་སྙིགས་རོའི་གནས་སྟངས་འདིར་བློ་ཐག་ཆོད་པོའི་སྒོ་ནས་གདོང་ལེན་བྱས་ཤིང་། གསར་འགོད་འདུ་འཛོམས་སོགས་ཀྱི་སྐབས་ཁོང་ཚོས་ལོ་འདིའི་ཕྱི་ཟླ་བདུན་པའི་མཁའ་དབུགས་སྙིགས་རོ་དེ་ལོ་སྔོན་པའི་ད་མཚམས་དང་བསྡུར་ན་བརྒྱ་ཆ་ ༢༠ མར་ཆག་ཡོད་ཚུལ་བརྗོད་ཡོད་པ་རེད། ཁོང་ཚོའི་ཉེ་བའི་བདུན་ཕྲག་འགའི་རིང་གི་མཁའ་དབུགས་སྙིགས་རོ་ནི་ཆར་ཤོད་དྲག་པོ་བབས་པ་དེའི་རྗེས་སུ་ཚ་སྨུག་གི་གནམ་གཤིས་འཐིབ་པའི་དབང་གིས་ཡིན་པར་ཁག་འགེལ་བྱེད་ཀྱིན་ཡོད་ལ། ད་ཆར་དུད་རླངས་ཀྱི་རིགས་ཅུང་ཙམ་དྭངས་ཡོད་ནའང་རླུང་གི་རྒྱུ་བ་ཤུགས་ཆུང་བའི་དབང་གིས་སྙིགས་རོ་མུ་མཐུད་ལྷག་ཡོད་འདུག

དེ་ལྟར་ཡང་། པེ་ཅིན་གྱི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་གཞོན་པས་གཟའ་ཉི་མའི་ཉིན་ཨོ་ལིམ་པིག་གསར་འགོད་ལྟེ་གནས་ནས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་བརྗོད་དོན། འགྲིམ་འགྲུལ་དང་བཟོ་གྲྭ་ལ་སྟངས་འཛིན་བྱས་པ་བརྒྱུད་ང་ཚོས་མཁའ་དབུགས་གཙང་མ་ཞིག་གི་འོག་ནས་རྩེད་འགྲན་འདི་ཚུགས་རྒྱུར་ཁག་ཐེག་བྱེད་ཀྱི་ཡོད། ང་ཚོས་འདིར་ནུས་པ་འཐོན་པའི་གདེང་ཚོད་ཡོད་ཅེས་བརྗོད་ཡོད་པ་རེད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist