མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་རང་སྐྱོང་གི་ཐོབ་ཐང་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་བློ་དབང༌།

བོད་ལ་རང་སྐྱོང་གི་ཐོབ་ཐང་ཡོད་དམ། ཡང་ན་བོད་ཀྱི་རང་སྐྱོང་གི་ཐོབ་ཐང་ཞེས་པ་གང་འདྲ་ཞིག་ཡིན་ནམ། རང་རེའི་ཆབ་སྲིད་པ་ཚོས་བོད་ཀྱི་རང་སྐྱོང་ཐོབ་ཐང་གི་སྐོར་བཤད་དུས་བཙན་པོའི་རྒྱལ་རབས་ནས་བཟུང་བའི་ལོ་རྒྱུས་ཤིག་བཤད་ཀྱི་ཡོད་ལ། ཡང་ན་རྒྱ་ནག་དང་མི་འདྲ་བའི་བོད་ཀྱི་ཁྱད་ཆོས་དག་གླེང་གི་ཡོད། རང་སྐྱོང་གི་ཐོབ་ཐང་དངོས་ནི་འདས་པའི་ལོ་རྒྱུས་ཁྲོད་མེད་ལ་འཚོ་བའི་གོམས་སྲོལ་ཁྲོད་ཀྱང་མེད། འདས་པའི་བྱུང་རབས་ཁྲོད་ཀྱི་ཐོབ་ཐང་དེ་ཡབ་མེས་ཚོའི་ཡིན་ལ། འཚོ་བའི་གོམས་སྲོལ་དང་སྐད་བརྡ་མི་འདྲ་བ་ཙམ་ནི་རང་སྐྱོང་གི་ཐོབ་ཐང་ཞིག་ཏུ་གཏན་ནས་བརྩི་མི་འོས།  མདོར་ན་རང་སྐྱོང་གི་ཐོབ་ཐང་ཞེས་པ་ནི་གདོད་མ་ནས་ཡོང་བའི་ལྷན་སྐྱེས་ཤིག་མིན་པར་དཀའ་སྤྱད་འབལ་རྩོལ་གྱིས་བསྐྱེད་པའི་ཐོན་འབྲས་ཤིག་ཡིན་འོས། རང་སྐྱོང་གི་ཐོབ་ཐང་ཡོད་དུ་གྱུར་ན་དེ་ནི་གཞན་གྱི་འཕྲོགས་ཆོག་པ་ཞིག་མིན་ལ་འཕྲོགས་ཐུབ་པ་ཞིག་དེ་བས་ཀྱང་མིན། གལ་སྲིད་རང་སྐྱོང་གི་ཐོབ་ཐང་གཞན་གྱིས་འཕྲོགས་པའམ་ཤོར་སོང་ན། དེ་ནི་རང་སྐྱོང་གི་ཐོབ་ཐང་མེད་པའི་རྒྱུ་མཚན་བླ་ན་མེད་པ་དེ་ཡིན་ངེས།  གང་ལྟར་ཡང་ད་ལྟ་བོད་གཞིས་བྱེས་གང་ལ་ལྟོས་ཀྱང་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཞིག་གཏན་ནས་མཐོང་མི་ཐུབ།  རང་རེའི་ལོ་ངོ་ལྔ་བཅུའི་རང་གི་བདག་དབང་འཐབ་རྩོད་ཁྲོད་རང་སྐྱོང་གི་ཐོབ་ཐང་མ་ལོན་པ་དེས་ཀྱང་རང་ཅག་ལ་རང་སྐྱོང་གི་ཐོབ་ཐང་མེད་པ་གསལ་སྟོན་བྱེད་ཀྱི་ཡོད། གལ་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་མེད་ཅིག་ཡོད་དབང་དུ་བཏང་ན་ཚེ་སྲོག་གཏའ་མར་བཞག་པའི་འཐབ་རྩོད་འདི་དག་དགོས་མཁོ་མེད་པ་ཞིག་རེད། ད་ལྟ་གཞིས་བཞུགས་བོད་མི་རྣམས་ཀྱིས་ཐབས་ཟད་འུ་ཐུག་གི་བློས་གཏོང་འདི་རྒྱ་ནག་སྲིད་གཞུང་གི་ཁ་གཏད་དུ་ལངས་པའི་ཞུམ་པ་མེད་པའི་འགོག་རྒོལ་ཞིག་ཡིན་པ་སྨྲོས་མེད་དང༌། དེ་བས་ཀྱང་གལ་ཆེ་བའི་ནང་དོན་ཞིག་ཡོད་པ་ནི། བོད་པའི་མཁས་པར་རློམ་པ་ཚོར་དུས་ལ་བབས་པའི་རེ་འབོད་དྲག་པོ་ཞིག་བཏང་བ་དེ་རེད། ད་ལྟ་བོད་ཕྱི་ནང་གཉིས་ཀར་མཁས་པར་སྒྲོག་པ་དང་ཤེས་ལྡན་པར་འབོད་པ་གྲངས་མེད་ཅིག་ཡོད་ན་ཡང༌། མཐར་གཏུགས་པའི་ཡོན་ཏན་ནི་རྩོམ་ཡིག་རེ་འབྲི་བ་དང་གཞུང་ཚན་རེ་འཆད་ཁྲིད་བྱེད་ཤེས་པ་ཙམ་རེད། ད་ལྟ་རང་ཅག་ལ་ཡོད་པའི་རང་སྐྱོང་གི་ནུས་ཤུགས་འདི་འདྲ་ཞིག་གིས་དུས་རབས་ཀྱི་འགྱུར་ལྡོག་དང་མིའི་སྤྱི་ཚོགས་ཀྱི་འཕེལ་འགྱུར་གློག་ལྟར་མྱུར་བའི་ནང་ཇི་ལྟར་རང་སྐྱོང་བྱ་རྒྱུ།  གནའ་ནས་ད་ལྟ་བར་འཇགས་པའི་གོམས་སྲོལ་ཞིག་སྟེ། བསྟན་བཅོས་བརྩམས་པ་ཆེས་མང་ན་མཁས་པར་བརྩི་བ་དང་སུ་ཞིག་མཁས་པར་གྲགས་པ་ན་ཐམས་ཅད་ཀྱིས་ཡིན་ཤག་ཤག་གིས་བཀུར་རྐྱང་དང་མཆོད་རྐྱང་བྱེད་པ་འདིས། ངོ་ཚ་མེད་པའི་བརྫུ་བག་ཅན་ཆེས་མང་པོ་ཞིག་ཤེས་ཡོན་པ་དང་མཁས་དབང་ཞེས་པའི་མིང་བྱང་འོག་ཡོད་ལ། ཁོ་ཚོས་ནི་ཕྱི་རབས་པའི་ཤེས་རབ་དང་འཕེལ་རྒྱས་ལ་ཟ་ཟུར་མང་པོ་ཞིག་ནས་བཅོམ་བརླགས་བྱེད་ཀྱི་ཡཽད། གནས་སྟངས་འདི་ནི་དགོན་པ་དང་སློབ་གྲྭ་སོགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་སའི་ཁོར་ཡུག་ཡོངས་ལ་ཁྱབ་ནས་ཡོད། དུས་རབས་ཀྱི་རྒྱུན་ཤེས་ཙམ་ལ་ཡང་མགོ་བོ་ནག་འཐོམ་མེར་ཡོད་ན་ཡང་ང་ནི་མཁས་སོ་སྙམ་པའི་འདུ་ཤེས་དེས་དུས་ནམ་ཡང་རང་ཉིད་ལ་ཚད་གཞི་ཞིག་རྙེད་ཀྱི་མེད། དེ་འདྲའི་ཁོར་ཡུག་ཅིག་མུ་མཐུད་པའི་དབང་གིས་རང་ཉིད་རང་གིས་སྐྱོབ་པའི་ཐོང་ཐང་དེ་ང་ཚོ་དང་བར་ཐག་ཆེས་རིང་བར་གྱུར་བ་རེད། ཞིབ་ཏུ་སོམས་དང༌། ང་ཚོས་རྗོད་བཞིན་པའི་རང་སྐྱོང་ཞེས་པ་ནི་མི་སྒེར་བ་གཅིག་གི་མི་ཚེར་གོ་བ་མ་ཡིན་པར་མི་རིགས་ཧྲིལ་བོའི་འཚོ་བའི་འགན་ཁུར་དང་དེའི་འཕེལ་རྒྱས་ལ་གོ་དགོས་པ་ཞིག་རེད། གལ་སྲིད་རྒྱ་མི་རིགས་ཀྱིས་ཤེས་ཐུབ་པའི་ཤེས་བྱ་དང་བྱ་ཐུབ་པའི་བྱ་བ་དག་གི་བརྒྱ་ཆའི་བཅུ་ཙམ་བོད་མི་རིགས་ཀྱིས་ཀྱང་དེ་བཞིན་ཤེས་པ་དང་བྱེད་ཐུབ་ཀྱི་ཡོད་ན། བདག་དབང་གཞན་ལ་ཤོར་བའི་སྐྱོ་གནས་འདི་གཏན་ནས་འབྱུང་མི་སྲིད་ལ། བྱུང་ཟིན་པའི་དབང་དུ་བཏང་རུང་འཐབ་རྩོད་ཀྱི་རྣམ་འགྱུར་ཆུང་ཙག་རེས་ཀྱང་བདེ་བླག་ངང་ལེན་ཐུབ་ངེས་རེད། དམག་དོན་དང་ཆབ་སྲིད་ཀྱི་ཐད་ནས་རྒྱ་ནག་གུང་ཁྲན་ཏང་ལ་ངན་ཁག་འགེལ་ཁུལ་བྱས་ཆོག་ཀྱང༌། ལོ་ངོ་ལྔ་བཅུའི་རིང་གི་རྒྱུ་ཆ་གསོག་སྒྲུབ་ཁྲོད་ཅི་ཞིག་རྙེད་ཡོད་དམ། རང་སྐྱོང་ཞེས་པ་ནི་མི་ཡོད་པ་ཙམ་གྱིས་ཡོད་འགྲོ་བ་ཞིག་ག་ལ་ཡིན། ས་ལ་འཛུགས་ཆོག་ཆོག་གི་རྐང་བ་བརྟན་པོ་ཞིག་མེད་ན་དུས་ནམ་ཡང་གཞན་དབང་ལས་ཐར་ས་མེད་པ་ནི་དངོས་པོའི་ཆོས་ཉིད་ལས་མ་འདས་པས། རང་བཙན་གྱི་འབོད་སྒྲས་གནམ་ས་འགེངས་པར་བྱས་ཀྱང་མིད་པ་འགག་པའི་སྡུག་ལས་ཙམ་རེད། དེ་ལས་མཐུན་རྐྱེན་ཡོངས་སུ་ཚང་བའི་ཁོར་ཡུག་འདི་ལ་བརྟེན་པའི་སྟོབས་ཤུགས་གསོག་སྒྲུབ་དང༌། རང་སྐྱོང་གི་མེ་སོན་རང་སྟེང་ནས་སྦར་ཐབས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་འགན་ཁུར་ཞིག་ཏུ་མཐོང༌། དོན་དག་འདིའི་སླད་དུ་ྋགོང་ས་རྒྱལ་བ་རིན་པོ་ཆེས་བགྲང་བྱ་བཅུ་ཕྲག་འགའི་ཡར་སྔོན་ནས་གཞུང་སྒེར་གྱི་སློབ་གྲྭ་དང་དགོན་པ་ཁག་ལ་ཐུགས་སུན་པའི་བར་དུ་བསླབ་སྟོན་མཛད་ཡོད་ན་ཡང༌། རང་རེའི་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གི་ཆེད་ལས་སློབ་མ་རྣམས་ལ་ལྟོས་དང༌། ཉི་མ་རྩེ་ཤར་ལ་རྩེད་འཇོ་དང་རྣམ་གཡེང་གི་ངང་ནས་ཉི་མ་སྐྱེལ་ཞིང༌། དུས་བཅད་ལྟར་གྱི་བཤུས་རྩོམ་རྣམས་གྲུབ་རྗེས་ཆེད་ལས་ཐོན་སོང་བ་དང༌། རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བྱས་ཟིན་པར་རློམ་གྱི་ཡོད། ད་དུང་ལྟོས་དང་ཤེས་རིག་ལས་ཁུངས་ཀྱིས་ཆེད་ལས་པར་གོ་སྒྲིག་བྱས་པའི་སྦྱང་བྱ་ནི། གླུ་ལ་གཞས་དང་ཁེད་གབ་ཚིག  མདའ་མདུང་དར་ཚུལ་སོགས་གཞིས་ལུས་རྣམས་ཀྱིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ནས་བཟུང་གླེང་ཟིན་པ་དང་བཅད་ཟིན་པའི་གྲུབ་དོན་རྐྱང་རྐྱང་རེད། མ་འོངས་པའི་དུས་རིམ་ནང་མི་རིགས་རང་སྐྱོང་གི་གཞི་རྟེན་ལ་ཆེད་ལས་པ་ཚོས་འདི་འདྲ་རེ་སྦྱངས་ཤིང༌། མཁས་མིང་བ་ཚོས་བསྟན་བཅོས་རྙིང་བ་དག་གི་ཚིག་སྣ་བསྡུས་པའི་བརྐུས་རྩོམ་རེ་སྤེལ་བ་དང༌། གཞོན་ནུ་བློ་སྟོབས་ཅན་ཚོས་ཀྱང་ཚོད་མེད་ཀྱིས་སྡུག་གཏམ་རེ་རྩོམ་དུ་བསྒྲིགས་ཐུབ་སོང་ན། ད་གཟོད་མི་རིགས་རང་སྐྱོང་གི་རྨང་གཞི་རྙེད་སོང་བ་ག་ལ་ཡིན། ངས་བསམ་ན་དོན་དངོས་མིའི་སྤྱི་ཚོགས་དང་ཐད་ཀར་འབྲེལ་བའི་རང་སྐྱོང་དང༌། མི་རིགས་ཤིག་ལ་ངེས་པར་ཡོད་འོས་པའི་ལ་རྒྱ་ཞེས་པ་དེ་ནི་ད་དུང་རང་ཅག་དང་རྒྱང་ཐག་རིང་ལ། གཞིས་ལུས་ཚོས་ཚེ་སྲོག་གི་འབོད་སྒྲ་མཐོན་པོ་དེས་ཀྱང་ང་ཚོ་དཀྲོགས་ཐུབ་ཀྱི་མེད་པ་འདྲ། འདིའི་རྒྱུ་རྐྱེན་ཡང་མཐར་གཏུགས་ན་མཁས་པར་གྲགས་པའི་འགྱིང་ཉམས་ཅན་ཚོ་ལ་ཐུག་ཅིང༌། ཁོ་ཚཽས་མིང་ཆེན་པོ་རེའི་ཕྱི་ཤུན་གྱོན་ཏེ་རྟ་ལམ་བོང་བུས་འགོག་པ་དང༌། ན་གཞོན་ཚོར་འདག་ཐབས་དཀའ་བའི་ངན་ཤུགས་རྫོབ་རོ་དག་བགོ་བཞིན་ཡོད། དཔེར་ན། དུས་རབས་ཀྱི་འགྱུར་ལྡོག་མ་མཐོང་བའི་རྗེས་ལུས་ཀྱི་བསམ་བློ་དང༌། དངོས་ཡོད་ཀྱི་འཇིགས་དངངས་མི་ཚོར་བའི་བག་ཕེབས་ཀྱི་རྣམ་འགྱུར། བྱ་གཞག་ལ་གསོན་ཤུགས་མེད་པའི་སྒྱིད་ལུག་གི་རང་བཞིན་སོགས་ཀྱིས་སྤྱི་ཚོགས་ཧྲིལ་བོ་ཐལ་བའི་རྡུལ་དུ་རློག་བཞིན་པའི་མི་ཚད། གནའ་རྩོམ་གཅོད་གཏུབ་ཀྱི་རྩོམ་ཡིག་བྲིས་ན་མཁས་མིང་ཐོབ་པ་དང༌། བཅོས་མའི་བརྫུ་བག་གི་རྣམ་པས་བཀུར་སྟི་འདྲེན་པ། ཁྱོད་མཛེས་ང་ཡག་གི་བསྟོད་པས་ལམ་འགྲོ་སྟེར་བ་སོགས་ཀྱིས་ཀྱང་རྗེས་རབས་པ་ཚོར་རང་གཤིས་དང་འགན་ཁུར་མི་དགོས་པའི་བསླད་སྐྱོན་སྐྱག་དྲི་བྲོ་བ་དག་བགོ་བཞིན་ཡོད། ང་ཚོའི་མི་རིགས་ཀྱིས་རང་སྐྱོང་ཐོབ་ཐང་དངོས་གནས་ཤིག་རྩོད་ལེན་བྱེད་དགོས་ན། ཐོག་མའི་གོ་རིམ་ནི་མཁས་མིང་ཁུར་བའི་བརྫུ་བག་ཅན་ཚོའི་གདོང་པགས་གསལ་རྗེན་དུ་བཤུས་ཏེ། ཁོ་ཚོར་དགོས་མཁོ་ཡོད་པའི་གནའ་རྩོམ་གཅོད་གཏུབ་ཁང་ཞིག་བཙུག་ཀྱང་ཆོག་ལ། ད་ལྟ་སྤྱི་ཚོགས་ཁྲོད་དུ་ནམ་ཉིན་ལྟོས་མེད་ལ་དཀའ་ངལ་གྱི་ཁྲོད་ནས་ལངས་ཤིང༌། ལྷག་བསམ་དང་བརྩོན་འགྲུས་ཀྱི་མེ་འབར་བ་ཚོར་གོ་སྐབས་གསར་བ་ཞིག་སྤྲད་དེ། ཁོ་ཚོས་མི་རིགས་ལ་བཅངས་པའི་སྤྱི་སེམས་དང་མ་འོངས་པར་རེ་བའི་མིག་ཞགས་རིང་དུ་རྐྱོངས་པར་མཐུན་རྐྱེན་བླ་ལྷག་ཏུ་བསྐྲུན་པའི་དུས་ལ་བབས་འདུག་པར་སྙམ། གལ་སྲིད་མུ་མཐུད་ནས་སྒྱིད་ལུག་དང་རང་མཐོང་གིས་ཀུན་ནས་སྦགས་པའི་མཁས་བརྫུ་ཚོར་གོང་བཀུར་གྱིས་བསྡད་ཚེ་ངེད་ཅག་གི་རང་སྐྱོང་ནི་ནམ་མཁར་བཞད་པའི་མེ་ཏོག་ལ་སྨོན་པ་ལས་མ་འདས་སོ། །

༢༠༠༩་ ༣  ༢༧ ཉིན།

 

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese