ཆོས་བརྡ་གསལ་བསྒྲགས།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལྦ་ར་ཎ་སིར་བོད་ཀྱི་ཆེས་མཐོའི་སློབ་གྲྭར་ཕྱི་ལོ་༢༠༠༩ ཟླ་ ༡ ཚེས་ ༨ ནས་ ༡༤ བར་ཉིན་གྲངས་བདུན་རིང་སྤྱོད་འཇུག་ཆེན་མོདང༌། སྒོམ་རིམ་བར་པའི་གསུང་ཆོས་བསྕལ་རྒྱུའི་ཐུགས་གཏན་འཁེལ་ཟིན་པའི་གསལ་བསྒྲགས་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་དང་བོད་མིའི་རང་དབང་གསར་ཤོག་ནང་སྤེལ་ཡོད་པ་དང༌། དེ་བཞིན་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་གནང་རྒྱུ་དང་བརྟན་བཞུགས་བསྟར་འབུལ་བཅས་ཀྱི་མཛད་རིམ་ཡོད་ན། ཆོས་ཞུར་བཅར་མཁན་རྣམས་ནས་སོ་སོའི་རྒྱ་གར་སྐྱབས་བཅོལ་ལག་དེབ་ངསྐྲ། དྭང་བླངས་དཔྱ་དངུལ་ལག་དེབ། ཡུལ་ལུང་སོ་སོའི་མཐོང་མཆན་ལག་དེབ་སོགས། གང་ལྟར་སོ་སོའི་ཚད་འཛིན་འཕེར་ངེས་ཀྱི་ཡིག་ཆའམ་ངོ་སྤྲོད་ལག་འཁྱེར་དང་ཕྱེད་དཔར་གཉིས་རེ་མཉམ་འཁྱེར་དགོས་རྒྱུ། ཆོས་ཞུའི་ལག་འཁྱེར་ས་གནས་སུ་འབྱོར་མཚམས་འབྲེལཡོད་རངགཞུང་བདེ་སྲུང་ལས་ཁུངས་ནས་གནང་རྒྱུ།
དོལ་རྒྱལ་བསྟེན་གསོལ་བྱ་མཁན་རིགས་གོང་ཞུས་གསུང་ཆོས་སུ་མཉམ་ཞུགས་མི་ཆོག་པ་བཅས།
གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་༢༠༠༨ ཟླ་ ༡༢ ཚེས་ ༡༣ །