མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་གི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༠༩/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བོད་པའི་གྲོགས་པོ་ཞིག་གིས་རྒྱ་གར་སྲིད་བློན་གྱི་མཚན་ཐོག་ལ་ཁྲག་གི་ཡི་གེ་བྲིས་ཏེ། བོད་རང་བཙན་ལ་རྒྱབ་སྐྱོར་དང༌། ༧གོང་ས་མཆོག་རྒྱ་གར་གྲོས་ཚོགས་ནང་གདན་ཞུ་བྱ་དགོས་པའི་རེ་འདུན་བཏོན་ཡོད།

 

རྒྱ་གར་ལྷོ་ཕྱོགས་བྷོ་པལ་དུ་ཡོད་པའི་མཱཧ་ངྷ་མཱ་གྷན་ངྷི་བོད་རང་བཙན་ལས་འགུལ་ཚོགས་པའི་ཚོགས་གཙོ་སྨན་པ་མཱ་ཧེ་ཤི་ཡཱ་ངྷི་ལགས་ཀྱིས་ཉེ་སྔོན་སྤྱི་ཟླ་ ༡༢ ཚེས་ ༡༠ ནས་མགོ་འཛུགས་ཀྱིས་བོད་དོན་ལས་འགུལ་སྤེལ་ཏེ། ཁ་སང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལར་འབྱོར་ཏེ། དེར་ཡོད་བོད་མི་ཚོས་ཁོང་ལ་འཚམས་འདྲིའི་ཁ་བཏགས་སྒྲོན་ཏེ་དགའ་བསུ་ཞུས་སོང་།

 

ཁོང་གིས་ངྷ་སའི་རླངས་འཁོར་འབབ་ཚུགས་ནས་སོ་སོའི་ལག་པའི་སྟེང་ནས་ཁྲག་བཏོན་ཏེ། རྒྱ་གར་སྲིད་བློན་མཆོག་གི་མཚན་ཐོག་ལ། བོད་རང་བཙན་དེ་རྒྱ་གར་བདེ་འཇགས་དང་འབྲེལ་བ་ཡོད། བོད་ཀྱི་གནད་དོན་དེ་འགྲོ་བ་མིའི་ཆེད་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་བྱ་དགོས། ཏཱ་ལའི་བླ་མ་རྒྱ་གར་གྲོས་ཚོགས་ནང་གདན་འདྲེན་ཞུ་དགོས། ཞེས་བྲིས་སོང༌། ཁོང་ལ་རྒྱུས་ཡོད་ཚོས་བཤད་པ་ལྟར་ན། སྐུ་ཞབས་མཱ་ཧེ་ཤི་ཡཱ་ངྷི་ལགས་ཀྱིས་ལོ་བཅུ་གྲངས་གོང་ནས་རྒྱ་གར་གྱི་མངའ་སྡེ་དང་གྲོང་ཁྱེར་མང་པོའི་ནང་སྐོར་སྐྱོད་བྱས་ཏེ། སོ་སོའི་ཁྲག་གིས་རྒྱ་གར་སྲིད་བློན་དང་གནད་ཡོད་མི་སྣ་ཁག་གི་མཚན་ཐོག་ལ་ཡི་གེ་བྲིས་ཏེ་མང་ཚོགས་ཁྲོད་བོད་དོན་ལས་འགུལ་ཤུགས་ཆེན་སྤེལ་གྱིན་ཡོད་པ་རེད་ཟེར།

 

སྐབས་དེར་ཁོང་གིས་གསར་འགོད་པ་ཚོར་བརྗོད་དོན། ལས་འགུལ་འདི་ཉེ་སྔོན་སྤྱི་ཟླ་ ༡༢ ཚེས་ ༡༠ ནས་མགོ་འཛུགས་ཞུས་པ་ཡིན།

ད་ལོ་ནི་བོད་རང་བཙན་ཤོར་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་ཆགས་ཡོད་སྟབས། ལས་འགུལ་འདི་ཡང་ཉིན་གྲངས་ ༥༠ ལ་སྤེལ་རྒྱུ་ཡིན། བོད་ལ་རང་བཙན་མེད་ན། རྒྱ་གར་གྱི་སྲུང་སྐྱོབ་དང་བདེ་འཇགས་ཟེར་བ་དེ་ཡོང་ཐབས་མེད་པ་ཞིག་རེད། གནད་དོན་དེ་རྒྱ་གར་མི་སེར་དཀྱུས་མ་ཚོས་ཤེས་རྟོགས་ཡོང་ཆེད། ང་རང་གིས་ ༡༩༩༤ ཙམ་ནས་བོད་དོན་ལས་འགུལ་སྤེལ་བ་ཡིན། བོད་རང་བཙན་དང་བོད་པའི་བདག་དབང་བོད་པར་ཡོད་དགོས་པ་དེ་རྒྱ་གར་སྲུང་སྐྱོབ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱུ་མཚན་གནས་ལུགས་དམངས་ཁྲོད་དུ་བསལ་བཤད་བྱས་སྐབས། མི་དམངས་ཚོ་ཧ་ལས་ཤིང་ཧོན་ཐོར་ཏེ། སྔོན་ཆད་པ་ཀི་སི་ཊན་དེ་ང་ཚོའི་དགྲ་ཆེ་ཤོས་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་ལས་རྒྱ་ནག་ལ་དོ་སྣང་མེད། ད་ལྟ་རྒྱ་ནག་གིས་ང་ཚོར་ཉེན་ཁ་བཟོ་བཞིན་ཡོད་པ་དང༌། བོད་པའི་རང་དབང་དེ་རྒྱ་གར་སྲུང་སྐྱོབ་ཐད་གལ་ཆེན་ཡིན་པ་ཤེས་སོང་ཟེར་ནས། བོད་དོན་ལ་དོ་སྣང་ཡོང་གིན་འདུག་ལ། སྲིད་བློན་གྱི་མཚན་ཐོག་ལ་ཡི་གེ་ཕུལ་བ་ཡང་མང་པོ་བྱུང་སོང༌། ངས་སྔོན་མ་ནས་འདི་ལྟར་ས་གནས་ཁག་ལ་ལས་འགུལ་སྤེལ་སྐབས་སོ་སོའི་ཁྲག་གིས་རྒྱ་གར་སྲིད་བློན་ལ་ཡི་གེ་འབྲི་བཞིན་ཡོད། ཐེངས་འདིའི་ལས་འགུལ་མུ་མཐུད་དུ་སྤེལ་ཏེ་ལྡི་ལི་ནས་མཇུག་བསྡུ་རྒྱུ་ཡིན། ཞེས་བརྗོད་བྱུང༌།

 

 

 

 

 

 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 1

  1. ཁ་བ་དཀར་པོ། says:
    ལོ་ 18 སྔོན།

    རླབས་ཆེན་རེད། གན་དྷིའི་རྗེས་འཇུག་པ་འཁྲུལ་མེད་ཅིག་རེད་འདུག འདི་ལྟ་བུའི་རྒྱ་གར་བ་གང་མང་ཞིག་ཡོད་ཚེ་བོད་དོན་རྒྱ་གར་ནང་རྩ་ཡལ་དུ་སོང་མེད་ཁོ་ཐག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese