མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བོད་ཀྱི་སྲིད་བྱུས་སྔར་བཞིན་འདུག་གི་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ལ་ཕྱི་ཚེས་ ༡༩ ཉིན་འདི་ག་གསར་ཁང་གིས་ཉིན་འདི་དག་རིང་གི་བོད་དོན་བགྲོ་གླེང་ཁག་དང༌། རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་རེ་ཟུང༌། དེ་བཞིན་ལོ་འདིའི་བོད་དོན་དང་རྒྱ་ནག་གི་འགྱུར་བ་བཅས་ལས་འཕྲོས་པའི་དྲི་བ་དག་ཅིག་བཏོན་པ་གཤམ་དུ་བཀོད་ཡོད།

དྲི་བ། ཉེ་ལམ་ནས་བོད་ཕྱི་ནང་གཉིས་ཀར་ད་ལོ་བོད་ལུགས་ལོ་གསར་མི་སར་རྒྱུའི་སྐོར་བཤད་ཀྱིན་འདུག ཡང་ཕྱི་རྒྱལ་ཁག་གི་བོད་མི་ཁག་ཅིག་གིས་ལོ་གསར་ནི་བོད་མི་རྣམས་འདུ་འཛོམས་ཀྱི་གོ་སྐབས་ཤིག་ཡིན་སྟབས་འདུ་འཛོམས་བྱ་དགོས་པར་བཤད་ཀྱིན་འདུག གཙོ་བོ་ནི་འདུ་འཛོམས་བྱུང་བ་ཡིན་ན་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་མིན་སྐོར་ལ་བསམ་བློ་གཏོང་གི་ཡོད་འདུག ཚོགས་གཙོ་མཆོག་ལ་འདིའི་ཐད་དགོངས་ཚུལ་དང་ལམ་སྟོན་འདྲ་ཡོད་དམ།
ལན། སྤྱིར་བཏང་ལོ་གསར་སྲུང་གཙི་བྱེད་པའི་གཞི་རིམ་གྱི་ལྟ་བ་འདྲ་བོ་དེ་ང་ཚོ་མིའི་རིགས་སུ་གྱུར་བ་འདི་སྤྱི་ཚོགས་ལ་བསྟེན་པ་དང་བསྟུན་ནས་འདུག་པའི་སྲོག་ཆགས་ཤིག་ཡིན་པའི་ཆ་ནས། འདུ་འཛོམས་བྱེད་པ་དང༌། ལོ་གསར་པ་སྲུང་གཙི་བྱེད་པ་དེ་འདྲ་ཞིག་རེད། དོན་ངོ་མའི་ཐོག་ནས་བལྟས་པ་ཡིན་ན་ལོ་ག྄སར་པ་སྲུང་གཙི་བྱེད་པའི་སྐབས་ལ་འདས་པའི་ལོའི་ནང་གནས་ཚུལ་ཅི་བྱུང་མཐ྄་དག་ལ་བསྐྱར་ཞིབ་བྱེད་པ་དང༌། ལོ་གསར་པའི་ནང་དུ་སྔོན་གྱི་ནོར་འཁྲུལ་མི་ཡོང་བ་སོགས་ཀྱི་ཐད་ལས་གཞི་གསར་པ་སྒྲིག་དགོས་པ་རེད། སོ་སོ་སྒེར་དང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་གང་ཡིན་ཡང་དེ་དག་ལམ་ལྷོང་ཡོང་བའི་ཆེད་དུ་སྨོན་ལམ་རྒྱག་པ་གཅིག་པུས་ཕན་གི་མ་རེད། འཆར་གཞི་སྒྲིག་དགོས་པ་རེད། རྩ་བའི་ཆ་ནས་ལོ་གསར་སྲུང་གཙི་བྱེད་པ་རང་ལ་སྐྱོན་ཡོད་པ་མ་རེད་བསམ། སྲུང་གཙི་བྱེད་སྟངས་མང་པོ་ཡོད་པ་རེད། སོ་སོའི་ནང་ལ་བསྡད་པ་ཡིན་ནའང་རེད། པ་མ་སྤུན་མཆེད་རྣམས་འཛོམས་ནའང་འདྲ། སྤྱི་ཚོགས་ཡོངས་རྫོགས་འཛོམས་ནའང་རེད། གོང་དུ་བཤད་པ་ལྟར། ལྷག་པར་དུ་ཕྱི་རྒྱལ་ཁང་ཏུ་ཡོད་པའི་བོད་རིགས་རྣམས་ཡིན་ན་ལོ་གསར་དང་འཁྲུངས་སྐར་གྱི་ཉིན་མོ་མ་གཏོགས་འཛོམས་ཐུབ་གི་ཡོད་པ་མ་རེད། ཡིན་ནའང་ནམ་རྒྱུན་ནང་བཞིན་གྱི་རྒྱས་སྤྲོས་མེད་པ་ཞིག་ངེས་པར་དུ་དགོས་པ་རེད། བྱུང་བ་ཡིན་ན་འདུ་འཛོམས་སྐབས་སྤྱི་ཚོགས་ཡིན་ནའང་རེད། གྲོགས་པོ་ནང་ཁུལ་ལ་ཡིན་ནའང་རེད། སྔར་གྱི་ལས་དོན་ཁྲོད་ཡག་སྡུག་སྣ་ཚོགས་བྱུང་བ་ལས་མུ་མཐུད་ཡར་རྒྱས་གཏོང་ཕྱོགས་དང་ནོར་འཁྲུལ་རིགས་ཡོ་བསྲང་སོགས་ལས་འཕྲོས་པའི་གོ་བསྡུར་སོགས་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད། དེ་མ་གཏོགས་ལོ་གསར་ཞེས་པ་བཀག་ནས་འགོག་ཐུབ་པ་ཡོད་པ་མ་རེད། སྔར་ལོ་བོད་ནང་དུ་ཆབ་སྲིད་རྐྱང་བ་མ་ཡིན་པར་འབྱུང་བའི་གནད་སྐྱོན་ཡང་ཐེབས་ཡོད་སྟབས། འདི་དག་གི་ཆེད་དུ་བསམ་ཤེས་བྱེད་ཐུབ་པ་དང༌། ད་ལོ་གཅིག་པུ་མ་ཡིན་པར་དུས་རྒྱུན་དུ་ནས་ལོ་གསར་གྱི་སྐབས་སུ་དེང་དུས་ནུབ་ཕྱོགས་སུ་དར་སྲོལ་ཡོད་པ་བཞིན་ལོ་གསར་པའི་དམ་བཅའ་དེ་འདྲ་འཇོག་ཐུབ་པ་ཡིན་ན་ཡག་པོ་ཡོད་པ་རེད་བསམ།

དྲི་བ། སང་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གི་ཁྲི་སྟོན་རེད། སྐབས་འདིར་འཛམ་གླིང་གང་ས་ནས་ཁོང་གི་ལས་འགུལ་གྱི་འབོད་ཚིག་ལྟར་འགྱུར་བ་རེ་ཡོང་བར་རེ་བ་རྒྱག་གིན་ཡོད་པ་རེད། ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་མུ་མཐུད་དུ་ཛ་ད྄རག་ཅིག་གི་འོག་ཡོད་སྟབས། ང་ཚོའི་ངོས་ནས་ཁོང་ལ མིགས་བསལ་གྱི་རེ་བ་རྒྱག་ཆོག་པ་དང་འོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
ལན། སང་ཉིན་སྲིད་འཛིན་ཨོ་བྷ་མ་ཁྲི་འདོན་གནང་གི་ཡོད་པ་རེད། དེ་དང་འབྲེལ་བའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁོང་མ་འཚམས་འདྲིའི་ཕྱག་འཕྲིན་ཕུལ་ཟིན་པ་ཡིན། དེའི་མཉམ་དུ་ང་ཚོས་རེ་འབོད་ཞུས་པ་ནི། ད་ལྟ་བར་དུ་ཨ་རིའི་སྲིད་གཞུང་གི་ངོས་ནས་བོད་དོན་ཐོག་རྒྱལ་ཁབ་གཞན་དང་མི་འདྲ་བའི་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་སྡད་ཡོད་པ་རེད། འདི་སྔར་ལས་ལྷག་ཅིག་གནང་ཡོང་ཐུབ་པའི་རེ་བ་ཡོད་ཅེས་ཁོང་ལ་ཞུས་ཡོད། ཡིན་ནའང་རེ་བ་ཞེད་པོ་ཤུགས་ཆེན་པོ་བྱ་རྒྱུ་དེ་ཏག་ཏག་ཅིག་ཞུ་ཐུབ་པ་མི་འདུག གང་ཡིན་ཟེར་ན་ད་རེབ་འཛམ་གླིང་གིས་ལྟ་སྟངས་མི་འདྲ་བ་ཞིག་ལྟ་བཞིན་པ་ནི་ཁོང་ཉིད་མི་རིགས་ནག་པོ་ཡིན་པ་དང༌། ཨ་རིའི་ལོ་རྒྱུས་ཐོག་མི་རིགས་ནག་པོ་ཞིག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ། དེའི་ཁར་ཁོང་ཉིད་དགུང་ལོ་གཞོན་པ་དང༌། གནས་སྟངས་ཀྱི་ཆ་ནས་ཀྱང་ཆུང་དུས་སུ་མི་རིགས་དཀར་པོའི་བྱིས་པ་མི་འདྲ་བའི་སྡུག་མྱངས་ཡོད་པའི་ལྟ་ཚུལ་གྱི་ཐོག་ནས་རེད། འོན་ཀྱང་འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་ཐོག་ནས་བལྟས་ཡོང་དུས་ད་བར་དུ་ཕེབས་པའི་ཨ་རིའི་སྲིད་འཛིན་གོང་མ་རྣམས་ཀྱིས་བོད་དོན་ལ་ཤུགས་བརྒྱབས་པ་དེ་ལས་ལྷག་ཅིག་རེ་བ་བརྒྱབས་ན་ཏག་ཏག་ཅིག་ཨེ་ཡོད་དྲན་བསྡད་ཡོད། ཡིན་ཡང་ད་ཡོད་ཀྱི་རྒྱབ་སྐྱོར་དེ་དག་མུ་མཐུད་ནས་འདུག་གི་རེད་བསམ་ཡོད། དེ་བཞིན་དུ་ཁོང་དང་མཉམ་དུ་སྲིད་འཛིན་གྱི་འོས་མིར་ཕེབས་མཁན་རྗོན་མེ་ཁན་ཡིན་ནའང་རེད། ཨོ་བྷ་ཡིན་ནའང་རེད། སྔར་ལོ་བོད་ནང་དུ་ཛ་དྲག་གནས་ཚུལ་བྱུང་བའི་སྐབས་ལ་ཁོང་གཉིས་ཀས་གདུང་སེམས་མཉམ་སྐྱེད་ཀྱི་དགོངས་ཚུལ་ཤུགས་ཆེན་པོར་གསུངས་ཡོད་པ་རེད། ཨ་རིའི་དབུ་ཁྲིད་སྤྱིའི་ཆ་ནས་བཤད་ནའང༌། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཐོག་རང་བཞིན་གྱིས་ཤུགས་རྒྱག་དགོས་པ་ཞིག་ཆགས་ཡོད་པ་རེད། འདི་ཁོང་ཚོའི་གཞི་རིམ་གྱི་ལྟ་གྲུབ་དང་འབྲེལ་བ་ཡོད་པའི་ཆ་ནས་འདི་ལྟར་ཆགས་ཡོད་པ་རེད། ཕྱོགས་གཞན་ནས་བཤད་ན། ང་ཚོས་ཨོ་བྷ་མ་ལ་རེ་བ་ག་ཚོད་ཅིག་རྒྱག་གི་ཡོད་པ་ནང་བཞིན་རྒྱ་ནག་གཞུང་དང་མི་དམངས་ཀྱིས་ཀྱང་ཨོ་བྷ་མ་ལ་རེ་བ་རྒྱག་གི་ཡོད་པ་རེད། རེ་བ་འདི་གཉིས་ཀྱི་བསམ་བློ་ལྡོག་ཕྱོགས་སུ་ཡོད་སྟབས་ལམ་སེང་སྨིན་ཐུབ་པ་དེ་འདྲ་མ་རེད། མདོར་ན། ད་བར་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་དེ་དག་མུ་མཐུད་གནས་པ་ལས་དེ་ལས་ལྷག་ཅིག་ཡོང་བར་རེ་བ་རྒྱག་གི་མེད། རེ་བ་འོས་འཚམ་ཞིག་བརྒྱབ་པ་ཡིན་ན་རྗེས་མ་བློ་ཕམ་དང་སྡུག་བསྔལ་ཆེན་པོ་འཕྲད་གི་མ་རེད་བསམ་ཡོད།

དྲི་བ། ད་སྐབས་དཔལ་འབྱོར་གྱི་ཉམས་རྒུད་འདི་འཛམ་གླིང་སྤྱིར་ཁྱབ་ཡོད་ལ། ལྷག་པར་དུ་ཨ་རི་ལྟ་བུ་ཡིན་ན་དངུལ་ཁང་རྡིབ་པ་དང༌། བཟོ་ཚོང་སྒོ་རྒྱག་པ་སོགས་ཀྱིས་ལས་མེད་ཀྱི་གྲངས་འབོད་ཡང་ཇེ་མང་རེད། དཔེར་ན། ༢༠༠༩ ལོར་ནེའུ་ཡོག་ནས་ལས་ཀ་ ༡༨༡༠༠༠ དང༌། ལོ་སི་ཨན་རྗི་ལི་ནས་ལས་ཀ་ ༡༦༤༠༠། དེ་བཞིན་ལས་ཀ་ཤོར་སའི་ས་གནས་ཁག ༧༠ ལྷག་ནི་ཚབས་ཆེ་ཤོས་ཡིན་པར་བཤད་ཀྱིན་ཡོད་པ་རེད། ཨ་རིའི་གཞུང་དམངས་གཉིས་ཀར་འདི་འདྲའི་ཉམས་རྒུད་ཅིག་སླེབས་སྐབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡང་ཨ་རིའི་གཞུང་སྒེར་གཉིས་ཀར་གང་འཚམ་རེ་བསྟེན་ཡོད་སྟབས། དཔལ་འབྱོར་གྱི་ཉམས་རྒུད་འདིས་བོད་མི་ཚོར་ཤུགས་རྐྱེན་འདྲ་སླེབས་གི་རེད་དམ།
ལན། ཤུགས་རྐྱེན་ཞེ་དྲག་ཆེན་པོ་དེ་འདྲ་ཡོང་གི་མ་རེད་བསམ། གང་ཡིན་ཟེར་ན་ང་ཚོའི་དངུལ་ཡོང་ཁུངས་དེ་གཅིག་རང་གཅིག་མ་རེད། དཔེར་ན། ཨ་རིའི་སྲིད་གཞུང་གིས་ཌོ་ལོར་ས་ཡ་གཉིས་སྤྲོད་ཀྱིན་ཡོད་པ་རེད། ཌོ་ལོར་ས་ཡ་གཉིས་ཞེས་པ་དེ་ཨ་རིའི་གཞུང་ལྟ་བུར་མཚོན་ན་དོ་ཕོག་འགྲོ་བ་དེ་འདྲ་གང་ཡང་མ་རེད། དེ་ལ་ཁྱད་པར་ཅི་ཡང་འགྲོ་གི་མ་རེད་འདོད། དེ་མ་ཡིན་པའི་སྒྲིག་འཛུགས་ཁག་དང་གང་ཟག་སྒེར་མང་པོ་ཞིག་ཡོད་སྟབས་ང་ཚོར་དོ་ཕོག་དང་ཤུགས་རྐྱེན་དེ་འདྲ་ཐེབས་གི་རེད་བསམ་གི་མེད། བཙན་བྱོལ་བོད་གཞུང་གི་རྒྱུན་གྲོན་དང་སྤྱི་ཚོགས་ཞབས་ཞུ་བཅས་ཡོད་པ་ལས་རྒྱུན་གྲོན་ཐོག་ནམ་རྒྱུན་ནས་ཕྱི་རྒྱལ་གྱི་རོགས་དངུལ་ཕོན་ཆེན་པོ་དེ་འདྲ་གཏོང་གི་ཡོད་པ་མ་རེད། གཙོ་བོ་ཞིག་སྤྱི་ཚོགས་ཞབས་ཞུའི་རིགས་རེད། འདི་ལ་ལོ་ལྟར་རྒྱ་གར་གྱི་སྒོར་མོ་ས་ཡ་ ༧༠༠ ནས་ ༨༠༠ དེ་འདྲ་གཏོང་གི་ཡོད་པ་རེད། འདི་ཕྱི་རྒྱལ་གྱི་རོགས་དངུལ་ལ་བསྟེན་ཡོད་པ་རེད། ཡིན་ཡང་འདི་ལའང་དོ་ཕོག་དེ་འདྲ་འགྲོ་གི་མ་རེད་འདོད་ཡོད།

དྲི་བ། རྒྱ་ནག་གིས་ ༣ པའི་ཚེས་ ༢༨ ཉིན་བཅིངས་འགྲོལ་གྱི་ཉིན་མོ་སྲུང་གཙི་བྱ་རྒྱུ་ཡིན་ཟེར། ལོ་འདི་བོད་མིའི་ཆབ་སྲིད་ཀྱི་ལོ་ཞིག་ཆགས་ཀྱིན་ཡོད་དུས། བོད་ནང་དུ་སྔར་ལོ་བཞིན་ཆབ་སྲིད་ཀྱི་ལས་འགུལ་དེ་འདྲ་སླེབས་པར་སྔོན་དཔག་འདྲ་གནང་གི་ཡོད་དམ།
ལན། བོད་ནང་ལོག་ལ་ ༢༠༠༨ ལོར་བྱུང་བ་དེ་འདྲ་ཞིག་འབྱུང་ཁག་པོ་རེད་བསམ་གི་འདུག རྩ་བའི་ཆ་ནས་བོད་ནང་གི་བོད་མི་ཚང་ནས་འདིའི་ཐོག་ལ་དོ་སྣང་ཏན་ཏན་བྱ་གི་རེད། བཙན་བྱོལ་ནང་ཡིན་ནའང་བཀ྄འ་ཤག་གིས་དབུ་ཁྲིད་པའི་སྒྲིག་འཛུགས་ནང་དུ་ལས་རིམ་མང་པོ་ཞིག་བང་སྒྲིག་བཞག་ཡོད་པ་རེད། བཙན་བྱོལ་དུ་ལོ་ ༥༠ འཁོར་དུས་དྲན་དང་འབྲེལ་བའི་ཐོག་ནས་འཆར་གཞི་མང་པོ་ཞིག་སྒྲིག་ཡོད་པ་རེད། བོད་ནང་དུ་ལོ་སྔོན་པར་ཞི་བའི་ངོ་རྒོལ་བྱུང་བ་ནང་བཞིན་ཞིག་ཡོང་རྒྱུ་ནི་ཕལ་ཆེར་ཁག་པོ་རེད་བསམ་གི་འདུག གང་ཡིན་ཟེར་ན་ན་ནིང་གི་ཉམས་མྱོང་ལ་བལྟས་ནས་ད་ལོ་རྒྱ་ནག་གཞུང་གིས་ད་ལྟ་ནས་དམ་དུ་གཏོང་རྒྱུ་མགོ་བཙུགས་ཚར་བ་རེད་ལ། ལྷག་པར་དུ་གསུམ་བཅུ་དུས་དྲན་གཡས་གཡོན་དང༌། ལོ་ཧྲིལ་བོ་འདིའི་ནང་གི་གཞིས་བྱེས་བོད་མི་གཉིས་ཀྱིས་སྲུང་གཙི་བྱེད་པའི་ལས་འགུལ་མཐའ་དག་ལ་དམ་དྲག་ཤུགས་ཆེ་རུ་གཏོང་གི་རེད་འདོད། ལྷག་པར་དུ་ལོ་སྔོན་མར་བོད་ནང་དུ་དོན་རྐྱེན་ཆེན་པོ་དེ་འདྲ་ཞིག་བྱུང་བ་ནས་བཟུང་ད་ལྟའི་བར་རྒྱ་ནག་ནང་ཁུལ་དུ་རྒྱལ་སྤྱིའི་གསར་འགོད་པ་འགྲོ་ཆོག་པ་བཟོས་ཡོད་ཀྱང༌། བོད་ནང་དུ་མུ་མཐུད་དམ་དྲག་བྱས་ནས་གནས་བསྡད་ཡོད་དུས་ཙམ་ལ་་ངོ་རྒོལ་ཤུགས་ཆེན་པོ་ཡོང་ཐུབ་གི་མ་རེད་འདོད། བཙན་བྱོལ་ནང་ལ་མཚོན་ན་ལས་འགཡལ་སྤེལ་བ་ཡིན་ནའང་འཆར་གཞི་ཡོད་པའི་ཐོག་ནས་སྤེལ་དགོས་པ་དེ་གནད་འགག་ཆེན་པོ་རེད། ལྷག་པར་དུ་དམིགས་བསལ་ཚོགས་ཆེན་གྱི་རྗེས་ལ་རྒྱལ་བ་རིན་པོ་ཆེས་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་སོགས་ཀྱི་ཐད་བར་གནས་ཡིན་ཅེས་གསུངས་ཡོད་པ་རེད། དེ་གསུངས་པའི་རྒྱུ་མཚན་གྱི་ཐོག་ནས་ང་ཚོས་རྒྱ་ནག་ལ་བསམ་བློ་གཏོང་བའི་གོ་སྐབས་སྤྲད་པ་ལྟ་བུ་ཞིག་རེད་བསམ་གྱི་འདུག

དྲི་བ། བོད་ནང་གི་འགྱུར་བ་ཆེ་ཤོས་ཤིག་ནི་འཚོ་བའི་ལམ་ལུགས་རེད། ལོ་ ༥༠ འཁོར་བའི་ཁ་མཚམས་འདི་ནས་བཟུང་ཆོལ་ཁ་གསུམ་གྱི་བོད་མིའི་འཚོ་བའི་ལམ་ལུགས་དེ་འབྲོག་པ་ནས་གྲོང་བརྡལ་ལ་བསྒྱུར་ཚར་གྱིན་ཡོད་པ་རེད། འདིའི་ཤུགས་རྐྱེན་སྐོར་ལ་དགོངས་ཚུལ་ཅི་ཡོད་དམ། རྒྱ་ནག་གིས་བོད་ནང་གི་འཛུགསསྐྲུན་གྱི་ཐད་ལ་བཙན་བྱོལ་བོད་མི་ཚོས་བམ་ཚུལ་འདོན་པ་དང༌། སློབ་སྟོན་བྱེད་པ། ལས་ཀར་མཉམ་ཞུགས་བྱས་ཆོག་ཚུལ་བཤད་པ་མ་རེད་དམ།
ལན། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་རྒྱལ་སྤྱིའི་གཞུང་དང་དབུ་ཁྲིད་དེ་ཚོར་གང་དགོས་ཀྱི་རོགས་རམ་ཐད་འབོད་སྐུལ་ཞུས་དང་ཞུ་བཞིན་པ་རེད། གཙོ་བོ་མིའི་བསམ་བློར་འགྱུར་བ་ཐེབས་མིན་དེ་བོད་ནང་གི་བོད་མི་ཚོར་རག་ལས་གི་རེད་བསམ་གྱི་འདུག བཙན་བྱོལ་བོད་མི་ཚོའི་ཕྱོགས་ནས་སློབ་སྟོན་དང་རོགས་རམ་ག་རེ་ཞིག་དགོས་ན་དེ་བརྒྱུད་ལམ་སོགས་ནས་ཐབས་ལམ་འཚོལ་དགོས་གི་རེད། རྒྱ་ནག་གིས་ད་ལྟ་འཛིན་པའི་སྲིད་བྱིས་དེ་ཧ་ཅང་གིས་ངན་པ་ཞིག་རེད། འདི་བོད་པའི་མི་རིགས་ཀྱི་ངོ་བོ་གནས་དང་མི་གནས་ལ་འཕྲལ་ཕུག་གཉིས་ཀ་ནས་ཉེན་ཁ་ཆེན་པོ་དང༌། ཐད་ཀར་འབྲེལ་བ་ཆགས་བསྡད་པ་དེ་འདྲ་ཞིག་རེད། བོད་ནང་གི་བོད་རིགས་བརྒྱ་ཆ་ ༧༠ ལྷག་འབྲོག་པར་བརྩི་གིནཡོད་ན། རྒྱ་ནག་གིས་ལོ་ ༥ རིང་འབྲོག་པ་བརྒྱ་ཆ་ ༨༠ ལྷག་གྲོང་བརྡལ་ལ་བསྒྱུར་གི་ཡིན་ཟེར། འདིའང་མྱུར་ཚད་ཆེན་པོ་ཞིག་གི་ཐོག་ལ་བསྡད་ཡོད་པ་རེད། འདིའི་སྐྱོན་ཆ་ནི་འབྲོག་པ་ཚང་མ་གྲོང་བརྡལ་བཟོས་ཚེ་འབྲོག་ས་ཚང་མ་གཞུང་བཞེས་གཏོང་གི་རེད། ད་སྐབས་གཞུང་བཞེས་གཏོང་སྐབས་ཁོར་ཡུག་སྲུང་སྐྱོབ་སོགས་རྒྱུ་མཚན་མང་དག་ཅིག་བགྲང་གི་རེད་དེ། དེ་རྗེས་མ་རྒྱ་ནག་གི་མི་འབོར་བོད་ས་ཁུལ་ལ་སྤོར་དུས་ཁོང་ཚོ་གཞིས་ཆགས་ས་བཟོ་གི་རེད། གཉིས་ཐད་ནས། ཆབ་སྲིད་ཀྱི་ཐད་ནས་སྟངས་འཛིན་བྱེད་བདེ་བོ་ཆགས་གི་རེད། ད་སྐབས་ལུང་པ་རེ་རེའི་འབྲོག་ཁྱིམ་རེ་རེར་དམག་མི་དང་ཉེན་རྟོག་པ་གཏོང་དགོས་ན་དཀའ་ལས་ཡོད་སྟབས། གྲོང་བརྡལ་བཟོས་པ་ཡིན་ན་སྟངས་འཛིན་བྱེད་བདེ་བ་ཆགས་གི་རེད། གནད་དོན་གཞན་ཞིག་ནི། ཐོག་མར་གསལ་བསྒྲགས་བྱས་སྐབས་དངུལ་ཕྱེད་ཀ་སོ་སོས་སྤྲད། དངུལ་ཕྱེད་ཀ་གཞུང་གིས་སྤྲོད་གི་ཡིན་ལབ་ཡོད་ཀྱང༌། ད་སྐབས་ཁང་བ་རྒྱག་པར་དངུལ་ཚང་མ་སོ་སོས་གཏོང་དགོས་ཀྱི་ཡོད་པ་རེད། གཉིས་ཐད་ནས་ལོ་ཐོག་མ་གསུམ་དེར་གཞུང་ངོས་ནས་ཕོགས་འདྲ་བོ་ཞིག་སྤྲོད་ཀྱིན་ཡོད་པ་རེད། འདི་ལ་བརྟེན་འབྲོག་པ་ཚོར་ལས་ཀ་བྱེད་པའི་གཤིས་ཀ་བརླག་འཇུག་པ་དང༌། རྗེས་མ་ཕོགས་ཐོབ་མེད་དུས་འཚོ་བ་སྐྱེལ་མི་ཤེས་པ་དེ་འདྲ་ཆགས་གིན་ཡོད་པ་རེད། འདི་ལྟར་བོད་མིའི་གཤིས་ཀར་གནོད་སྐྱོན་དང༌། ཆབ་སྲིད་ཀྱི་ཐོག་ནས་ཁོང་ཚོས་སྟངས་འཛིན་བྱེད་བདེ་བ་ཆགས་ཡོང་གི་ཡོད་དུས། གཙོ་བོ་བོད་ནང་གི་བོད་རིགས་ཚོས་བསམ་བློ་དང་རིག་པ་གྲུང་པོ་བྱེད་དགོས་པ་གལ་ཆེ་ཤོས་རེད་འདོད།

དྲི་བ། མི་མང་པོ་ཞིག་གིས་ ༢༠༠༩ ལོར་ཡང་རྒྱ་ནག་གི་འགྱུར་བ་གལ་ཆེན་རེ་ལ་རེ་བ་རྒྱག་གི་འདུག
ལན། རྒྱ་ནག་ལ་ཆབ་སྲིད་ཀྱི་འགྲོ་སྟངས་དེ་འདྲའི་སྟེང་ནས་དཀའ་ངལ་ཏན་ཏན་འཕྲད་གི་རེད་བསམ་གྱི་འདུག དཔལ་འབྱོར་གྱི་དཀའ་ངལ་དེ་ ༢༠༠༨ ལོའི་དཀྱིལ་ཙམ་ནས་འཛམ་གླིང་ལ་དཀའ་ངལ་འཕྲད་པ་ལྟར་འདིའི་ཤུགས་རྐྱེན་མངོན་གསལ་གྱིས་ཐེབས་ས་གཅིག་ནི་རྒྱ་ནག་རེད། དཀའ་ངལ་འདི་མུ་མཐུད་ནས་ལོ་གཉིས་གསུམ་རེར་འདུག་གི་རེད། འདི་ལྟར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཡོང་བ་ཡིན་ན་འདི་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་རྒྱུ་དེ་ལས་སླ་བོ་ཞེ་དྲག་ཅིག་རེད། ང་ཚོས་ལོ་རེ་ཟུང་གི་ནང་དུ་འགྱུར་བ་འགྲོ་གི་རེད་ལབ་ན་ཧམ་པ་ལྟ་བུ་རེད་དེ། འབྱུང་འགྱུར་གྱི་ལོ་ ༥ ནས་ ༡༠ རིང་ལ་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་འགྲོ་དགོས་པ་ནི་གཡོལ་ས་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་རེད་སྙམ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese