མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་གྱི་མི་ལོ་ལྔ་བཅུར་ཕྱིར་མིག་བལྟས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ས་རྒྱ་ལག་ཏུ་ཤོར་ཞིང་༧གོང་ས་མཆོག་གཙོས་པའི་བོད་མི་འབུམ་ཕྲག་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་གྱར་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་སྐབས་འདིར། བཙན་བྱོལ་བོད་གཞུང་གིས་ད་ལོའི་གསུམ་བཅུའི་དུས་དྲན་ནས་སང་ལོའི་གསུམ་བཅུའི་དུས་དྲན་བར་ལོ་འཁོར་གཅིག་རིང་ལྔ་བཅུའི་དུས་དྲན་གཟབ་རྒྱས་ཤིག་སྲུང་གཙི་ཞུ་འཆར་ཡོད་པའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད།

 

དྲི་བ། ད་ལོའི་གསུམ་བཅུའི་དུས་དྲན་ནས་བོད་པ་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གཞི་རྒྱ་ཆེན་པོ་ཞིག་གོ་སྒྲིག་བྱས་ཡོད་པའི་ཐད། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ལ་གྲ་སྒྲིག་གང་འདྲ་ཡོད་དམ།

ལན། ད་ལོ་ནས་སང་ལོའི་བར་ལོ་ཧྲིལ་བོ་གཅིག་རིང་གི་དུས་དྲན་གྱི་མཛད་རིམ་ཡོངས་རྫོགས་བཀའ་ཤག་གིས་བཞེས་ཏེ། ད་ལྟ་ལས་འཆར་གཏན་འབེབ་གནང་གྲུབ་འདུག བཀའ་ཤག་གིས་སྔོན་མ་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་བཙུགས་སྐབས། དེའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུད་ཡོད་པ་མ་རེད། ང་རང་གིས་གོ་ཚོད་ལྟར་ན། སྐབས་དེར་སྤྱི་འཐུས་རྒྱུན་ལས་ནས་བཀའ་ཤག་ལ་ཕྱག་འཕྲིན་ཞིག་ཕུལ་ཡོད་ཀྱང༌། ཐག་གཅོད་མ་བྱུང་བར་ཡུན་རིང་ཞིག་འགོར་འདུག་ལ། རྗེས་སུ་ཡང་བསྐྱར་སྤྱི་འཐུས་ཀྱིས་གོ་བསྡུར་བྱས་མཐར། ལྔ་བཅུའི་དུས་དྲན་གྱི་འགན་ཆ་ཚང་བཀའ་ཤག་གིས་བཞེས་རྒྱུ་དང༌། མཛད་འཆར་ཁག་གི་ནང་སྤྱི་འཐུས་མཉམ་ཞུགས་བྱ་དགོས་རིགས་ལ་མཉམ་ཞུགས་གནང་རྒྱུ་ཐག་གཅོད་བྱུང་འདུག ལྔ་བཅུའི་དུས་དྲན་རིང་གི་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་གལ་ཆེ་ཤོས་དེ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་ཆགས་ཡོད། དེ་མ་ཡིན་པའི་ལྔ་བཅུའི་དུས་དྲན་གྱི་ཆེད་དུ་ལས་རིམ་གཞན་མེད། གང་ཡིན་ཟེར་ན། འཛིན་སྐྱོང་བཀའ་ཤག་གི་ལས་རིམ་དང་བོད་མི་མང་སྤྱི་འཐུས་ཀྱི་ལས་རིམ་ཞེས་ཁག་གཉིས་བྱུང་ན། རྣམ་འགྱུར་ཡག་པོ་ཡོང་གི་མ་རེད།

 

དྲི་བ། བཀའ་ཤག་གིས་གསལ་བསྒྲགས་བྱས་པའི་ལྔ་བཅུའི་དུས་དྲན་གྱི་མཛད་རིམ་ཐད་ལྟ་སྟངས་གང་འདྲ་ཡོད་པ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་རང་ངོས་ནས་ལྔ་བཅུའི་དུས་དྲན་སྲུང་གཙི་ཞུ་ཕྱོགས་ཐད་དགོངས་འཆར་འདྲ་ཡོད་དམ། 

ལན། འདས་པའི་ལོ་ལྔ་བཅུའི་རིང་བོད་ཕྱི་ནང་གཉིས་སུ་ལས་འགུལ་མང་པོ་ཞིག་སྤེལ་ཡོད་པ་རེད། ཕྱི་རྒྱལ་ཁག་གི་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་ལས་འགུལ་མང་པོ་ཞིག་སྤེལ་ཡོད། ལས་འགུལ་ཇི་སྙེད་ཅིག་སྤེལ་བའི་ནང་གྲུབ་འབྲས་ཐོན་ཡོད་མེད་གཉིས་ཀ་བྱུང་ཡོད། གོ་སྐབས་འདི་བརྒྱུད་དེ་འདས་བའི་ཉམས་མྱོང་ཕྱོགས་སྡོམ་དང་བསྐྱར་ཞིབ། བླངས་དོར་ཡག་པོ་ཞིག་བྱས་ཏེ། མ་འོངས་པར་བོད་པའི་རྩ་དོན་བསྒྲུབ་ཕྱོགས་ལ་བྱེད་སྒོ་རྣམ་བཞག་ཅི་ཡོད། ལས་འགུལ་རྣམ་གྲངས་ཅི་སྤེལ་སོགས་ལ་འཆར་འགོད་དང་གྲ་སྒྲིག་བྱ་རྒྱུའི་གོ་སྐབས་རེད། མི་སྒེར་ཅིག་གི་མི་ཚེ་ནང་ལོ་ལྔ་བཅུ་ཟེར་ན་རིང་པོ་རེད་དེ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཐབ་རྩོད་ནང་དེ་ཙམ་རིང་པོ་མ་རེད། འོན་ཀྱང༌། བོད་ཀྱི་ས་རྒྱ་ཆེན་པོ་ཞིག་ཏུ་བོད་མིའི་གྲངས་ཀ་ཉུང་ཉུང་ཡིན་སྟབས། མ་འོངས་པར་ལོ་ལྔ་བཅུར་སྒུག་ཐབས་རྩ་བ་ནས་ཡོད་པ་མ་རེད། འབྱུང་འགྱུར་ལོ་བཅུ་གྲངས་ནང་བདེན་མཐའ་སེལ་ཐབས་ལ་འཆར་གཞི་སྒྲིག་དགོས་པའི་གནས་སྟངས་ཆགས་ཡོད། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང༌། ད་ལོ་ཆབ་སྲིད་ཁོ་ནའི་ཆེད་དུ་ནང་ཁུལ་གྱི་ཚོགས་འདུ་ཐེངས་ཁ་ཤས་ཤིག་འཚོགས་འཆར་ཡོད།

 

དྲི་བ། འདས་པའི་མི་ལོ་ལྔ་བཅུའི་རིང་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་རྒྱལ་གཅེས་ལྷག་བསམ་དང༌། རྩ་དོན་འཐབ་རྩོད་ཀྱི་འདུན་པ་སོགས་ལ་ངོས་འཛིན་གང་འདྲ་གནང་གིན་ཡོད་དམ།

ལན། འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་གཞུང་གིས་བོད་ནང་ལ་གཡོན་ཐལ་ཆེ་བའི་སྲིད་ཇུས་འདྲ་མིན་སྤེལ་ཏེ། བོད་མིའི་མངོན་འདོད་དང་མི་འཚམ་པའི་ལས་གཞི་སྣ་ཚོགས་བཏིང་ཡོད། འོན་ཀྱང༌། བོད་མི་ཚོས་སྙིང་སྟོབས་དང་ཆོད་སེམས་ལ་འགྱུར་བ་མེད་པར་གདོང་ལེན་ཁ་གཏད་བཅག་ཡོད། མ་འོངས་པར་ཡང་རྒྱ་གཞུང་གིས་སྲིད་ཇུས་གང་འདྲ་ཞིག་སྤེལ་ཡང༌། བོད་ནང་གི་བོད་མི་ཚོས་སྔར་བཞིན་བརྟན་རླིང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་ཧ་ཅང་གསལ་བོ་རེད། ལྷག་པར་དུ་ཉེ་ཆར་ལོ་གསར་གྱིས་མཚོན་པའི་ལས་འགུལ་དག་ལ་བལྟས་ན། འཚེ་མེད་ཞི་བའི་གནས་ཚད་ཧ་ཅང་མཐོ་བོར་སླེབས་ཡོད་པ་གསལ་བོར་རྟོགས་ཐུབ་ཀྱིན་འདུག མ་འོངས་པར་ཡང་ལས་འགུལ་གང་འདྲ་ཞིག་སྤེལ་ཡང༌། འཚེ་བ་མེད་པ་དང་དྲག་སྤྱོད་མིན་པའི་ལྟ་བ་གཞི་རྩར་འཛིན་དགོས་ལ། རྒྱ་ནག་མི་དམངས་ལ་ཕོག་ཐུག་མི་འགྲོ་བ་གནང་དགོས། ༧གོང་ས་མཆོག་གིས་ཐག་གཅོད་གང་འདྲ་ཞིག་གནང་ཡང་དེར་བོད་མི་ཡོངས་ཤར་སྐྱོད་བྱ་ཐུབ་ན། བོད་མིའི་རྩ་དོན་དེའང་རླབས་ཆེན་ཞིག་ནས་འགྲུབ་ཡོང་བའི་ཡིད་ཆེས་ཡོད།

 

དྲི་བ། འདས་པའི་བགྲང་བྱ་ལྔ་བཅུའི་རིང་གི་བོད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དེ་ད་ཆར་གནས་བབ་གང་འདྲ་ཞིག་ཏུ་སླེབས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་དམ།

ལན། ང་ཚོར་མངོན་འདོད་གང་འདྲ་ཞིག་ཡོད་པ་དེ་རྒྱ་ནག་གཞུང་ལ་གསལ་བོ་བཟོས་ཚར་ཡོད། ད་སྐབས་ང་ཚོས་མཐར་བསྐྱལ་ཚར་བ་རེད། དེ་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཆོག་གི་རེད་སྙམ། ད་བར་བོད་རྒྱ་གཉིས་སྐད་ཆ་ཐེངས་མང་བཤད་ཀྱང༌། ང་ཚོའི་མངོན་འདོད་ངོ་མ་གང་ཡིན་པ་གསལ་བོ་བཟོ་ཐུབ་ཡོད་པ་མ་རེད། སྤྱིར་ཨ་རིའི་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་བསྩལ་བའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང༌། སི་ཊ་སི་སྦག་གི་གསུང་བཤད། ཉེ་ཆར་རྒྱ་ནག་ལ་ཕུལ་བའི་རང་སྐྱོང་གི་འཆར་ཟིན་སོགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་ཀྱང༌། ང་ཚོའི་ལངས་ཕྱོགས་རྩ་བ་ཉིད་ནས་ནོར་མེད། སྔོན་མ་ལོ་བརྒྱ་ཕྲག་གི་འགྱུར་འགྲོས་དེང་སྐབས་ལོ་བཅུ་གྲངས་ནང་འགྲོ་བཞིན་ཡོད། ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་སི་ཊ་སི་སྦག་གི་གསུང་བཤད་ཀྱི་རྗེས་ལོ་ ༢༠ ཙམ་ཕྱིན་པའི་རིང་འགྱུར་བ་མང་པོ་ཞིག་ཕྱིན་ཡོད། འོན་ཀྱང༌། བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པ་དེ་རྒྱ་གཞུང་གི་མགོ་ཁྲིད་ཚོར་ཐུག་ཡོད། ཁོ་ཚོར་ཆབ་སྲིད་ཀྱི་འདུན་པ་ཞིག་ཡོད་ན། བོད་པའི་དཀའ་རྙོག་སེལ་དེ་ཞེ་དྲག་དཀའ་མོ་མ་རེད་ལ། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ཝོན་ཅ་པའོ་གཉིས་ཀྱི་རིང་ལ་བོད་ཀྱི་གནད་དོན་སེལ་བ་ཡིན་ན། རྒྱ་ནག་གི་ལོ་རྒྱུས་ནང་སྤྱི་ཚོགས་འཆམ་མཐུན་གྱི་གཞིར་རྩ་ཟིན་པ་རེད་ལ། སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་ཁ་ནས་བཤད་པ་དོན་ལ་གནས་སོང་བ་རེད།

 

དྲི་བ། བཙན་བྱོལ་བོད་གཞུང་གི་འདས་པའི་ལོ་འཁོར་ལྔ་བཅུའི་རིང་གི་ཕྱི་འགྲེལ་སྲིད་ཇུས་ཀྱི་གནས་བབ་དང༌། ཕྱི་རྒྱལ་ཁག་གི་གཞུང་དམངས་གཉིས་ཀྱི་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་གང་འདྲར་ངོས་འཛིན་བྱེད་ཀྱིན་ཡོད་དམ།

ལན། རྒྱལ་སྤྱིའི་ནང་གི་བོད་པར་རྒྱབ་སྐྱོར་དང་བོད་བཙན་བྱོལ་གཞུང་གི་ཕྱི་འབྲེལ་གྱི་གནས་བབ་དེ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད། འོན་ཀྱང༌། ང་ཚོའི་ལས་དོན་བྱེད་སྟངས་དང་ལངས་ཕྱོགས་འཛིན་ཕྱོགས་ཏག་ཏག་ཅིག་འདུག་མ་ཐུབ་པ་ཡིན་ན། རྒྱལ་སྤྱིའི་ནང་གི་རྒྱབ་སྐྱོར་བརླག་རྒྱུར་ཉེན་ཁ་ཆེན་པོ་ཡོད། རྒྱལ་སྤྱིའི་རྒྱབ་སྐྱོར་ཚད་མཐོར་སླེབས་དོན། ༧གོང་ས་མཆོག་གི་གཟི་བརྗིད་དང༌། འཚེ་མེད་ཞི་བའི་ཐབས་ལམ་བརྟན་བཟུང་བྱས་པས་རེད། དེར་བརྟེན། ཞི་བདེ་ལ་དགའ་བའི་རྒྱལ་སྤྱིའི་མི་དམངས་ཚོས་བོད་པའི་གནད་དོན་དེ་ཞི་བའི་ཐོག་ནས་སེལ་རྒྱུར་རེ་བ་རྒྱག་གིན་ཡོད། ད་ལྟའི་ཆར་བོད་གཞུང་དང་ཕྱི་རྒྱལ་ཁག་གི་འབྲེལ་ལམ་ཡག་པོ་ཡོད་ལ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་གནས་ཚུལ་ཡང་མཐོན་པོ་རེད། རྒྱབ་སྐྱོར་དེ་དག་གིས་ནུས་པ་འཐོན་གྱིན་འདུག་གམ་ཟེར་ན། བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ང་ཚོའི་རེ་བ་ལྟར་གྲུབ་འབྲས་འཐོན་མེད། སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཨང་དང་པོ་བཞག་སྟེ། བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་ཀ་བྱེད་ནུས་པ་འཐོན་པ་ཞིག གནས་སྟངས་མང་

པོ་ཞིག་གི་དབང་གིས་ཁག་པོ་ཆགས་ཡོད།

 

དྲི་བ། ཐེ་ཝན་གཙོས་པའི་རྒྱལ་ཁབ་ཁག་ཅིག་གིས་སྔོན་མ་བོད་གཞུང་དང་འབྲེལ་བ་གཏིང་ཟབ་ཡོད་ཀྱང༌། རྗེས་སུ་རིམ་གྱིས་འབྲེལ་ལམ་ཉམས་ཆག་ཏུ་སོང་ཡོད་པ་དང༌། གོ་ཐོས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་རེ་ཟུང་གིས་ཀྱང༌། བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་རབས་འདུག་པ་བདེན་པ་རེད་དམ།

ལན། ཐེ་ཝན་ནང་ཁུལ་ཀྱི་ཆབ་སྲིད་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། སྔོན་མ་དམངས་གཙོ་ཚོགས་པ་གཞུང་འཛིན་ཚོགས་པ་རེད། དེང་སྐབས་གོ་མིན་ཏང་ཚོགས་པ་གཞུང་འཛིན་ཚོགས་པ་ཆགས་ཡོད། གོ་མིན་ཏང་ཚོགས་པའི་གཞིར་རྩའི་ལྟ་གྲུབ་རྒྱ་ནག་དང་བར་ཐག་ཉེ་བོ་རེད་ཡིན་སྟབས། རང་བཞིན་གྱིས་ང་ཚོའི་བར་གྱི་འབྲེལ་བ་ཉམས་ཆག་ཏུ་འགྲོ་སྲིད་ཀྱང༌། དེར་ང་ཚོའི་ངོས་ནས་ལས་དོན་བྱ་རྒྱུ་དམིགས་བསལ་གང་ཡང་མེད། རྒྱ་ནག་གིས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱ་དགོས་ཟེར་ཡང༌། ང་ཚོས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་མིན་ཐེ་ཝན་མི་དམངས་ཀྱི་ཐག་གིས་གཅོད་དགོས་པ་ཞིག་རེད་ཟེར་གྱིན་ཡོད། དེ་མིན་རྒྱལ་ཁབ་གཞན་ལ་སྔར་འབྲེལ་བ་ཡོད་པ། ད་ལྟ་འབྲེལ་ལམ་ཆད་ཡོད་པ་དེ་འདྲ་ཡོད་པ་མ་རེད་བསམ་ཡོད། བོད་གཞུང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཁག་ནི། ཨ་རི་དང་ཡུ་རོབ་གཙོས་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་རེད། ལྷོ་ཨ་རི་དང་ཨ་ཧྥི་རི་ཁ། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་དང༌། ལྷག་པར་དུ་ཁ་ཆེ་རྒྱལ་ཁབ་ཁག་ཅིག་ཏུ་ང་ཚོས་འབྲེལ་བ་བྱེད་ཐུབ་མེད། རྒྱལ་ཁབ་དེ་དག་ཁོ་རང་ཚོའི་ནང་ཁུལ་དུ་ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་རྙོག་མང་ཐག་ཆོད་ཅིག་ཡོད་སྟབས། གཞན་གྱི་བདེ་སྡུག་ལ་ལྟ་བའི་གོ་སྐབས་ཡོད་པ་མ་རེད། ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ལ་རྒྱ་ནག་གི་ཤུགས་རྐྱེན་སླེབས་ཏེ་བོད་པར་འབྲེལ་བ་མ་བྱུང་བ་རེད།

 

དྲི་བ། བོད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་རེ་བ་རྒྱག་རྒྱུ་མཚམས་འཇོག་བྱས་ཡོད་ཀྱང༌། དེང་སྐབས་བོད་གཞུང་གིས་བསྐྱར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་རེ་འདུན་འདོན་བཞིན་འདུག་དོན་ཅི་ཡིན་ནམ།

ལན། མཉམ་འབྲེལ་རྒྱལ་ཚོགས་ནང་འགྱུར་བ་ཤུགས་ཆེན་ཞིག་མ་སོང་བར་རྒྱལ་ཚོགས་ནང་ནས་བོད་དོན་གླེང་ཐབས་མེད་པ་གསལ་བོ་རེད། མཉམ་འབྲེལ་རྒྱལ་ཚོགས་དེ་རྒྱལ་ཁབ་སྟོབས་ཆེན་ལྔས་དབང་སྒྱུར་བྱས་ཡོད། རྒྱ་གར་དང་ཉི་ཧོང་སོགས་རྒྱལ་ཁབ་ཁག་ཅིག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་འགྱུར་བ་གཏོང་རྒྱུར་རེ་བ་རྒྱག་གིན་ཡོད་ཀྱང་ནུས་པ་འཐོན་ཐུབ་ཀྱིན་མེད། སྔོན་མ་བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་ཞེས་གྲོས་ཆོད་བཞག་ཡོད་ཀྱང༌། ལག་ལེན་བསྟར་རྒྱུ་ཁག་པོ་ཆགས་ཡོད། འོན་ཀྱང༌། ང་ཚོས་རེ་བ་རྒྱག་ས་གཙོ་བོ་དེ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་བོད་དོན་བསྐྱལ་ཐབས་བྱེད་ཀྱིན་ཡོད། འོན་ཀྱང༌། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་ཆེན་པོ་བརྒྱབས་མེད་ནའང༌། སྒྲིག་འཛུགས་གལ་ཆེན་ཞིག་ཡིན་སྟབས། དུས་ནས་དུས་སུ་གནས་ཚུལ་འཁྱོལ་ཐུབ་པ་བྱ་རྒྱུ་གནད་འགག་ཆགས་ཡོད། ང་ཚོར་དེ་ལས་ལྷག་པའི་རེ་བ་ཞིག་ཁག་པོ་རེད། 

 

དྲི་བ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱི་ལས་དོན་བྱེད་ཕྱོགས་དང་ལྟ་གྲུབ་འཛིན་སྟངས་ལ་ཁྱད་པར་ཡོད་དམ།

ལན། ད་ལྟའི་ཆར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༥༠ ཙམ་ཡོད་པ་རེད། དེ་ལོ་གསུམ་རེ་མཚམས་སུ་ཚོགས་འདུ་ཐེངས་གཅིག་རེ་འཚོགས་ཀྱིན་ཡོད། མི་འགྱངས་པར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འཚོགས་འཆར་ཡོད་པ་རེད། དེར་སྔར་དང་མི་འདྲ་བར་རྒྱལ་ཁབ་མང་པོའི་འཐུས་མི་ཞུགས་རྒྱུ་དང༌། གྲོས་གཞི་དང་ལས་དོན་ལག་ལེན་བསྟར་ཕྱོགས་གྲ་སྒྲིག་བཅས་ལ་རེ་བ་རྒྱག་གིན་ཡོད། ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་མང་པོ་ཞིག་ཏུ་བོད་དོན་རྒྱབ་སྐྱོར་བ་ཡོད་ཀྱང༌། སྐབས་རེར་སོ་སོའི་ལས་དོན་གྱི་དབང་གིས་ཚོགས་འདུར་ཞུགས་མ་ཐུབ་པ་ཡོང་གིན་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཚོགས་མི་མང་པོ་འདུ་འཛོམས་ཐོག བོད་དོན་གླེང་སློང་གི་སྡིངས་ཆ་གལ་ཆེན་ཞིག་ཆགས་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཆེ་བས་ཐོག་མར་བོད་མིའི་ཆོས་དང་རིག་གཞུང་ལ་དགའ་ཞེན་སྐྱེས་ཏེ། རིམ་གྱིས་བོད་པའི་རྩ་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་ཆགས་ཡོད།

 

དྲི་བ། སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོ་ལྷན་ཚོགས་ཤིག་ཡིན་སྟབས། དུས་ནས་དུས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་ལ་འགན་འཁུར་དགོས་པ་ཆགས་ཡོད། ལྔ་བཅུའི་དུས་དྲན་དང་བསྟུན་ཏེ། ཁྲིམས་སྒྲིག་ལ་བསྐྱར་ཞིབ་དང་ལེགས་བཅོས་འདྲ་དགོས་པར་མཐོང་གིན་ཡོད་དམ།

ལན། བོད་པའི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་ཕྱིན་ཡོད་ཀྱང༌། ༧གོང་ས་མཆོག་གི་དགོངས་གཞི་ནང་ལྟར་ང་ཚོས་གོམ་པ་སྤོ་ཐུབ་ཡོད་པ་མ་རེད། སྤྱི་ལོ་ ༡༩༩༡ བོད་མི་དམངས་སྤྱི་འཐུས་སྐབས་བཅུ་གཅིག་པའི་དུས་ནས་འགྱུར་བ་ཤུགས་ཆེན་བཏང་ཡོད། ད་ལྟའི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་ལོ་ ༡༨ ཙམ་ལས་སོང་མེད། བཅའ་ཁྲིམས་ཐོག་མར་གཏན་འབེབ་བྱེད་སྐབས་ནས་བཙན་བྱོལ་གྱི་གནས་སྟངས་ལ་གཞི་བཞག་སྟེ་བཟོས་ཡོད་སྟབས། བཅའ་ཁྲིམས་སྤྱིའི་སྒྲོམ་གཞི་བོད་ནང་ལོག་རྒྱུ་མ་བྱུང་བར་འོས་འཚམ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ད་ཆར་བཅའ་ཁྲིམས་རྩིས་པའི་སྒྲིག་གཞི་ཁག ༢༢ ཙམ་ཡོད། དེ་དག་ལ་དུས་ནས་དུས་སུ་གྲོས་ཚོགས་ནས་བསྐྱར་ཞིབ་དང་ལེགས་བཅོས་བྱེད་ཀྱིན་ཡོད། སྤྱི་ཡོངས་ཀྱི་ཐོག་ནས་འགྱུར་བ་ཞིག་གཏོང་དགོས་པར་མཐོང་གིན་མེད། སྤྱི་འཐུས་གྲོས་ཚོགས་ནང་དུའང་དེ་འདྲའི་བསམ་ཚུལ་བྱུང་མ་སོང༌། འོན་ཀྱང༌། སྒྲིག་གཞི་གཏན་འབེབ་བྱེད་ཕྱོགས་དེ་ཁྱེད་ཀྱིས་གསུངས་པ་ལྟར། ཡུལ་དུས་གནས་བབ་ལ་མཐུན་དང་མི་མཐུན། ལས་དོན་དངོས་དང་འབྲེལ་བ་ཡོད་མེད་སོགས་ལ་བསྐྱར་ཞིབ་ཅིག་དགོས་པར་མཐོང་གིན་ཡོད་ལ། ཐེངས་འདིའི་གྲོས་ཚོགས་ཀྱི་རྗེས་སུ་ཟུར་དུ་ཚོགས་ཆུང་ཞིག་བཙུགས་ཏེ་ཞིབ་འཇུག་བྱ་འཆར་ཡོད།

 

དྲི་བ། བཙན་བྱོལ་བོད་གཞུང་གི་ལྷན་ཁང་མ་ལག་དང་བཅས་པའི་ལས་དོན་བྱེད་ཕྱོགས་དང༌། ཁྲིམས་སྒྲིག་གི་འགྲོ་སྟངས་སོགས་ཀྱི་ཐོག་ལ་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་ཚོའི་གོ་གནས་སྤར་བ་དང་ཕབ། གསར་དུ་བསྐོ་བ་དང་གནས་དབྱུང་གཏོང་སོགས་ནི། ང་ཚོས་གཏན་འབེབ་བྱས་པའི་གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞི་དེ་རེད། ང་ཚོ་དགའ་འོས་པ་ཞིག་ལ་ད་ལྟའི་བར་བཙན་བྱོལ་བོད་གཞུང་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞེ་དྲག་ཉུང་ཉུང་རེད། དེ་འདྲའི་ཚབས་ཆེན་གྱི་གནད་དོན་མ་བྱུང་བ་ཡིན་ན། ལས་བྱེད་གནས་དབྱུང་ཟེར་བ་དེའང་རང་བཞིན་གྱིས་མེད་པ་ཞིག་རེད། གནས་སྟངས་དེའི་གང་ཞིག་གསལ་བཤད་བྱེད་ཀྱིན་ཡོད་ཟེར་ན། བཙན་བྱོལ་གཞུང་གི་ལས་ཀ་བྱེད་མཁན་ཚོས་སོ་སོའི་ལྟོ་གོས་ཀྱི་ཆེད་མ་ཡིན་པར། ༧གོང་ས་མཆོག་དང་བོད་གཞུང༌། རྩ་དོན་བཅས་ཀྱ་ཆེད་དུ་ལྷག་བསམ་དང༌། དྲང་བདེན་ལ་གཡོ་བ་མེད་པར་ཧུར་ཐག་བྱེད་ཀྱིན་ཡོད་པ་མཚོན་ཐུབ། ལས་བྱེད་གསར་བ་དང་ལོ་ཆུང་ཚོ་གནས་རིམ་མཐོན་པོར་སླེབས་པ་དེ། ཡིག་རྩལ་བཏང་སྟེ་དྲུང་གཞོན་དང་ཟུང་གཞོན་ཆགས་པ་རེད། འོན་ཀྱང༌། གནས་རིམ་ལྟར་སོང་བ་ཡིན་ན་ལོ་བདུན་རེ་མཚམས་སུ་གནས་རིམ་འཕར་གྱིན་ཡོད། ཁོ་ལ་ཤེས་འཇོན་མེད་ཀྱང་འགྲོ་སྟངས་ཤིག་གི་དབང་གིས་གནས་རིམ་འཕར་འགྲོ་བཞིན་ཡོད། དགོས་མཁོ་ཅན་དང་དམིགས་བསལ་ཅན་གོ་གནས་སྤར་རྒྱུ་དེ་གལ་ཆེན་ཡིན་རུང་ང་ཚོའི་སྒྲིག་གཞིའི་ནང་འཇུག་ཐུབ་ཡོད་པ་མ་རེད།  མི་རབས་བརྗེ་འགྲོ་བཞིན་ཡོད་སྟབས། ལས་བྱེད་རྒན་རབས་པ་མང་པོ་ཞིག་བགྲེས་ཡོལ་དུ་ཕྱིན་ཏེ། ལས་དོན་ཉམས་མྱོང་གིས་མ་འདང་བ་ཏན་ཏན་ཡོང་གིན་འདུག དེ་དག་འགྱུར་བ་གཏོང་རྒྱུ་དཀའ་ངལ་ཞིག་འཕྲད་ཡོད་ས་རེད།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

སྐར་མ ༨ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༤ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༧ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese