མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་།

བོད་ཀྱི་དུས་བབ།
༢༠༠༩/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༥ དང་བོད་ཟླ་དང་པོའི་ཚེས་ ༡ ཉིན་ྋགོང་ས་མཆོག་གིས་ཕོ་བྲང་གཟིམ་ཆུང་དུ་མདོ་སྨད་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་བརྩམས་པའི་སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་ཞེས་པའི་སེར་བྱེས་གྲྭ་ཚང་གི་ལོ་རྒྱུས་དེབ་ཅིག་དབུ་འབྱེད་གནང་ཡོད།

 

དེབ་དེ་ནི་བཙན་བྱོལ་བོད་གཞུང་བཙུགས་ནས་ལོ་འཁོར་ལྔ་བཅུ་འཁོར་བ་དང༌། འཕགས་ཡུལ་ལྷོ་ཕྱོགས་ཀྱི་ཆོས་གྲྭ་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་ཕྱག་བཏབས་ནས་ལོ་བཞི་བཅུ་འཁོར་བའི་རྗེས་དྲན་དང་དགའ་སྟོན་རྟེན་འབྲེལ་དུ་ སྤེལ་གནང་འདུག་ལ། དེབ་ནང་དུ་བོད་ཕྱི་ནང་གི་སེར་བྱེས་གྲྭ་ཚང་གཉིས་ཀྱི་འབྲེལ་ཡོད་པར་རིས་ཚོན་ཁྲ་ཅན་ཤོག་ངོས་ ༡༠༠ ཙམ་དང་བོད་ཡིག་ཐོག་ཤོག་ངོས་ ༥༠ ། དབྱིན་ཡིག་ཐོག་ཤོག་ངོས་ ༤༡ ། རྒྱ་ཡིག་ཐོག་ཤོག་ངོས་ ༣༠ ། ཀར་ན་ཌ་མངའ་སྡེའི་སྐད་ཡིག་སྟེང་ཤོག་ངོས་ ༧༨ བཅས་བོད་རྒྱ་དབྱིན་གསུམ་དང༌། མངའ་སྡེ་གཞུང་གི་སྐད་ཡིག་བཅས་སྐད་ཡིག་མི་འདྲ་བ་གསུམ་གྱི་སྟེང་བསྒྱུར་ཡོད་འདུག

 

ནང་གསེས་སྡེ་ཚན་གྱི་ས་བཅད་དུ། གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དང་སེར་བྱེས་མཁས་སྙན་གྲྭ་ཚང༌། འཕགས་ཡུལ་སེར་བྱེས་མཁས་སྙན་གྲྭ་ཚང༌། སེར་བྱེས་གྲུབ་ཆའི་སྡེ་ཚན། སེར་བྱེས་སློབ་གཉེར་ཁང༌། སེར་བྱེས་ཡི་དམ་རྟ་མགྲིན་ཁང་སོགས་ཉི་ཤུ་ལྷག་དང༌། དེ་དག་གི་ནང་གསེས་སྡེ་ཚན་ཉེར་ལྔ་ཙམ་ཡོད་འདུག

སེར་བྱེས་ངོ་སྤྲོད་གཏེར་གྱི་ཁ་བྱང་གི་གསལ་བཤད་དུ། སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་འདི་ཉིད་མུས་སྲད་པ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་དེ་ཉིད་ཀྱིས་ཕྱག་བཏབ་པ་ནས་མི་ལོ་ལྔ་བརྒྱ་ལྷག་ཙམ་གྱི་རིང་དགེ་འདུན་པའི་ཞལ་གྲངས་དང༌། སློབ་གཉེར། སྒྲིག་གཞི། རྟེན་དང་བརྟེན་པའི་འཛུགས་སྐྲུན། དཔལ་འབྱོར་རྟེན་གཞི་བཅས་འོག་མིན་གྱི་བཀོད་པ་དང་ཚུལ་མཚུངས་པ་དེ་ལྟར་ཡང༌། ཕྱི་ལོ་ ༡༩༥༩ ལོ་ནས་རྒྱ་ནག་གིས་བོད་མི་རིགས་རིག་གཞུང་བཅས་དང་བཅས་པ་རྩ་བརླག་ཏུ་གཏོང་བའི་སྦྱོར་ངན་རིམ་བསྟུད་དུ་བརྩམས་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ནང༌། ྋགོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་དང་ལམ་སྟོན་འོག བོད་ཕྱི་ནང་གཉིས་ཀའི་སེར་བྱེས་མཁས་སྙན་གྲྭ་ཚང་ངམ་ཡ་རབས་དང་སྙིང་རྗེའི་གྲྭ་ཚང་ཞེས་ཡོངས་སུ་གྲགས་པའི་སྣོད་བཅུད་ཀྱི་བཀོད་པ་བརྙན་པར་གྱི་ལམ་ནས་མཚོན་ཐབས་གཙོ་བོར་བྱས་ཤིང༌།

 

བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ་དང༌། སྦག་ས་ཆོས་སྒར་དུ་གནས་བཅས་པའི་ལོ་རབས་དྲུག་ཅུའི་ནང་གི་གནས་སྟངས། ལོ་རབས་བདུན་བཅུའི་ལོ་མགོར་རྒྱ་གར་ལྷོ་ཕྱོགས་མེའི་སོར་རྫོང་ཁོངས་སྦེལ་ཀོབ་བོད་པའི་གཞིས་ཆགས་སུ་གནས་སྦོར་བྱས་རྗེས་ཀྱི་འཛུགས་སྐྲུན་དང་འཕེལ་རིམ། སྔར་སྲོལ་འཆད་ཉན་རྒྱུན་འཛིན་དང༌། སྲ་བརྟན་གོང་འཕེལ། ན་ལེན་ཊའི་པཎ་གྲུབ་ཚོའི་ལེགས་བཤད་གཞི་ལ་བཞག་སྟེ། ྋརྗེ་ཡབ་སྲས་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ཡས་སྲས་ཀྱི་བསྟན་བཅོས་ཀྱིས་མིག་བྱས་ཏེ། རྒྱལ་བའི་དགོངས་པ་གཏན་འབེབས་དང་ལག་ལེན་བྱེད་པའི་བརྒྱུད་རིམ། དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པའི་ནང་ཞིང་གཤེགས་ཡོངས་གྲགས་བླ་སྤྲུལ་དགེ་བཤེས་མཁས་དབང་ཁག་ཅིག་གི་སྐུ་དཔར་སྟོང་ལ་ཉེ་བ་མང་བོ་ཞིག་ཐབས་འཚོལ་གྱིས་ལག་ཏུ་གང་ཡོང་ཕྱོགས་བསྒྲིགས་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་གཞན་ཡང༌། ཡོངས་གྲགས་ཞིང་གཤེགས་བླ་སྤྲུལ་དང་མཁས་དབང་ཁག་ཅིག་གི་སྐུ་པར་དང་ཞལ་བཞུགས་བླ་སྤྲུལ་དང་མཁས་དཔང་རེ་ཟུང་ལས་གཞན་གྱི་སྣང་བརྙན་བཅས་སྐད་བཞིར་ཕབ་བསྒྱུར་གྱི་ལམ་ནས་སྤྱི་དོན་ལྟ་བུ་ཞིག་སྟེ། ནང་དོན་རེ་རེ་བཞིན་ལྷུ་ལག་གྲོལ་དེ་ལུང་རིགས་རྒྱས་བཤད་ཀྱི་སྤྲོས་པ་བརྐྱངས་ན་ཆོས་འབྱུང་ཆེན་མོ་ཞིག་ཅེས་ཀྱང་ཡོང་ངེས་སོ། །ཞེས་གསལ་ཡོད་འདུག

 

དེབ་འདི་མདོ་སྨད་སྤྱི་ཟུར་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་བོད་ཡིག་ཐོག་བརྩམས་ཏེ། ཝཱར་ན་མཐོ་སློབ་ཀྱི་སློབ་དགེ་བློ་བཟང་ནོར་བུ་ཤཱསྟྲི་ལགས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་བ་དང༌། བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་ཡིག་དང༌། ཀར་ཎ་ཊ་ཀའི་ཡིག་སྒྱུར་ཊི་ཨེན་པུ་རུ་ཤོ་ཐཱ་མ་རཱ་ཨོ་ལགས་ཀྱིས་ཀར་ཎ་ཊ་མངའ་སྡེ་སྐད་ཡིག་ཏུ་བསྒྱུར་ཡོད་འདུག

འདི་གའི་གསར་འགོད་པ་ཨ་རིག་འགྱུར་མེད་ཀྱིས་རྒྱ་གར་ལྷོ་ཕྱོགས་བཏང་བའི་གནས་ཚུལ། 

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༨ སྔོན་ལ།
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 3

  1. དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ཁོང་ལ་བཀྲ་ཤེས་བདེ་ལེགས་ཞུ།

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    དྲ་སྤོབས་པ་མཐའ་ཡས་ལགས།
    འདས་ཟིན་པའི་ལོ་རྒྱུས་གླེང་དོན་མེད་ལ། གལ་སྲིད་ཁྱེད་ལ་ན་ཟུག་རེ་མཆིས་ཚེ་གླེང་ཡང་ཆོག

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    སེར་བྱེས་ངོ་སྤྲོད་ཨེ། སྐད་ཡིག་མང་པོར་བསྒྱུར་བ་ཡག་པོ་རེད། དེ་མིན་རང་རེ་བོད་པ་ཚང་ལ་མཚོན་ན་སེར་བྱེས་ཚང་ངོ་མ་འཕྲོད་མཁན་ཞིག་སུ་ཡོད། སེར་བྱེས་ཚང་གི་ཕ་ཆེ་རབས་དང་མ་གཉན་རབས་ཚོ་གླེང་མ་གླེང་ཡོད་མེད་མི་ཤེས། དེ་ལས་སེར་བྱེས་ཚང་གིས་བྱས་ཤིང་བསག་པའི་དཀར་ནག་ལས་ཀྱི་རི་མོ་དེ་ཚོ་མ་འཆོལ་བར་སྟོན་ཐུབ་པའི་དེབ་ཅིག་འབྲི་མཁན་རེ་བྱུང་ན་ཅི་མ་རུང་། སེར་བྱེས་ཚང་དང་འབྲེལ་བའི་སྟག་བྲག་གཡུལ་འགྱེད་སོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese