མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་ཆེན་སྟེང་གཞོན་ལྷན་གྱི་ངོས་འཛིན་དང་རེ་སྐུལ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་དམིགས་བསལ་ཚོགས་ཆེན་སྟེང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས། བར་ལམ་བོད་ནང་གི་ཛ་དྲག་བྱུང་རྐྱེན་ལ་ཕུགས་རྐྱེན་དང་འཕྲལ་རྐྱེན་གཉིས་ཡོད་པའི་ངོས་འཛིན་དང༌། བོད་རང་བཙན་སླར་གསོའི་ཐོག་ནུས་ཤུགས་གཅིག་ཏུ་སྤུངས་ཤིང༌། འཐབ་རྩོད་ཀྱི་གོམ་སྟབས་མདུན་དུ་བསྐྱོད་དགོས་པའི་དུས་ལ་སླེབས་ཡོད་ཚུལ་དང༌། ད་ཡོད་སྤྱི་འཐུས་ཀྱི་སྒྲོམ་གཞིའི་ཐོག་ཆོལ་ཁ་དང༌། ཆོས་ལུགས་རིས་མེད་ཀྱི་ས་གནས་སྤྱི་འཐུས་དྲག་འདེམས་ཡོང་ཐབས་སོགས་དོན་ཚན་ ༦ འཁོད་པ་ཞིག་ཕུལ་ཡོད་འདུག

བོད་ཀྱི་གཞོན་ནུའི་ལྷན་ཚོགས་ལྟར་ན། བར་ལམ་བོད་ནང་གི་ཛ་དྲག་བྱུང་རྐྱེན་ནི་གཙོ་བོ་ནི་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་བཙན་གནོན་དང༌། བོད་མིའི་ཆོས་དད་རང་དབང་བཙན་འཕྲོག འཚོ་གནས་ལ་དོ་ཕོག་སོགས་མདོར་ན། བོད་མི་རིགས་ཀྱི་མངོན་འདོད་དང་དགོས་མཁོ་ལས་ཡོངས་སུ་ཟློག་པའི་ངན་ཇུས་ཇེ་མཐོ་ཇེ་བཙན་དུ་བཏང་བར་བརྟེན། དེ་ལྟའི་བཙན་འཛུལ་དང་བརྙས་བཅོས་མ་བཟོད་པར་བོད་མི་རིགས་ལ་འོས་བབ་ཀྱི་མདུན་ལམ་སླར་གསོའི་སླད། རྒྱ་ནག་གི་དྲག་མཚོན་གྱི་སོ་ཁ་ནས་རང་སྲོག་བློས་གཏོང་གིས་ཞི་རྒོལ་ཡར་ལངས་བྱས་པ་རེད་ཟེར་ལ། ད་ཆ་འདི་དང་འབྲེལ་བའི་ཛ་དྲག་ཆེ་ཤོས་ཀྱི་གནད་དོན་དང་ལས་འགན་ནི། ད་སྐབས་རྒྱ་ནག་གི་བཙོན་འོག་ཏུ་གནས་བཞིན་པ་དང༌། བཙོན་འོག་ནས་གློད་གྲོལ་ཐོབ་ཀྱང་རྒྱ་ནག་གི་ཉེས་རྡུང་འོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་པ། བཙོན་ནས་གློད་གྲོལ་བཏང་ཡང་སོ་སོའི་ས་གནས་སུ་མ་བཏང་བར་ས་གནས་གཞན་དུ་བཀག་སྐྱེལ་ངང་གནས་པ། མ་ཉེས་ཁ་གཡོགས་ཀྱིས་ཁྲིམས་མཐུན་མིན་པར་ལོ་དུས་རྒྱས་བཅད་དང་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དང་གཅོད་བཞིན་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་པ་སོགས་ཀྱི་གནས་སྟངས་ནི་ཧ་ཅང་བློ་འཚབ་ཀྱི་གནས་སུ་ཡོད་པས། ང་ཚོ་བཙན་བྱོལ་བོད་གཞུང་དང་ཚོགས་སྡེ་བོད་མི་སྒེར་བཅས་ནས་སོ་སོའི་རང་ནུས་ཡོད་རྒུས་ཁོང་ཚོའི་ཛ་དྲག་གནས་སྟངས་གསལ་འདོན་དང་མྱུར་སྐྱོབ་སླད། རྒྱལ་སྤྱིའི་གཡོ་འགུལ་རང་བཞིན་གྱི་ལས་དོན་བརྩམ་རྒྱུ་ནི་བཟང་སྤྱོད་ཀྱི་འོས་འགན་ཡིན་པ་མ་ཟད། མ་འོངས་བོད་དོན་འཐབ་རྩོད་ཀྱི་ལས་རིམ་ཁྲོད་ཧ་ཅང་གནད་འགག་ཆེ་བས། རྒྱལ་སྤྱིའི་སྲིད་གཞུང་དང༌། གྲོས་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་རྒྱལ་སྤྱིའི་སྡེ་ཁག་དང་བརྒྱུད་ལམ་ཁག་ལ་བོད་ནང་གི་དངོས་དོན་ཁུངས་སྐྱེལ་གྱི་ལམ་ནས་བདེན་རྒྱབ་སྲོག་སྐྱོབ་ཀྱི་རྒྱབ་གནོན་དོན་ཕན་རང་བཞིན་ཐོབ་པར་རང་ནུས་རྩལ་འདོན་གྱིས་ལས་འགུལ་སྣ་མང་རྩོམ་སྤེལ་དགོས་ཚུལ་བརྗོད་ཡོད་པ་རེད། གཞན་ཡང་ཕུགས་རྒྱང་རིང་པོའི་ཉེན་ཚབ་དང་གདོང་ལེན་ཕྱོགས་བཤད་དོན། བོད་དང་བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་བཟོ་བའི་སྲིད་བྱུས་དང་ལག་ལེན་ཁག་ལ་ཐུག་ཡོད་པ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དང༌། ནུབ་བརྒྱུད་ཐོན་འབྱེད་ཆེན་མོ། མེ་འཁོར་ལྕགས་ལམ་བཟོ་སྐྲུན། མི་སེར་སྤེལ་བའི་སྲིད་བྱུས། ཡིག་ཆ་ཨང་ལྔ་པ་ཟེར་བ་འགྲེམས་སྤེལ། ལྷག་པར་བོད་རྒྱལ་ཁབ་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་སྐུ་ཚབ་གནང་བའི་ཐོབ་ཐང་མེད་ཟེར་བ་དང༌། དེ་བཞིན་རྒྱ་ནག་གིས་འགྲེམས་སྤེལ་བྱེད་པའི་ཡིག་ཆ་དཀར་པོ་སོགས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྤྱི་དང་བྱེ་བྲག་ཐད་འཁྱོག་བརྗོད་དང་བཙན་གྱིས་བཟོ་བཅོས་བྱས་པ་བཅས་ནི། ཕུགས་རྒྱང་རིང་པོའི་ཆ་ནས་བོད་ཀྱི་ངོ་བོ་དང༌། ཐོན་ཁུངས། མི་རིགས། ལོ་རྒྱུས་དང་བཅས་པའི་ཐད་ཧ་ཅང་ཉེན་འཚབ་ཆེ་བའི་གནད་དོན་ཤ་སྟག་ཡིན་པ་དང༌། འདི་ལོར་ཞི་རྒོལ་ཡར་ལངས་ཀྱི་བྱུང་རྐྱེན་གཙོ་བོའི་གྲས་ཀྱང་དེ་དག་ཡིན་པས། ང་ཚོ་རང་དབང་ལུང་པར་གནས་པའི་གཞུང་དང༌། ཚོགས་སྡེ་ཁག བརྒྱུད་ལམ་ཁག རྩོམ་པ་པོ་བཅས་ནས་ངེས་པར་གནད་དོན་དེ་དག་ཐད་དབྱེ་ཞིབ་དཔང་འཕེར་རང་བཞིན་གྱིས་ལན་འདེབས་ཐེར་འདོན་དང་གདོང་ལེན་དུས་ཐོག་དགོས་པ་ནི། བོད་ཀྱི་ད་ལྟ་དང་མ་འོངས་པའི་མདུན་ལམ་ཡིན་པ་མ་ཟད། ལྷག་པར་བོད་གཅིག་གྱུར་གྱི་བཙན་པོའི་མངའ་ཐང་འགོ་བཙུགས་པ་ནས་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡོད་རྒུ་ལེགས་སྐྱེས་སུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཞལ་འཆེམས་ཐུགས་རེ་དང༌། བོད་ཀྱི་མི་རིགས་དང་ལོ་རྒྱུས་ཀྱི་བདེན་དོན་སྲུང་སྐྱོབ་བྱེད་པའི་འོས་འགན་ད་ལྟའི་མི་རབས་ཚོར་ཡོད་པས། དེ་དག་ཐད་ང་ཚོ་ཕྱོགས་ཚང་མས་འཛེམས་ཟོན་མེད་པར་ལན་འདེབས་དང་གདོང་ལེན་འཐབ་རྩོད་ངེས་པར་དུ་གནང་དགོས་ཞེས་འཁོད་ཡོད་པ་རེད།

རྒྱལ་སྤྱིའི་གནས་བབ་འོག་བོད་ཀྱི་རྩ་དོན་ཐད་བརྗོད་དོན། བོད་ཀྱི་རྩ་དོན་འཐབ་རྩོད་འདི་བཞིན་རྒྱུན་འཁྱོངས་ཡོང་བར་བཙན་བྱོལ་བོད་གཞུང་གིས་གཙོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་སྲ་བརྟན་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ཐོག ཡོ་རོབ་དང་བྱང་ཨ་རིའི་སྤྱི་འཐུས་བཞིན་ས་གནས་གཞིས་སྒར་ཡོངས་ནས་ས་གནས་སོ་སོའི་མི་འབོར་ལ་གཞིགས་པའི་ཆོལ་ཁ་དང༌། ཆོས་ལུགས་རིས་མེད་ཀྱི་ས་གནས་སྤྱི་འཐུས་དྲག་འདེམས་ཡོང་བའི་ཐག་གཅོད་དང་འབད་རྩོན་ངེས་པར་དུ་གནང་དགོས། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི། ད་ཆ་ས་གནས་ཁག་ཅིག་ཏུ་སྤྱི་འཐུས་གཏན་ནས་མེད་པ་དང་ས་གནས་ཁ་ཤས་ལ་སྤྱི་འཐུས་གསུམ་བཞི་ཡོད་པས། ས་གནས་ཁག་ཅིག་གི་གནས་ཚུལ་དང་དཀའ་ངལ་དངོས་དུས་ནས་དུས་སུ་དབུས་གྲོས་ཚོགས་དང་དབུས་འཛིན་སྐྱོང་ནང་སླེབས་དཀའ་བ་སོགས་ལ་བརྟེན། གོང་ཞུས་ས་གནས་ཀྱི་སྤྱི་འཐུས་ཡོང་ཐབས་དགོས་པ་ས་གནས་ཁག་གི་མི་མང་གི་རེ་འདུན་ཡིན་པ་དང༌། དེ་ལྟར་བྱུང་ཚེ་དབུས་གྲོས་ཚོགས་དང་འཛིན་སྐྱོང་ནང་ས་གནས་ཀྱི་གནས་སྟངས་སྤྱི་སྙོམ་གླེང་སློང་ཤེས་རྟོགས་ཀྱིས་མང་ཚོགས་ཀྱི་སེམས་འདུན་དང་ཡིད་ཆེས་གཞུང་དང་ཐག་ཉེ་རུ་འགྲོ་བ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་བར་དགོས་ཕན་ཆེ་བས། ངེས་པར་འདིའི་ཐད་ཚང་མས་གུ་ཡངས་དཀྱེལ་ཆེས་འབད་རྩོན་གནང་དགོས་སྐོར་དང༌། གཞན་ཡང་ བཙན་བྱོལ་བོད་གཞུང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ངོས་ལེན་དང་ཁྲིམས་མཐུན་རང་བཞིན་དུ་གནས་ཐབས། ག༽ རྒྱལ་སྤྱིའི་གནས་བབ་འོག་བོད་ཀྱི་རྩ་དོན་བོད་རང་བཙན་ལ་ངོས་འཛིན་དང་རྒྱབ་སྐྱོར་གྱི་གནས་བབ། རྣམ་རིག་གྲུང་པོ་དང་བློ་སྟོབས་ཆེན་པོས་བོད་རང་བཙན་སླར་གསོའི་ཐོག་ནུས་ཤུགས་གཅིག་ཏུ་སྤུངས་ཤིང༌། འཐབ་རྩོད་ཀྱི་གོམ་སྟབས་མདུན་དུ་བསྐྱོད་དགོས་པའི་དུས་ལ་སླེབས་ཡོད་ཅེས་སོགས་བཀོད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠

མཆན། 1

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 18 སྔོན།

    དུས་ལ་སླེབས་ཡོད། འདི་བྱེད་དགོས་རེད། གན་བྱེད་དགོས་ཀྱི་ཡོད། སེམས་འགུལ་ཐེབས་སུ་འཇུག་དགོས། རྒྱལ་སྤྱིའི་ང་ཚོ་རང་བཙན་ཡིན་པ་དང་བཙན་བྱོལ་གཞུང་ངོས་ལེན་བྱེད་དུ་འཇུག་དགོས་ཟེར་བ་སོགས་ལོ་ངོ་ལྔ་བཅུ་མ་ཟིན་ཙམ་ལ་བཤད་བསྡད་པའི་སྐད་ཆ་དེ་ཡང་བསྐྱར་བཤད་པ་ལས། གང་ནས་བྱེད་ཀྱི་ཡིན། ག་དུས་ནས་བྱེད་འགོ་འཛུགས། ལག་ལེན་གང་འདྲ་ཡིན། ས་གནས་གང་དང་གང་། ལས་ཕྱོགས་དང་སྤེལ་ཕྱོགས་ཅི་ཡིན་སོགས་བཤད་དེ་ལག་ལེན་དུ་བསྟར་མཁན་མི་འདི་ཙམ་ཡོད། བོད་མི་དམངས་ཀྱི་བདེ་སྡུག་ཆེད་དུ་རང་སྲོག་བློས་གཏོང་འཕོད་མཁན་འདི་ཙམ་ཡོད་ཟེར་ནས་བསྒྲགས་ཡོད་ན། ད་གཟོད་བོད་མི་ཕྱི་ནང་གཉིས་ལ་འགུལ་ལྕགས་ཐེབས་ངེས་རེད། དེ་མིན་ཚིགས་རྙིང་བསྐྱུར་ཟློས་བྱས་དེ་བསྡད་ན་བཤད་མཁན་ངོ་མི་ཚ་རང་ཉན་མཁན་ངོ་ཚ་བས་ཚོད་དུ་སླེབས་ཡོད་པ་རེད། ཐུགས་རྗེ་གཟིགས་ཆིག་སྒྲིལ་ངང་ལམ་སྣེ་ཁྲིད་དང་རྗེས་སུ་ཡོང་མཁན་མང་བོ་ཡོད་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese