མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཧི་མ་ཅལ་གྲོས་ཚོགས་སུ་ཕེབས་པ །

བོད་ཀྱི་དུས་བབ།
༢༠༠༨/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཧི་མ་ཅལ་མངའ་སྡེའི་ཡུལ་མི་དང་བོད་མིའི་བར་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པར་ང་རང་དགའ་བོ་བྱུང་ཡོད། སྤྱིར་བོད་མི་ཚོས་རང་གི་ལུང་པ་བཞག་ནས་ཕྱི་ཡུལ་ལ་གྱར་དགོས་བྱུང་ཡོད་ཀྱང༌། ཧི་མ་ཅལ་མངའ་སྡེ་གཞུང་དང་ཡུལ་མིའི་དམིགས་བསལ་གཟིགས་སྐྱོང་འོག འདིར་བཞུགས་བོད་ཡོངས་ལ་གཞན་ཡུལ་དུ་ཡོད་པའི་སྣང་བ་མེད་པར་ཧི་མ་ཅལ་ནི་རང་གི་ཕ་ཡུལ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་༧གོང་ས་མཆོག་གིས་གསུངས་ཡོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང༌། ༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས། རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གི་གྲོས་ཚོགས་ཀྱི་ཚོགས་རྭར་གཟིགས་སྐོར་དུ་ཕེབས་ཡོད་ལ། དེ་གར་གྲོས་ཚོགས་འཐུས་མི་ཚོ་དང་གསར་འགོད་པ་ཚོར་བཀའ་མོལ་གནང་ཡོད། ༧གོང་ས་མཆོག་གིས་གསར་འགོད་པ་ཚོར། ཧི་མ་ཅལ་གཙོ་བྱས་པའི་རྒྱ་གར་ནང་གི་དམངས་གཙོའི་རིང་ལུགས་དེ་ཚགས་ཚུད་པོ་ཡོད། བོད་གཞུང་གིས་ཀྱང་དམངས་གཙོའི་ལམ་ཡང་དག་པ་ཞིག་ཏུ་སྐྱོད་པར་འབད་བརྩོན་ཞུ་བཞིན་ཡོད། རྒྱ་གར་གྱི་སྔོན་མའི་རིག་གཞུང་དེ་འཚེ་བ་མེད་པའི་ལྟ་བར་གཞི་བཅོལ་བ་ཡིན་སྟབས། དེའི་ཐོག་ནས་རྒྱ་གར་ནང་ལོགས་ཀྱི་སྲོལ་རྒྱུན་གྱི་ཆོས་ལུགས་དང་ཕྱི་ནས་དར་བའི་ཆོས་ལུགས་སོགས་ཆོས་ལུགས་ཕན་ཚུན་བར་བཟོད་སྒོམ་དང་འཆམ་མཐུན་བྱས་ཏེ་འཛམ་གླིང་ལ་ཁྱབ་ཐུབ་པ་གནང་དགོས།   རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ་དེ་གནས་སྟངས་ཤིག་གི་འོག་ནས་གསར་གཏོད་གནང་བ་མ་ཡིན་པར་ལོ་ངོ་སྟོང་ཕྲག་མང་པོའི་རིག་གཞུང་གཞི་ལ་བཞག་ཡོད་སྟབས། དེ་ནི་འགྲོ་བ་མིའི་རིགས་སྤྱི་ལ་ཧ་ཅང་གིས་གལ་ཆེན་པོ་དང་རྩ་ཆེན་ཆགས་ཡོད། ཅེས་བཀའ་སློབ་གནང་ཡོད།

དེའི་རྗེས་ཀྱི་ཆུ་ཚོད་ ༡༢ དང་ཕྱེད་ཀའི་ཐོག་རྡ་ཤོད་ཉེ་ཁུལ་གྱི་དབྱུག་རྩེད་སྤོ་ལོ་རྩེད་ཐང་གསར་བར་ཆིབས་སྒྱིར་གྱིས་མངའ་སྡེའི་གྲོས་ཚོགས་བློན་ཆེན་གྱི་རུ་ཁག་དང་མངའ་སྡེ་རྫོང་དཔོན་གྱི་རུ་ཁག་གཉིས་ཀྱི་དབྱུག་རྩེད་སྤོ་ལོའི་འགྲན་བསྡུར་དབུ་འབྱེད་གནང་ཡོད། སྐབས་དེར་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེའི་གཙོས་པའི་བཀའ་བློན་རྣམ་པ་དང༌། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཙོས་པའི་སྤྱི་འཐུས་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་མགྲོན། བཞུགས་སྒར་ཉེ་ཁུལ་གྱི་ཤེས་རབ་དགའ་ཚལ་སློབ་གླིང་གཙོས་པའི་སླབ་གྲྭ་ཁག་གི་སློབ་ཕྲུག་དང་དགོན་སྡེ་ཁག་གི་གྲྭ་བཙུན། ངྷ་རམ་ས་ལ་ཁུལ་གྱི་སེར་སྐྱ་མི་དམངས། རྒྱ་གར་ཡུལ་མི་དང་སློབ་གྲྭའི་སློབ་མ་སོགས་མི་གྲངས་སྟོང་ཕྲག་གིས་ཆིབས་བསུ་གཟབ་རྒྱས་བྱས་ཡོད་ལ།

༧གོང་ས་མཆོག་དབྱུག་རྩེད་སྤོ་ལོ་རྩེད་ཐང་དུ་ཕེབས་མ་ཐག་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་རྣམས་ལ་ཁ་བཏགས་སྒྲོན་འབུལ་དང་ཧི་མ་ཅལ་མངའ་སྡེ་བློན་ཆེན་ཕི་རེམ་ཁའུ་མལ་ཏོའུ་མ་དང་བློན་ཆེན་ཟུར་བ་རཱ་ཇའ་སབ། མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཏའུ་ཙི་རམ་ཇེམ་བཅས་དང་ལྷན་དུ་འདྲ་པར་སྐྱོན་རྗེས་དབྱུག་རྩེད་སྤོ་ལོ་དངོས་སུ་མགོ་འཛུགས་བྱས་སོང༌།

བོད་གཞུང་གི་གོ་སྒྲིག་འོག་ཧི་མ་ཅལ་མངས་སྡེ་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམ་པ། དེ་བཞིན་ཧི་མ་ཅལ་མངའ་སྡེ་དང་ཀང་ར་རྫོང་གི་གནད་ཡོད་དཔོན་རིགས་སོགས་དང་ལྷན་དུ་ཉིན་གུང་གསོལ་ཚུགས་འདེགས་འབུལ་སྐབས། ༧གོང་ས་མཆོག་གིས་གསུང་བཤད་གནང་ཡོད་ལ། བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧིན་རྡུའི་སྐད་དུ་བསྒྱུར་ཡོད། ༧གོང་ས་མཆོག་གིས་གསུངས་དོན། ཧི་མ་ཅལ་མངའ་སྡེ་ཡུལ་མི་དང་བོད་མིའི་བར་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པར་ང་རང་དགའ་བོ་བྱུང་ཡོད། སྤྱིར་བོད་མི་ཚོས་རང་གི་ལུང་པ་བཞག་ནས་ཕྱི་ཡུལ་ལ་གྱར་དགོས་བྱུང་ཡོད་ཀྱང༌། ཧི་མ་ཅལ་མངའ་སྡེ་གཞུང་དང་ཡུལ་མིའི་དམིགས་བསལ་གཟིགས་སྐྱོང་འོག འདིར་གའི་བོད་ཡོངས་ལ་གཞན་ཡུལ་དུ་ཡོད་པའི་སྣང་བ་མེད་པར་ཧི་མ་ཅལ་ནི་རང་གི་ཕ་ཡུལ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་གསུངས་ཡོད།

ཉིན་གུང་གསོལ་ཚིགས་དང་གསུང་བཤད་ལེགས་གྲུབ་ཟིན་རྗེས་༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་ཡོད། སྐབས་དེར་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་དེ་རིང་གི་མཛད་སྒོའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱི་ལོ་ ༢༠༠༦ ལོར་ཧི་མ་ཅལ་མངའ་སྡེ་གྲོས་ཚོགས་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་ལ། ལས་རིམ་འདི་ལམ་ལྷོང་བྱུང་ན་ད་དུང་མུ་མཐུད་ཁཱ་ན་ཌ་ཁཱ་མངའ་སྡེ་དང་ཨ་རི་ནཱ་ཅལ་མངའ་སྡེ་སོགས་སུ་ཡང་རྒྱ་སྐྱེད་བྱ་འཆར་ཡོད་པ་རེད། ཧི་མ་ཅལ་གྲོས་ཚོགས་ཀྱི་ཚོགས་འདུ་ཞིག་ལོ་རེར་རྡ་རམ་ས་ལའི་ཉེ་འཁོར་དུ་ཚོགས་གིན་ཡོད་པ་བཞིན་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས། གྲོས་ཚོགས་ཕན་ཚུན་བར་ལ་འབྲེལ་ལམ་འཛུགས་རྒྱུའི་ལས་གཞི་འདི་ལོ་ལྟར་ཡོད། ད་ལོ་༧གོང་ས་མཆོག་ངྷ་རམ་ས་ལར་བཞུགས་ཡོད་པའི་སྐབས་འཁེལ་ཡོད་སྟབས་ཁོང་ལ་སྙན་སེང་ཞུས་པ་བཞིན་དགོངས་འཁྲོལ་ཐོབ་སྟེ་འདིར་ཕེབས་པ་རེད།

ང་ཚོའི་བཙན་བྱོལ་བོད་གཞུང་འདི་ཧི་མ་ཅལ་མངའ་སྡེ་ཁོངས་རེད། ཧི་མ་ཅལ་གྲོས་ཚོགས་དང་འབྲེལ་ལམ་འཛུགས་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། བོད་གཞུང་གི་གྲོས་ཚོགས་ནས་ཧི་མ་ཅལ་གྲོས་ཚོགས་ལ་འབྲེལ་ལམ་འདི་བཙུགས་པ་རེད། འཛིན་སྐྱོང་གིས་ཧི་མ་ཅལ་འཛིན་སྐྱོང་ལ་འབྲེལ་ལམ་གནང་དགོས་པ་གལ་ཆེན་པོ་རེད། ང་རང་སྒེར་ངོས་ནས་དམ་བཅའ་ཕུལ་ནས་ཉིན་གཉིས་པ་ཆགས་ཡོད་ལ། གཞུང་འབྲེལ་གྱི་མཛད་སྒོ་དང་པོ་ཆགས་ཡོད།  སྐུ་མདུན་དབུ་བཞུགས་ཐོག་མངའ་སྡེ་གཞུང་གི་གནད་ཡོད་རྣམ་པར་འཚམས་འདྲི་ཞུ་ཐུབ་པ་བྱུང་བ་སྐལ་བ་བཟང་པོར་རྩི་གི་ཡོད།  དེ་ཡིན་དུས་མགོ་ཡག་པོ་ཞིག་བཙུགས་ཐུབ་སོང་བ་བཞིན་མཇུག་ཀྱང་དེ་ལྟར་ཡག་པོ་ཞིག་སྐྱོང་ཐུབ་པར་རེ་བ་དང་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 4

  1. སྐར་མ། says:
    ལོ་ 17 སྔོན།

    ཚོགས་གཙོས་མགོ་ཡག་པོ་བཙུགས་འདུག རྒྱལ་བ་རིན་པོ་ཆེ་མི་ལོ་ ༥༠ རྗེས་ལ་གཞི་ནས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ནང་ཕེབས་པ་རེད། ལོ་རྒྱུས་ཀྱི་ཚིག་ཐོ་གསར་པ་ཞིག་རེད། ང་ཚོ་ད་བར་དུ་ཁ་ནུབ་ཕྱོགས་ལ་འཁོར། གཏམ་ནུབ་ཕྱོགས་ལ་བཤད། རེ་བ་ནུབ་ཕྱོགས་ལ་བརྒྱབས་ནས་བསྡད་དེ་རྒྱ་གར་གྱིས་མཚོན་པའི་ཨེ་ཤ ཡའི་རྒྱལ་ཁབ་ཁག་གི་ནང་བོད་དོན་སྐོར་ཤེས་རྟོགས་མེད་པ་ལྟ་བུ་ཆགས་ཡོད། བོད་མི་རང་གིས་ཤེས་དགོས་པ་བཞིན་ཨེ་ཤ་ཡའི་མི་རབས་གསར་པ་དག་གིས་ཀྱང་བོད་ཀྱི་གནད་དོན་འདི་ངེས་པར་དུ་ཤེས་དགོས། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གིས་ཀྱང་བོད་དོན་འདིར་ཕྱིའི་རོགས་པ་ཞིག་གིས་ཕན་ཐོགས་དགོས་ཚེ་དེ་ནི་རྒྱ་གར་ལས་གཞན་མིན་ཅེས་ཁ་ཆེམས་བཞག་འདུག ཚོགས་གཙོས་གནད་དོན་འདིའི་ཐད་ཐུགས་བསམ་བཞེས་པའི་རེ་བ་ཡོད།

    Reply
  2. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས། སྐུ་ཉིད་ཀྱིས་འདས་པའི་ལོ་ཤས་རིང་ལྷོ་ཨེ་ཤ་ཡའི་མངའ་ཁུལ་གྱི་རྒྱལ་ས་ཆེ་ཤོས་ལྡི་ལིར་ཕྱག་ལས་གནང་ཞིང་། དེའི་རིང་འགན་ཡོད་དང་གནད་ཡོད་མི་སྣ་མང་པོ་ཞིག་ལ་འབྲེལ་བ་བཟུང་བ་རེད། དེ་བས་ད་ཆར་གོམ་པ་གསར་པ་ཞིག་སྤོ་རྒྱུ་ནི། ང་ཚོར་ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་ཡོད་པ་དང་། ཡུ་རོབ་བོད་དོན་དམིགས་བསལ་སྐུ་ཚབ་དགོས་སྐོར་འབོད་སྐུལ་ཞུ་བཞིན་པ་ལྟར། ད་སྐབས་ཁ་ཚ་དགོས་གཏུགས་ཀྱིས་དགོས་མཁོ་ཡོད་པ་གཅིག་ནི། ལྷོ་ཨེ་ཤ་ཡའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཞིག་དགོས་ཀྱི་འདུག་ལ། ལྷག་པར་ཨ་རི་དང་ཡུ་རོབ་ལ་མི་འདྲ་བར། བོད་ཀྱི་ཡུལ་བབ་སྲིད་བྱུས་ཀྱི་དབང་གིས་ལྷོ་ཨེ་ཤ་ཡའི་བོད་དོན་དམིགས་བསལ་སྐུ་ཚབ་ནི་གལ་ཆེན་དོན་ཆེན་དུ་གྱུར་འདུག་པ་དང་། མ་འོངས་པར་ཡང་བོད་མིའི་བདེ་ཐབས་དང་བོད་དོན་འཐབ་རྩོད་ཀྱི་ཕྱག་ལས་ཁྲོད་ནུས་པ་གལ་ཆེན་ཞིག་འདོན་ཐུབ་ངེས་པས། འདིའི་སྐོར་བོད་གཞུང་དང་རྒྱ་གར་གྱི་དཔོན་རིགས་ཚོའི་ནང་ཁུལ་ལ་གྲོས་མགོ་ཞིག་འཛུགས་ཐུབ་ན་དགེ་མཚན་ཆེ་བར་འདོད།

    Reply
  3. དགྲ་འདུལ། says:
    ལོ་ 17 སྔོན།

    ཚོགས་གཙོ་སྤེན་པ་ཚེ་རིང་གི་ཕྱག་ལས་ཐོག་མ་འདིར་ངོ་མ་དགའ་བསུ་ཞུ། ཧི་མ་ཅལ་མངའ་སྡེ་གཞུང་དམངས་གཉིས་ནི་བོད་ཀྱི་རྩ་དོན་འདིའི་ཤི་གསོན་ལ་ཧ་ཅང་འབྲེལ་ཡོད། ང་ཚོས་མངའ་སྡེ་འདིའི་དཔོན་རིགས་ཚོ་དང་ཡུལ་མི་རྣམས་ལ་འབྲེལ་བ་ཡག་པོ་ཞིག་འཛིན་དགོས་པ་ནི་བོད་དོན་འཐབ་རྩོད་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཐོག་མ་ཡིན།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་གི་སྐུ་ལ་གཟི་བྱིན་སྔར་བཞིན་རྒྱས་འདུག ཁོང་གི་སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་པའི་སྨོན་ལམ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese