མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་པ་ནས་སླར་ཡང་སྐད་འབོད་བྱས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་རྔ་པའི་ཡུལ་ནས་དགེ་འདུན་པ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། དགོན་པའི་ཕྱི་ནང་ཀུན་ལ་དམག་མིས་བསྐོར་ཏེ་དམ་དྲག་བྱས་རྐྱེན།  ད་ལྟ་གྲྭ་བ་རྣམས་ཀྱི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་ཡོད་མི་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། མདོ་སྨད་རྔ་པ་ཇོ་ནང་བསྭེ་དགོན་ཐུབ་བསྟན་ཕྱོགས་རྒྱལ་གླིང་གི་དགེ་འདུན་པ་རྣམས་ཀྱིས། ཕྱི་ཟླ་ ༣ པའི་ཚེས་ ༡ ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌།  ད་ལྟ་རྔ་པ་ཁུལ་གྱི་དགོན་པ་མང་པོ་ཞིག་སྨོན་ལམ་འཚོགས་པའི་དུས་ཚིགས་སུ་འཁེལ་ཡོད་ནའང༌། རྒྱ་གཞུང་གིས་བཀག་སྡོམ་བྱས་ནས་སྨོན་ལམ་འཚོགས་ཆོག་གི་མེད་སྟབས། ཕྱི་ཚེས་ ༡ ཉིན་གྱི་བོད་ནང་གི་དུས་ཚོད་ ༨ པ་ཙམ་ལ་རྔ་པའི་ཇོ་ནང་བསྭེ་དགོན་ཐུབ་བསྟན་ཕྱོགས་རྒྱལ་གླིང་གི་དགེ་འདུན་པ་ཉིས་བརྒྱ་ཙམ་རང་འགུལ་གྱིས་དགོན་པའི་འདུ་ཁང་ནང་འཚོགས་འདུག་མོད། དེ་མ་ཐག་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་དུས་རྒྱུན་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་མི་སྣ་དང་ལས་བྱེད་ཚོ་ཡོང་ནས་གདུགས་དཀར་འདོན་བཞིན་པའི་མཚམས་བཅད་ཡོད་པ་དང༌། སྔོན་མ་ནས་སྨོན་ལམ་འཚོགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་ལྟར། ད་ལྟ་ཉིད་དུ་སྨོན་ལམ་མཚམས་འཇོག་དགོས་ཚུལ་བརྗོད་འདུག་པར། དགེ་འདུན་པ་ཞིག་གིས། གདུགས་དཀར་འདོན་ཚར་ན་ང་ཚོ་འཚོགས་གྲོལ་ཆོག་ཅེས་བཤད་རྐྱེན་དེ་མ་ཐག་མཚམས་འཇོག་དགོས་ཡོད་མི་འདུག   གདུགས་དཀར་འདོན་བཞིན་པ་མཇུག་མ་གྲུབ་སྔོན་དགེ་འདུན་པ་ཕལ་ཆེ་བ་ཡར་ལངས་ཏེ་ང་ཚོ་སྨོན་ལམ་ཅིའི་ཕྱིར་འཚོགས་མི་ཆོག་པ་རེད། ངེས་པར་འཚོགས་དགོས་ཡོད། ན་ནིང་ནས་ད་བར་བོད་པ་མང་པོ་ཞིག་བཙོན་འཇུག་བྱས་ཡོད་པ་ཚང་མ་གློད་གྲོལ་གཏོང་དགོས་ཀྱི་ཡོད་ཅེས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་འདུ་ཁང་ཕྱི་ལོགས་ལ་ཐོན་ཡོད་པ་དང༌། དགོན་པའི་རྒྱབ་ཀྱི་ལམ་ཆེན་ནས་ཡར་རྔ་པ་རྫོང་གི་ཕྱོགས་ལ་བསྐྱོད་དེ་ལམ་བར་གྱི་རླངས་སྣུམ་བླུག་ས་ཞིག་ཡོད་པ་དེར་སླེབས་སྐབས། རྫོང་ཐོག་ནས་དམག་མི་བརྒྱ་ཕྲག་ཁ་ཤས་ཡོང་ནས་དགེ་འདུན་པ་རྣམས་ཀྱི་མདུན་བཀག་ཅིང༌། དུས་མཚུངས་སུ་དགོན་པའི་ལས་སྣེ་དང་བླ་མ་སོགས་སླེབས་ནས་དེ་ལྟར་མ་བྱེད་རོགས་གྱིས། དམག་མི་ལ་གདོང་ཐུག་བྱས་ན་ཛ་དྲག་པོ་དང༌། གྱོང་ཆེན་པོ་ཡོང་གི་རེད་ཅེས་བཀའ་སློབ་མང་པོ་གནང་མཐར་དགེ་འདུན་པ་རྣམས་ཕྱིར་དགོན་པའི་ནང་ཕེབས་འདུག་ཀྱང༌། དམག་མི་རྣམས་ཀྱིས་དགེ་འདུན་པ་ཚོའི་རྗེས་དེད་དེ་དགེ་འདུན་པ་རྣམས་དགོན་པའི་ནང་ལ་སོང་མཚམས་སུ་དགོན་པའི་མཐའ་ཚང་མ་དམག་མིས་སྐོར་ཡོད་པ་དང༌། དེ་བཞིན་དགོན་པའི་ནང་ལ་ཡང་དམག་མི་མང་པོ་སླེབས་ནས་དུས་ཚོད་ཐུང་ཐུང་ནང་དགོན་པའི་ཕྱི་ནང་གཉིས་ཀ་དམག་མིས་བཀག་སྡོམ་ནན་མོ་བྱས་འདུག་པས། དགེ་འདུན་པ་རྣམས་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་སྟངས་དངོས་ཤེས་རྟོགས་བྱུང་ཐུབ་མི་འདུག

བསེ་དགོན་ཐུབ་བསྟན་ཕྱོགས་རྒྱལ་གླིང་ནི་རྔ་པ་ཁུལ་གྱི་ཇོ་ནང་དགོན་པ་ཆེ་ཤོས་དེ་ཡིན་པ་དང༌། དགེ་འདུན་པ་ཞལ་གྲངས་ ༧༠༠ ཙམ་ཡོད་འདུག ལོ་སྔོན་མའི་གསུམ་བཅུའི་དུས་དྲན་སྐབས་དང་དེ་རྗེས་ཕྱི་ཟླ་ ༦ པའི་ཚེས་མགོ་སོགས་ལ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྦྱར་ཡིག་བཀྲམས་པ་དང་བོད་དར་འཕྱར་བ་སོགས་བྱས་ནས་དགོན་པའི་གྲྭ་ཤག་ཡོངས་རྫོགས་སྔོག་བཤེར་དང་གྲྭ་པ་མང་པོ་འཛིན་བཟུང་བྱས་པ་མ་ཟད། ལོ་གསུམ་ཆོས་གསུམ་ལ་བཞུགས་ཡོད་པའི་དགེ་འདུན་པ་རྣམས་ཀྱང་མཚམས་ཁང་ནས་ཕྱིར་ཐོན་དགོས་པ་ལ་སོགས་པའི་གནས་ཚུལ་སྐྱོ་བོ་མང་པོ་བྱུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 4

  1. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    དངོས་གནས་བཤད་ན་དཔལ་ལྡན་ཇོ་ནང་བའི་ཆོས་བརྒྱུད་ཆེན་པོ་འདིའི་རིང་ལུགས་འཛིན་མཁན་དག་གི་སེམས་ཤུགས་ནི་བརྗོད་ག་ལ་དགོས་ཀྱང༌། ང་ཚོའི་གཞུང་ངོས་ནས་ཁོང་ཚོར་ཆོས་བརྒྱུད་ཀྱི་ཐོབ་ཐང་མ་སྤྲད་པ་འདིས་གཞིས་ལུས་ཇོ་ནང་བ་ཚོའི་སེམས་ཤུགས་མི་གཅོག་པའི་ངེས་པ་མེད།

    Reply
  2. ལྷ་་སྤྱན་གསུམ་པ says:
    ལོ་ 17 སྔོན།

    ངོ་མ་ཡག་པོ་འདུག དེའི་ནང་དོན་དངོས་དེ་ནི་གླང་དར་མ་འདས་པ་ནས་ད་པར་དུ་སུ་ཞིག་གིས་མ་རྟོགས་ལ་སུ་ཞིག་གིས་ཀྱང་མ་བཙལ། དེ་ནི་ང་ཚོ་མི་གྲལ་དུ་འགྲོ་བའི་ལམ་ཆེན་ཞིག་དང་ང་ཚོའི་དགྲ་བོ་བཙོམ་བྱེད་ཀྱི་གཟུག་མེད་པའི་མཚོན་ཆ་ཞིག་མ་རེད་དམ

    Reply
  3. ལྷ་་སྤྱན་གསུམ་པ says:
    ལོ་ 17 སྔོན།

    ངོ་མ་རེ། ང་ཚོའི་གཞུང་གིས་ཇོ་ནང་བའི་གྲུབ་མཐའ་ཆོས་བརྒྱུད་ནང་ལ་བཞག་མེད་པ་མ་ཟད་ཇ་ན་ཆོས་བརྒྱད་སྤྱི་མཚུང་གི་ཐོབ་ཐང་ཡང་སྤྲད་མེད། ཡིན་ན་ཡང་གཞི་ལུས་ཇོ་ནང་མི་མང་ནི་འཇིགས་པ་མེད་པའི་ཕ་ལམ་བཞིན་ནམ་ཡང་འགྱུར་བ་མེད་པ་མ་ཟད་ཡང་ནས་ཡང་དུ་རང་སྲོག་ལ་མ་འཛེམ་པར་རྒྱ་གཞུང་ལ་ངོ་རྒོལ་གྱི་གདོང་མཆོང་བྱེད་ཀྱིན་འདུག ངས་མིག་ལམ་དུ་ཇོ་ནང་བ་དེ་དག་བོད་གྲལ་དུ་མ་ཆུད་པའི་སྡར་མ་ཞིག་དང་། རྒྱ་་གྲལ་དུ་མ་འདུག་པའི་དཔའ་བོ་ཞིག་མཐོང་གི་འདུག

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    བཙན་གནོན་འདི་ལྟ་བུའི་འོག་ཏུ་ཡང་སྙིང་སྟོབས་ལ་ཞུམ་པ་མེད་པ་ནི་དངོས་གནས་ངོ་མཚར་འོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese