མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་ཡོང་དུས་སུ་བོད་པ་རྣལ་མ་ཞིག་ཡིན་མོད།

བོད། ཤ་ཁྲག་རུས་གསུམ།
༢༠༠༨/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད། ང་རང་བོད་པ་ཞིག་ཨེ་རེད། བོད། ང་རང་བོད་མི་ཞིག་ཡིན་ནམ། བོད། ང་རང་བོད་དོན་ལ་སེམས་འཁུར་ཡོད་མཁན་ཞིག་རེད་དམ། བོད་ནས་ཡོང་དུས་ཀྱི་བོད་པ་ཞིག་བོད་ཡུལ་དང་གྱེས་དེ་ལོ་མང་འགོར་བའི་དེ་རིང་། ཁོ་བོས་རང་ཉིད་ལ་བོད་པ་ཟེར་བའི་མིང་དོན་ཚང་མིན་བསམ་བློ་མང་བོ་ཞིག་ཉིན་མཚན་མེད་པར་བཏང་དུས། ཐོག་མོར་གང་འདྲ་ཞིག་ལ་བོད་པ་ཟེར་དགོས་པ་དང་བོད་པ་ཟེར་བ་དེ་ལ་ཆ་རྐྱེན་གང་འདྲ་ཞིག་ཚང་དགོས་མིན། བོད་པ་ཟེར་བ་དེ་ལ་ཐུན་མོང་མ་ཡིན་པའི་གོམ་གཤིས་ཇི་འདྲ་ཞིག་ཡོད་མེད་བཅས་སུ་བསམ་བློ་གཏོང་ཞོར་དུ་ཁོ་རང་ཉིན་གང་བོར་ལས་ཀ་བྱས་སྟབས། འདང་རྒྱག་ཞོར་དུ་གཉིད་དུ་ཤོར་སོང་།

ཁོ་རང་ཉལ་བས་རྨི་ལམ་ནང་དུ་ཡང་བོད་ཟེར་ན་ག་འདྲ་ཞིག་རེད་ཟེར་ནས་བསྐྱར་ཟློས་བྱེད་བཞིན་ཡོད་སྐབས། ཁོ་རང་གི་ལས་ཀ་བྱེད་སའི་ཟ་ཁང་ནང་དུ་བོད་དོན་རྩ་གཅོད་བྱེད་མཁན་གྱི་ཕྱི་རྒྱལ་མགོ་སེར་ཞིག་དང་ལྷན་དུ་བོད་ཀྱི་ཕོ་གསར་སྐྲ་རིང་ཁ་ཤས་ཤིག་གི་བོད་དོན་བསྐོར་གླེང་མོལ་བྱེད་པ་མཐོང་ནས། ཁོ་རང་གིས་ཡ་འཚར་དང་བཅས་དེ་ཁོང་ཚོས་ཕྱོགས་སུ་རྣ་བ་གཏད་དེ་ཉན། ཕྱི་རྒྱལ་བ་དེས་བོད་ཟེར་བ་འདི་ག་དུས་ནས་རང་བཙན་ཤོར་བ་རེད། བོད་ཟེར་བའི་རྒྱལ་ཁབ་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པར་འཛམ་གླིང་གི་རྒྱབ་ཁབ་སུ་ཞིག་གིས་ངོས་འཛིན་བྱས་པ་དང་རྒྱབ་སྐྱོར་རེག་ཡོད་པ་རེད་ཅེས་དྲིས་དུས། ཕོ་གསར་ཞིག་གིས་དེ་ནི་ང་ཚོས་གསལ་བཤད་བྱེད་དགོས་པ་ཞིག་མ་རེད། ཁྱེད་ཀྱིས་ང་ཚོས་བོད་ཀྱི་ལོ་རྒྱུས་ཀློག་དང་ཤེས་ངེས་རེད། དེ་མིན་ང་ཚོས་ཁྱེད་རང་ལ་བཤད་ཐུབ་པ་ཞིག་མ་རེད་ཟེར་བཞིན་འགོ་ཕྱི་ལ་བརྗེ་ཞོར་དུ་རྒྱབ་ལོག་གི་ཞབས་ཞུ་བ་ཞིག་ལ་འོ་ཇ་ཞིག་བསྔགས་ནས་ཕྱི་རྒྱལ་བ་དེས་གདོང་ལ་བལྟས་དེ་ཅི་ཞིག་བཤད་ཡོང་བར་རེ་སྒུག་བྱས། ཕྱི་རྒྱལ་བ་དེས་འོ་ན་ཁྱེད་ཀྱིས་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཤེས་ཀྱི་ཨེ་ཡོད། ཁྱེད་རང་གིས་བོད་ཀྱི་ལོ་རྒྱུས་སྤྱོང་མྱོང་ཡོད་དམ། ཨ་ལེ་ཟེར་ཞོར་ཞབས་ཞུ་བས་འཁུར་ཡོང་བས་འོ་ཇ་དེ་ལེན་ཞོར་དུ། རེད་ངས་ལོ་རྒྱུས་སྤྱོང་མྱོང་མེད་ལ། ང་རང་ལོ་རྒྱུས་སྤྱོང་རྒྱུར་ཡང་དགའ་བོ་མེད། ད་དུང་ང་རང་བོད་ཡིག་གི་་ཆུ་ཚད་ཧ་ཅང་སྐྱོ་བོ་ཡོད། བོད་ཀྱི་ལོ་རྒྱུས་སྤྱོང་བ་ལ་བོད་ཡིག་ལེགས་པོ་ཞིག་ཤེས་དགོས་སྟབས། ང་རང་བོད་ཡིག་ལས་དབྱིན་ཡིག་སྤྱོང་རྒྱུར་དགའ་བ་ནས་བོད་ཡིག་ལས་དབྱིན་ཡིག་ཤེས་ན་ཆ་རྐྱེན་མང་བོ་ཞིག་རེག་གི་འདུག  དཔེར་ན་ང་རང་གི་བོད་དོན་བསྐོར་གྱི་གནས་ཚུལ་ཞིག་ཁྱེད་རང་ལྟ་བུས་ཕྱི་རྒྱལ་བ་ཚོ་བཤད་དགོས་བྱུང་ན་བོད་ཡིག་ཤེས་པ་ཙམ་གྱིས་ངས་ཁྱེད་རང་ལ་བོད་དོན་བསྐོར་འགྲེལ་བཤད་བྱེད་ཐུབ་ཀྱི་མེད་པ་ལྟ་བུ་རེད། དེ་རིང་ངས་དབྱིན་ཡིག་ཅུང་ཙམ་ཤེས་པའི་གྲུབ་འབྲས་ལ་བརྟེན་ནས་ང་རང་ལ་བོད་དོན་བཤད་སའི་ཁྱེད་རང་ལྟ་བུས་ཕྱི་རྒྱལ་གྱི་རོགས་ཚོགས་བྱེད་མཁན་དང་ཐུག་འཕྲད་བྱུང་ཡོད་པ་འདི་རེད་བཅས་དོན་མེད་རྙོག་གཏམ་མང་བོ་ཞིག་བཤད་མཐར། ཕྱི་རྒྱལ་བ་དེ་ཐང་ཆད་པའི་རྣམ་པ་དང་བཅས་དེ། ལགས་སོ། ལགས་སོ། འོ་ན། ཁ་སང་ཁྱེད་ཅག་གིས་དབུ་ཁྲིད་༧གོང་ས་མཚོག་གིས་བཅར་འདྲི་ཞིག་གི་སྟེང་དུ་བོད་དོན་ཐག་གཅོད་བྱེད་པའི་མཐའ་མའི་དབང་ཚད་བོད་མི་མང་ལ་ཡོད་པ་ལས་ཁོང་ལ་གཏན་ནས་མེད་གསུང་སོང་། ཁྱེད་རང་གི་བལྟས་ན་བོད་དོན་ཐག་གཅོད་ག་འདྲ་ཞིག་བྱས་ན་ཡག་ས་རེད་ཟེར་སླར་ཡང་དྲི་བ་ཞིག་བཀོད། ཕོ་གསར་དེས་རང་ཉིད་ལ་ཡིད་ཆེས་ཡོད་འདོག་གིས་དེ་འདྲ་ཞིག་ཡིན་རྒྱུ་མ་རེད། དེ་ཕལ་ཆེར་ཁྱེད་རང་གི་གོ་ནོར་ཐེབས་པ་ཡིན་རྒྱུ་རེད། ང་ཚོ་བོད་མི་ཚང་གི་སྐྱིད་སྡུག་ཡོད་ཚད་༧གོང་ས་ཆོག་ལས་གཞན་སུ་གང་གིས་ཐག་གཅོད་བྱེད་ཐུབ་ཀྱི་མེད་ལ། ང་རང་ལ་དམིགས་གསལ་གྱི་བོད་དོན་ཐག་གཅོད་བྱེད་ཕྱོགས་བསྐོར་གྱི་བསམ་བློ་དེ་འདྲ་འཁོར་མྱོང་མེད་ཅེས་ལན་བརྒྱབ་དུས། ཕྱི་རྒྱལ་བས་ཁྱེད་རང་བོད་དོན་དུ་སེམས་ཤུགས་ཡོད་པ་དངོས་ནས་ཡག་པོ་རེད་ཅེས་ནམ་རྒྱུན་མི་རིག་ཚད་ལ་ཁ་ཡག་བཤད་པར་གོམ་པའི་ནུབ་གླིང་གི་གཤིས་ཀ་དེས་བསྟན། སྐབས་དེར་ཕོ་གསར་གཞན་ཞིག་གིས་དེ་དག་ལ་འགན་འཁུར་མཁན་བོད་གཞུང་དང་བཀའ་བློན་ཁྲི་བ་སོགས་ཡོད་ལ། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སོགས་ཀྱང་ཡོད་སྟབས། ང་ཚོ་དེའི་ཐད་དུ་ཇུས་འདོག་ཡོད་མ་རེད། དེ་ལས་དོ་ནུབ་ང་ཚོས་མཚན་ཚོགས་ཀྱི་བསྐོར་ཞིག་གྲོས་བྱེད་ཅེས་སྤོབས་ཉམས་དང་བཅས་དེ་བཤད། ཕོ་གསར་གཞན་ཞིག་གིས་ང་ཚོས་མུ་མཐུད་དུ་བོད་དོན་གླེང་།

་་་ཏུ་རུ་རུ་་་་ དུས་ཚོད་ཀྱི་ཅོང་སྒྲ་གྲགས་ཤིང་། རྡ་སའི་ཁོར་ཡུག་གི་རྣམ་པ་ནི་སྔར་བཞིན་རེད་འདུག་ལ། ཁོ་རང་ཡང་འདོད་ལ་མི་འདོད་ངང་ཡར་བླངས་དེ། བོད་ཟེར་ན་ག་འདྲ་ཞིག་རེད་ཟེར་བའི་མིང་ཚིགས་དེ་དྲན་ཞོར་དུ། ལས་ཀ་བྱེད་སའི་ཟ་ཁང་ཕྱོགས་སུ་བྱིན་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

ཆུ་ཚོད་ ༩ སྔོན་ལ།
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese