མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདོང་ཁེབ་འོག་གི་པེ་ཅིན་ཨོ་རྩེད་འགྲན་ཚོགས།

བོད་ཀྱི་དུས་བབ།
༢༠༠༨/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་ལོ་ངོ་བཅུ་གྲངས་ལ་རེ་ལྟོས་བྱས་པའི་ཨོ་རྩེད་འགྲན་ཚོགས་ཕྱི་ཚེས་ ༢༤ ཉིན་གྱི་དགུང་མོའི་རྒྱ་ནག་གི་ཆུ་ཚོད་ ༨ ཐོག་རྒྱལ་ཁའི་ངང་མཇུག་སྒྲིལ་བའི་བཟོ་ལྟ་བསྟན་ཡོད་ལ། གླིང་ཆེན་ལྔ་རྟགས་ཅན་གྱི་ཨོ་ལིམ་པིག་གི་དར་ཆ་དེ་ཡང་པེ་ཅིན་གྲོང་ཁྱེར་སྤྱི་ཁྱབ་པས་སྤྱི་ལོ་ ༢༠༡༢ ལོའི་ཨོ་རྩེད་འགྲན་ཚོགས་ཚུགས་ཡུལ་དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པའི་ལག་ཏུ་རྩིས་སྤྲོད་བྱས་སོང༌། ཐེངས་འདིའི་རྩེད་འགྲན་སྟེང་རྒྱ་ནག་ལ་གསེར་གྱི་རྟགས་མ་ ༥༡ དང༌། དངུལ་གྱི་རྟགས་མ་ ༢༡། ཟངས་ཀྱི་རྟགས་མ་ ༢༨། སྡོམ་པའི་རྟགས་མ་ ༡༠༠ ཐོབ་ཡོད་ལ། ཨ་རི་ལ་གསེར་གྱི་རྟགས་མ་ ༣༦ དང༌། དངུལ་གྱི་རྟགས་མ་ ༣༨། ཟངས་ཀྱི་རྟགས་མ་ ༣༦། སྡོམ་པའི་རྟགས་མ་ ༡༡༠ ཐོབ་ཡོད། ར་ཤི་ཡ་ལ་གསེར་གྱི་རྟགས་མ་ ༢༣ དང༌། དངུལ་གྱི་རྟགས་མ་ ༢༡། ཟངས་ཀྱི་རྟགས་མ་ ༢༨། སྡོམ་པའི་རྟགས་མ་ ༧༢ ཐོབ་ཡོད། ཐེངས་འདིའི་ཨོ་རྩེད་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་ཆེས་མང་བའི་རྒྱལ་ཁབ་རྒྱ་ནག་ཆགས་ཡོད་ལ། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་ཟིན་ཐོ་གསར་བ་སྐྲུན་ཡོད་ཅེས་འཛམ་གླིང་ལ་ངོམ་སོ་བྱེད་ཀྱིན་ཡོད། 

སྐྱག་རྫུན་ཆེན་པོ་བཞི།

ཐེངས་ཉེར་དགུ་བའི་རྒྱ་ནག་ཨོ་རྩེད་འགྲན་ཚོགས་སྟེང༌། རྒྱ་ནག་གིས་འཛམ་གླིང་ལ་སྐྱག་རྫུན་ཆེན་པོ་བཞི་བཤད་ཡོད་པ་དེ་རྒྱལ་སྤྱིའི་གསར་ལམ་དང་དྲ་ཚིགས་ཁག་ཏུ་སླེབས་མ་ཐག འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་ལ་སྐྱོན་བརྗོད་དང་འཕྱ་སྨོད་ཤུགས་ཆེན་བྱས་ཡོད། སྐྱག་རྫུན་དང་པོ། ཨོ་རྩེད་དཔལ་འབར་ཇོ་མོ་གླང་མའི་རྩེ་རུ་འཁྱེར་ཡོད་ཟེར་པ་དེ་རེད། འཛམ་གླིང་ས་ཁམས་བརྟག་དཔྱད་པ་དང༌། གནམ་རིག་བརྟག་དཔྱད་པས་བརྗོད་ན། རྒྱ་མཚོའི་ངོས་ནས་མཐོ་ཚད་སྤྱི་ལེ་ ༥༩༩༥ ཡོད་སར་ཡང་དབུགས་མེད་སྟབས། མེ་སྤར་ཐབས་མེད་ལ་བརྙན་འཕྲི་ནང་དཔལ་འབར་ཁྱེར་མཁན་གྱི་ཁ་རླངས་མཐོང་ཐུབ་པས། ཇོ་མོ་གླིང་མའི་རྩེ་ནས་ཁ་རླངས་འཁྱགས་པའི་ངོ་བོར་འདྲེས་འགྲོ་བས་མཐོང་ཐབས་མེད་ཟེར། ཕྱི་རྒྱལ་གསར་འགོད་པ་གཅིག་ཀྱང་དཔལ་འབར་ཁྱེར་མཁན་དང་མཉམ་དུ་བཏང་མེད་ལ།  བལ་ཡུལ་མཐའ་སྲུང་དམག་མིས་ཀྱང༌། དཔལ་འབར་ཇོ་མོ་གླིང་མའི་རི་རྩེར་འཁྱེར་མེད་ཚུལ་བརྗོད་ཡོད། སྐྱག་རྫུན་གཉིས་པ། ཨོ་རྩེད་དབུ་འབྱེད་སྟེང༌། ལོ་དགུ་ཅན་གྱི་རྒྱ་རིགས་བུ་མོ་ལེན་མེའོ་ཡིས། མེས་རྒྱལ་ལ་བསྟོད་གླུ་ལེན། ཞེས་པའི་སྙན་འཇེབས་ཀྱི་གླུ་དབྱངས་དེས་འཛམ་གླིང་མི་དམངས་ཧ་ལས་སུ་བཅུག་ཡོད་མོད། དོན་དངོས་ཐོག་གླུ་དབྱངས་ལེན་མཁན་ལེན་མེའོ་མ་ཡིན་པར། ལོ་བདུན་ཅན་གྱི་བུ་མོ་ཡང་ཕེ་ཡུའུ་ཡིན་འདུག གོ་སྒྲིག་པས་བུ་མོ་ཡང་ཕེན་ཡུའུ་ལ་རྣམ་པ་མེད་སྟབས། ཐེངས་འདིར་གར་སྟེགས་སྟེང་འབུད་མ་ཐུབ་པ་རེད་ཅེས་བརྗོད་ཡོད། སྐྱག་རྫུན་གསུམ་པ། མེ་ལྕེ་ཡིས་གྲུབ་པའི་རྐང་རྗེས་ཉེར་དགུའི་མཚོན་རུས་དེ་ངོ་མ་མ་ཡིན་པར། གློག་ཀླད་ནང་སྡེབས་སྒྲིག་བྱས་པའི་པར་རིས་ཡིན་ཚུལ་པེ་ཅིན་ཨོ་རྩེད་ཚོགས་ཆུང་གི་ཚོགས་མི་ཞིག་གིས་བརྗོད་ཡོད། སྐྱག་རྫུན་བཞི་བ། རྩེད་འགྲན་སྟེང་ཀྲུང་གོའི་གྲངས་ཉུང་མི་རིགས་ང་དྲུག་གི་འཐུས་ཚབ་ཀྱིས་ལྟད་མོ་བ་མང་པོའི་མདུན་ནས། ཞི་བདེ་དང་འཆམ་མཐུན། རྒྱལ་ཁབ་ལ་དགའ་ཞེན་དང་ཨོ་རྩེད་ལ་དགའ་ཞེན་གྱི་རྣམ་འགྱུར་བསྟན་ཡོད་ཀྱང༌། འཐུས་ཚབ་དེ་དག་ཁྲོད་དུ་གྲངས་ཉུང་མི་རིགས་གཅིག་ཀྱང་མེད་པར་རྒྱ་རིགས་ཁོ་ན་ཡིན་འདུག

བྱེའུ་ཚང་མཐའ་ཡི་ངོ་རྒོལ།

ལྟད་མོ་བ་ས་ཡ་དུ་མས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང༌། ངོ་མཚར་བའི་རྩེད་འགྲན་ལ་རེ་བ་ཆེན་པོ་བཅིངས་ཡོད་ཀྱང༌། ཕྱིར་ལོག་ཁར་སེམས་ནང་ཡིད་མ་ཆེས་བ་ཞིག་ཡོད་པ་ནི། ཞི་བདེ་མཚོན་དོན་ཨོ་རྩེད་བྱེའུ་ཚང་མཐའ་འཁོར་ན། དྲང་བདེན་གྱི་སློང་མོ་རྒྱག་མཁན་དེ་ཚོ་རེད། བོད་པ་དང་བོད་དོན་རྒྱབ་སྐྱོར་བ། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་བཅས་ཀྱིས་ཕྱི་ཚེས་ ༨ ནས་ ༢༤ བར་པེ་ཅིན་གྲོང་ཁྱེར་དང་བྱེའུ ་ཚང་ཉེ་འཁོར་ཀུན་ནས་རྒྱ་གཞུང་ལ་ངོ་རྒོལ་མཚམས་ཆད་མེད། ཕྱི་ཚེས་༨ ཉིན་ཨོ་རྩེད་དབུ་འཛུགས་མ་བྱས་གོང་དུ་བོད་དོན་རྒྱབ་སྐྱོར་བ་ ༣ གྱིས་ངོ་རྒོལ་བརྗོད་ཚིག་བཀོད་པའི་སྟོད་ཐུང་གྱོན་ཞིང༌། ལག་ཏུ་བོད་གྱི་རྒྱལ་དར་བཟུང་སྟེ། བྱེའུ་ཚང་མཐའ་ནས་ངོ་རྒོལ་བྱས་ཡོད་ལ། ཨ་རི་དང་འཇར་མན། ཁེ་ན་ཌ་བཅས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་ཕྱི་ཚེས་ ༩ ཉིན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་གཟུགས་པོར་བོད་ཀྱི་རྒྱལ་དར་གཡོགས་ཏེ་ཤི་ཡོད་པའི་རྣམ་པ་བསྟན་ཡོད། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་རྒྱ་སྐད་དང་དབྱིན་སྐད། ཧྥ་རིན་སིའི་སྐད་ཐོག རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གསར་འགོད་པ་དང་རྩོམ་པ་པོ་ཡོངས་གློད་གྲོལ་གཏོང་དགོས། རྒྱ་ནག་ནང་སྨྲ་བརྗོད་རང་དབང་སྤྲོད་དགོས། ཞེས་པེ་ཅིན་གྲོང་ཁྱེར་ནང་ཁྲོམ་སྐོར་བྱས་ཡོད། ཞི་བདེ་བྱིའུ་ཚང་འཁྲིས་ཀྱི་གློག་སྡོང་རྩེ་རུ་བོད་རང་བཙན་གྱི་འཕྲེད་དར་དཔྱངས་ཤིང༌། ཧོང་ཀོང་ཨོ་རྩེད་རྟ་རྒྱུགས་ཐང་ནས་ཁེ་ན་ཌའི་སློབ་མ་འགས་བོད་ཀྱི་རྒྱལ་དར་ཕྱར་ཡོད། བྱེའུ་ཚང་འགྲམ་གྱི་མི་རིགས་སྤྱི་གླིང་དུ་ལྕགས་རྟ་འཁོར་ལོས་སྐོར་སྐྱོད་བྱས་བཞིན་བོད་རང་བཙན་གྱི་འབོད་སྒྲ་སྒྲོག་ཡོད་ལ། སྤྱི་གླིང་ཟམ་པའི་སྟེང་བོད་རང་བཙན་གྱི་འཕྲེད་དར་ཕྱར་ཡོད། རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་མདུན་དུ་བོད་རང་བཙན་གྱི་འཕྲད་དར་འཕྱར་ཏེ། རྒྱ་ནག་གིས་བོད་ནང་དྲག་གནོན་བྱས་པའི་གནས་ཚུལ་འཁྱོག་བཤད་མཚམས་འཇོག་གིས་བདེན་པའི་གནས་ཚུལ་ཁྱབ་སྤེལ་དགོས་བའི་བརྡ་ལན་སྤྲད་ཡོད། དེ་བཞིན་ཨ་རིའི་མི་སེར་དྲུག་གིས་བྱིའུ་ཚང་སྟེང་ལ། བོད་རང་བཙན་ཞེས་པའི་གློག་འོད་སྤར་ཏེ། པེ་ཅིན་གྱི་མཚན་མོའི་ཡུལ་ལྗོངས་ལ་བདེན་དོན་གྱི་འོད་སྣང་སྒྲོན་ཡོད།

ཨོ་རྩེད་ཀྱི་ནང་དོན་ལྷག་མ།

ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང༌། གནའ་བོའི་རྒྱལ་ཁབ་གྷི་རི་སིའི་མི་སེར་རྣམས་དམག་འཁྲུག་དང་འགྲན་རྩོད་ལ་ཞེན་པ་གཏིང་ནས་ལོག་སྟེ། ཞི་བདེ་འདྲ་མཉམ། རང་དབང༌། དམངས་གཙོ། འཆམ་མཐུན་བཅས་ཀྱི་ཆེད་དུ་སྒྲོན་པའི་ཨོ་རྩེད་དཔལ་འབར་དེ། རིམ་གྱིས་རྒྱལ་སྤྱི་རང་བཞིན་གྱི་རྩེ་ད་མོའི་རྣམ་པར་གྱུར་ཏེ། རྒྱལ་ཁབ་དང་མི་རིགས་རེ་ཟུང་གི་རྩོད་རྙོག་འདུམ་སྒྲིག་བྱུང་ཞིང༌། གཡོན་ལྷུང་ཆབ་སྲིད་མགོ་རྟིང་སློག་ཅིང༌། མི་དམངས་དཀའ་སྡུག་ལས་གྲོལ་ཏེ། ཨོ་ལིམ་པིག་དཔལ་འབར་གྱི་དམིགས་ཡུལ་མངོན་འགྱུར་བྱས་ཡོད་ཚུལ་ཆབ་སྲིད་དབྱེ་ཞིབ་པ་དང༌། ལོ་རྒྱས་ཉམས་མྱོང་ཅན་ཚོས་བརྗོད་བཞིན་ཡོད་ཀྱང༌། ད་ལོའི་རྒྱལ་སྤྱིའི་རྩེད་འགྲན་ལ་ནང་དོན་གཞན་དང༌། དཔལ་འབར་ལ་མེ་ལྕེ་གཞན་ཞིག་འབར་ཡོད། དེ་ནི་ ༡༩༩༨ ལོར་འཛམ་གླིང་རྒྱལ་ཁབ་མང་པོས་ཐེངས་ཉེར་དགུ་བའི་ཨོ་རྩེད་ཧབ་ཐོབ་རྒྱག་སྐབས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང༌། རྒྱ་ནག་ནང་ཞི་བདེ་བརྟན་ལྷིང༌། སྨྲ་བརྗོད་རང་དབང༌། གསར་འགོད་རང་དབང་བཅས་ལ་འགན་ལེན་བྱས་ཏེ། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོས་ ༢༠༠༨ ལོའི་རྩེད་འགྲན་དར་ཆ་རྒྱ་ནག་ལ་སྤྲད་ཡོད་ཀྱང༌། ཐེངས་འདིའི་ཨོ་རྩེད་དཔལ་འབར་སྒྲོན་པའི་ཉིན་དང་པོ་ནས། བོད་པ་དང་བོད་དོན་རྒྱབ་སྐྱོར་བ། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག  རྒྱ་གཞུང་དང་ཆབ་སྲིད་ལྟ་བ་མི་མཐུན་མཁན་ཡོངས་ཀྱིས་རྒྱལ་ཁབ་སོ་སོའི་རྒྱ་ནག་གཞུང་ཚབ་དང༌། མཉམ་འབྲེལ་རྒྱལ་ཚོགས། མི་དམངས་སྤྱི་གླིང་བཅས་སུ་རྒྱ་ནག་ལ་ངོ་རྒོལ་མཚམས་མ་ཆད་ཅིང༌། དམིགས་བསལ་སྦྱོང་བརྡར་ཅན་གྱིས་སྐོར་བའི་ཨོ་རྩེད་དཔལ་འབར་དེ་ཡང་འབྲོ་དགོས་པ་དང་གཞའ་དགོས་པ། ཐ་ན། ཐེངས་དུ་མར་བསད་པའང་བྱུང་ཡོད། ཨོ་རྩེད་དངོས་སུ་མགོ་འཛུགས་བྱས་མ་ཐག རྒྱ་ནག་ཡོངས་སུ་དྲག་སྡོམ་བྱས་ཏེ། སྨྲ་བརྗོད་རང་དབང་ཕར་ཟད། འགྲོ་སྐྱོད་རང་དབང་ཡོངས་སུ་བཀག་ཅིང༌། རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་ནས་དོན་ཚན་ ༢༡ ཅན་གྱི་སྒྲིག་གཞི་བཟོས་ཏེ། གསར་འགྱུར་བརྒྱུད་ལམ་བཀག་སྡོམ་བྱས་ཤིང༌། དབྱིན་ཇི་དང་ཨ་རིའི་གསར་འགོད་པ་འཛིན་བཟུང་ཉེས་རྡུང་བཏང་ཡོད་ལ། ཡུ་གར་དང་རྒྱ་ནག་ཉེན་རྟོག་པ་གདོང་ཐུག་གིས་ཉེན་རྟོག་པ་ ༡༦ དམར་གསོད་བྱས་ཡོད། འདིའི་ཐད་༧གོང་ས་མཆོག་ཧཕ་རིན་སིར་ཆིབས་སྒྱུར་སྐབས། ཨོ་ལིམ་པིག་རྩེད་འགྲན་རིང་བོད་ནང་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་གསུངས་ཤིང༌། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོས་ཀྱང༌། རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཡ་ང་བ་ཞིག་རེད། དེ་དག་གསལ་སྟོན་ལ་མཐུན་འགྱུར་བྱས་མེད་པ་མ་ཟད། གསར་འགོད་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་སོང་ཞེས་བརྗོད་ཡོད།

བཀུར་འོས་པའི་ཨོ་རྩེད་སྐུ་མགྲོན།

ཐེངས་ཉེར་དགུ་བའི་རྒྱ་ནག་ཨོ་རྩེད་འགྲན་བསྡུར་སྟེང༌། རྒྱལ་ཁབ་ ༨༠ ལྷག་གི་དབུ་ཁྲིད་དང༌། རྩེད་འགྲན་པ་གཅིག་ཁྲི་ ༡༠༠༠༠ ལྷག་མཉམ་ཞུགས་བྱས་ཡོད་ལ། གཞུང་སྒེར་གྱི་གསར་འགོད་པ་ཉིས་ཁྲི་ ༢༠༠༠༠ ལྷག་སླེབས་ཡོད། དྲང་བདེན་དང་ཞི་བདེ་ལ་དགའ་བའི་མི་མང་ཚོས། གལ་སྲིད་ཨོ་རྩེད་མཛད་སྒོར་༧གོང་ས་ཏཱ་ལའི་བླ་མ་ཕེབས་ཡོད་ན། ཐེངས་འདིར་རྒྱ་ནག་ལ་ཐོབ་པའི་རྟགས་མ་བརྒྱ་ལས་གཟི་བརྗིད་ཆེ་ཞིང༌། ནང་དོན་ལྡན་ཚུལ་བརྗོད་ཀྱིན་ཡོད། རྒྱ་ནག་གཞུང་གིས་ཐེངས་འདིའི་ཨོ་རྩེད་སྟེང༌། རྒྱ་ནག་ནང་གི་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་གདན་ཞུ་བྱས་ཡོད་པ་ལས་ནང་པའི་སྐུ་ཚབ་ལ། དོལ་རྒྱལ་ཚོགས་པའི་གཏེ་བོ་གངས་ཅན་བླ་མའི་ལག་རོགས་ཁོ་ཚེ་ཚུལ་ཁྲིམས་ཟེར་བ་གདན་ཞུ་བྱས་ཡོད་འདུག དེ་བཞིན་མཇུག་སྡོམ་མཛད་སྒོར་དབྱིན་ཇིའི་སྲིད་བློན་གྷོལ་ཌན་བྷི་རོན་གྱིས། ཐེངས་འདིའི་ཨོ་རྩེད་ལ་ཁ་གཡང་ལྟ་བུའི་ཚིག་འགའ་བཤད་ཡོད་ཀྱང༌། དེ་ནི་ ༢༠༡༢ ལོའི་དབྱིན་ཡུལ་ནང་ཚུགས་གཏན་འཁེལ་བའི་ཨོ་རྩེད་ལམ་ལྷོང་ཡོང་ཆེད་ཡིན་ཚུལ་རྗོད་བཞིན་ཡོད། རྩེད་འགྲན་ནང་རྟགས་མ་ཐོབ་མཁན་ཨི་ཊ་ལིའི་གྲི་རྩེད་པ་བུ་མོ་མ་གྷི་རུ་ཟི་ཡིས། ང་རང་གི་ཐེངས་འདིའི་གདོང་ཁྲབ་ཏཱ་ལའི་བླ་མར་འབུལ་རྒྱུ་ཡིན། གྲི་རྩལ་སྐབས་ངའི་གདོང་པ་སྐྱོབ་པ་ལྟར། ཏཱ་ལའི་བླ་མས་བོད་པ་སྐྱོབ་ཐུབ་པར་སྨོན་ཞེས་བརྗོད་ཡོད་ལ། ཁུ་ཚུར་འགྲན་མཁན་ཁུ་ལོ་མན་གྱིས་དངུལ་གྱི་རྟགས་མ་དང༌། གྲུ་གཏོང་མཁན་རྗོ་སེ་ཧཕ་ཡི་དངུལ་གྱི་རྟགས་མ་བཅས་ཀྱང་༧གོང་ས་མཆོག་ལ་འབུལ་འཆར་ཡོད་འདུག ཨི་ཊ་ལིའི་སྲུང་སྐྱོབ་བློན་ཆེན་གྱིས། ཐེངས་འདིར་ཨི་ཊ་ལིའི་རྩེད་འགྲན་པ་ཚོས་མ་སྐུལ་དང་བླང་གིས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང༌། བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་གསལ་སྟོན་བྱས་པར། ང་རང་དགའ་སྤོབས་ཆེན་པོ་བྱུང་ཞེས་གཞུང་འབྲེལ་གསལ་བསྒྲགས་བྱས་ཡོད། ཨོ་རྩེད་མཇུག་སྡོམ་གྱི་སྐབས་དང་བསྟུན་ཏེ། ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་དང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཐེ་ཝན་རྒྱལ་སར། ཁྲག་དྲི་དྲོ་བའི་ཨོ་ལིམ་པིག་མཇུག་སྡོམ། ཟེར་བ་ཞིག་འཚོགས་ཏེ་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་དང༌། ཐེ་ཝན་སྲིད་འཛིན་མཱ་ཡོན་ཀྱོ། ཨ་རིའི་ས་ཁང་བདག་པོ་ཊ་ནོ་ཀྲི་གསུམ་གྱིས་འགྲོ་བ་མིར་ཚད་ལས་བརྒལ་བའི་དྲག་གནོན་དང༌། སྲིད་དབང་སྒེར་གཅོད་བྱེད་པར་ལག་སྐྱེས་སུ་གསེར་གྱི་རྟགས་མ་རེ་སྤྲད་དེ། འཛམ་གླིང་ནང་ད་ལྟ་བདེན་དོན་ཞིག་གནས་ཡོད་ན། ཨོ་ལིམ་པིག་གི་མཛད་སྒོའི་སྐུ་མགྲོན་ཡོངས་ཀྱིས་ཁོ་ཚོར་འདི་ལས་ལྷག་པའི་རྟགས་མ་གཞན་ཞིག་སྤྲོད་སྲོལ་མེད་པ་མཁྱེན་གསལ་རེད་ཅེས་བརྗོད་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    བཀུར་འོས་པའི་ཨོ་རྩེད་སྐུ་མགྲོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese